བརྗེ་འགྱུར།
༡
ཁྱེད་ཡོང་བས
ཁོ་བུད་སོང
ཁོ་སོང་རྗེས་ཀྱི་མཁའ་རླུང་འཁྱག་པོ་དེ
ཐེངས་གཅིག་རྔུབ་རྗེས
མིག་ཆུ་རྡོག་ཅིག་ལྟར
འཐོར་སོང་དུས
སར་ལྷུང་འདུག
༢
ད་དུང་མག་མོག་གི་རྐང་རྗེས་ཤིག་ཀྱང་་་་་་
༣
སྤྲིན་པ་ཞིག་གི་ལྡོག་རྒྱུའི་ཚེ
ཆར་ཆུ་ཞིག་གི་དུས་ཡུན་ཅི་ཙམ་ཐུང་ཡང
སེམས་ཀྱི་རལ་གྲིས་བཅད་པའི་ཁྲག་རྩ་ལས
གསར་རྒྱུ་བྱུང་བའི་ཆར་གྱི་ཐིགས་པ་རེ་རེ
རྨི་ལམ་རློན་པ་ཞིག་གི་འཛུམ་མདངས
ད་དུང་ལམ་ཁ་གསར་བ་རེ་ཡིན་སྲིད་དམ
༤
ལོ་དང་ཟླ་བ་ཞིག་གི་རྗེས་སུ
ཁྲག་རྣག་གིས་བཞེངས་པའི་མེ་ཏོག་ཅིག
ས་བོན་ཞིག་གི་འཁྲུངས་ཤུལ་ནས
ཨམ་ཚུགས་ཀྱིས་འགྲེང་དུས
སེམས་རྩ་ནས་རྒྱུ་བའི་ཆུ་ཡི་ཐིགས་པ་རེ་རེས
གཏམ་རྒྱུད་ཅིག་གི་འགོ་ཁུངས་བཟུང་ནས
ལྗང་མདོག་གི་ཁུ་བའི་ཁྲོད་ཐིམ་སོང
2014.9.22
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།