ལམ་གྱི་ཟིན་བྲིས།

སྒྲོག་ནག༼ མགོ་ལོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-03


            ༡.ལན་གྲུ་རླངས་འཁོར་ས་ཚིགས།

རླངས་འཁོར་ས་ཚིགས་ལ་ཐོན་དུས
ཁེར་རྐྱང་གི་རྡོག་སྒྲ་མིག་ཁར་ལྷུང་སོང
རྒྱང་རིང་གི་དུས་ཚོད་ནང་དུ
རོལ་དབྱངས་སྒུག་པའི་མི་དག་སྣང་བས་དབྱིངས་སུ་འགྲོ

ཨར་འདམ་གྱི་ཐང་ཆེན་སྟེང་དུ
ཉི་འོད་ལ་ཕྱི་ཐུམ་བརྒྱབ་པའི་ལག་པ་མང་པོ་འདུག

སྐར་མ་གཅིག་གི་རིང་ལ
ཕ་ཡུལ་ཐེངས་བརྒྱ་ཙམ་ཡིད་ལ་ཤར་ཞིང
སུས་ཀྱང་མི་ཚོར་བའི་འཕྲིན་པའི་གཏིང་རིམ་སྒུལ་བྱུང
         ༢༠༡༤.༡༠.༢༩རླངས་འཁོར་ས་ཚིགས་སུ་སྦྱར།

             ༢.ས་འོག་གི་གཞུང་ལམ།

ང་ཚོའི་ཆགས་སྡང་ཁུར་བའི་རེས་འཁོར་ནི་སྦྲུལ་ཞིག་ཡིན
རི་བོ་ཞིག་གི་ཁོག་ལ་འཛུལ་ནས་འཆར་གཞི་ཁོ་ན་དྲན་གྱིན་འདུག
དུས་ཚོད་ཀྱིས་མ་ཟིན་པའི་ཁྱོད་ཀྱི་འཛུམ་མདངས
གཙང་བོའི་རླབས་བཞིན་འདུས་ཏེ་བརླགས
སྐབས་དེར
སྡུག་བསྔལ་ཤིན་ཏུ་ལྕི་བའི་བུ་མོ་ཞིག་གཉིད་ལས་སད

བརྡ་རྟགས་ཆད་རྗེས
ཤེལ་སྒེའུ་ངོས་སུ་མུན་པའི་ཐ་གུ་དང་དེའི་གྲིབ་མ་དཔྱངས
ཡོལ་རས་ངོས་ཀྱི་རི་མོ་མི་མངོན་པར་གྱུར
རྒྱབ་ཀྱི་མི་དེས་བྲེལ་འཚུབ་ཀྱིས་ནང་དུ་ལག་པ་བསྲིངས་བས
ལྷིང་འཇགས་ཅིག་ཕར་ལ་བསྐྱལ་སོང

ངས་ཀྱང་ཐ་སྙད་ཀྱི་རྣམ་ཤེས་དྲན་ཏེ
རང་གི་ཆུང་མར་འཁྲུལ་བའི་སྙན་ཚིག་འདི་གུ་ཡངས་གནང
       ༢༠༡༤.༡༠.༣༠རེས་འཁོར་ནང་དུ་སྦྱར།

             ༣. ལམ་གྱི་ན་ཚ།

ཉེ་འགྲམ་གྱི་མི་དག་ངལ་དུབ་ཀྱིས་བཟི་རྗེས
བརྩེ་དུང་གི་གླུ་གཞས་རིང་མོ་ཞིག
ལམ་གྱི་རླུང་བུ་འཁྱག་པ་དག་གི་དབྱངས་འགྲོས་སུ་གྱུར

རྒྱུས་མངའ་མེད་པའི་རི་ཆུ་མང་པོ་ཞིག་གི་རྨ་ཁ
ཡུན་རིང་ལ་ངས་ནང་སེམས་འཁྱག་པ་བཏབ་པའི
ས་བོན་དུ་སྐྱེས་ཏེ་ལངས
      ༢༠༡༤.༡༠.༣༠ཉིན་སྦྱར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ་གྱི་ཟིན་བྲིས།

