རྨོ་མོ་དང་ཡུལ་གྱར་བའི་མིག་ཆུ།

གཙུག་གཡུ།༼ སེ་ར ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-09

དེ་རིང་ངའི་ཁོར་ཡུག་ཧྲིལ་བོ་ན་ཟུག་ཡིན།
ན་ཟུག་གི་ཀློང་ན་བདག་ཁུ་སིམ་མེར་ཡོད།
མར་མེ་རྐང་བུ་གང་བཤམས་ཏེ།
མཚོ་ངོགས་ཀྱི་དཀོན་མཆོག་ཅིག་སྙིང་ཁར་བཏབ།

བྱམས་བརྩེའི་མིག་ཟུང་གིས་བསྐྱངས་པའི་རྨོ་རྨོ།
བདག་གིས་ཁྱེད་ཁོ་ནའི་མིང་བྱང་ཀློག་གིན།
ཞོགས་པའི་རང་གི་མིག་ཆུ་ལ་འཁེང་ར་བྱེད་ཞོར།
གདངས་མི་གསལ་པའི་ཁྱེད་ཀྱི་སྐད་ཆའི་བར་གསེང་ལ་འཛུལ་གྱིན་ཡོད།

དེ་རིང་ངས་ལྷག་ཏུ་ཁྱེད་རང་དྲན་བཞིན་འདུག
གཟུགས་རིས་ཇི་བཞིན། སྣང་བརྙན་ཇི་བཞིན།
བརྗེད་དུ་མེད་པའི་ངའི་བྱིས་དུས་ཀྱི་འཚོ་བ།
ཁྱེད་ཀྱི་བྲང་ཁར་གླན་སྟེ་གནའ་གཏམ་གྱི་བྲོ་བ་དེ་དག་དྲན་བཞིན་འདུག

ཁ་པར་ནང་གི་རྨོ་རྨོ་ཁྱེད་ཀྱི་སྐད་ཆའི་སེམས་གསོ་དེས།
ངའི་མྱ་ངན་ལ་རབ་འདེགས་མཛད་པ་རེད།
ངས་དེ་ལྟ་བུའི་ཐག་རིང་གི་སྐད་ཆ་ལ་ཉན་ཞོར།
ཁྱེད་ལ་ན་ཟུག