2015-03-03 སྒྲོག་ནག༼ མགོ་ལོག༽ ཀློག་གྲངས། མཆན ཡོད།


            ༡.ལན་གྲུ་རླངས་འཁོར་ས་ཚིགས།

རླངས་འཁོར་ས་ཚིགས་ལ་ཐོན་དུས
ཁེར་རྐྱང་གི་རྡོག་སྒྲ་མིག་ཁར་ལྷུང་སོང
རྒྱང་རིང་གི་དུས་ཚོད་ནང་དུ
རོལ་དབྱངས་སྒུག་པའི་མི་དག་སྣང་བས་དབྱིངས་སུ་འགྲོ

ཨར་འདམ་གྱི་ཐང་ཆེན་སྟེང་དུ
ཉི་འོད་ལ་ཕྱི་ཐུམ་བརྒྱབ་པའི་ལག་པ་མང་པོ་འདུག

སྐར་མ་གཅིག་གི་རིང་ལ
ཕ་ཡུལ་ཐེངས་བརྒྱ་ཙམ་ཡིད་ལ་ཤར་ཞིང
སུས་ཀྱང་མི་ཚོར་བའི་འཕྲིན་པའི་གཏིང་རིམ་སྒུལ་བྱུང
         ༢༠༡༤.༡༠.༢༩རླངས་འཁོར་ས་ཚིགས་སུ་སྦྱར།

             ༢.ས་འོག་གི་གཞུང་ལམ།

ང་ཚོའི་ཆགས་སྡང་ཁུར་བའི་རེས་འཁོར་ནི་སྦྲུལ་ཞིག་ཡིན
རི་བོ་ཞིག་གི་ཁོག་ལ་འཛུལ་ནས་འཆར་གཞི་ཁོ་ན་དྲན་གྱིན་འདུག
དུས་ཚོད་ཀྱིས་མ་ཟིན་པའི་ཁྱོད་ཀྱི་འཛུམ་མདངས
གཙང་བོའི་རླབས་བཞིན་འདུས་ཏེ་བརླགས
སྐབས་དེར
སྡུག་བསྔལ་ཤིན་ཏུ་ལྕི་བའི་བུ་མོ་ཞིག་གཉིད་ལས་སད

བརྡ་རྟགས་ཆད་རྗེས
ཤེལ་སྒེའུ་ངོས་སུ་མུན་པའི་ཐ་གུ་དང་དེའི་གྲིབ་མ་དཔྱངས
ཡོལ་རས་ངོས་ཀྱི་རི་མོ་མི་མངོན་པར་གྱུར
རྒྱབ་ཀྱི་མི་དེས་བྲེལ་འཚུབ་ཀྱིས་ནང་དུ་ལག་པ་བསྲིངས་བས
ལྷིང་འཇགས་ཅིག་ཕར་ལ་བསྐྱལ་སོང

ངས་ཀྱང་ཐ་སྙད་ཀྱི་རྣམ་ཤེས་དྲན་ཏེ
རང་གི་ཆུང་མར་འཁྲུལ་བའི་སྙན་ཚིག་འདི་གུ་ཡངས་གནང
       ༢༠༡༤.༡༠.༣༠རེས་འཁོར་ནང་དུ་སྦྱར།

             ༣. ལམ་གྱི་ན་ཚ།

ཉེ་འགྲམ་གྱི་མི་དག་ངལ་དུབ་ཀྱིས་བཟི་རྗེས
བརྩེ་དུང་གི་གླུ་གཞས་རིང་མོ་ཞིག
ལམ་གྱི་རླུང་བུ་འཁྱག་པ་དག་གི་དབྱངས་འགྲོས་སུ་གྱུར

རྒྱུས་མངའ་མེད་པའི་རི་ཆུ་མང་པོ་ཞིག་གི་རྨ་ཁ
ཡུན་རིང་ལ་ངས་ནང་སེམས་འཁྱག་པ་བཏབ་པའི
ས་བོན་དུ་སྐྱེས་ཏེ་ལངས
      ༢༠༡༤.༡༠.༣༠ཉིན་སྦྱར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།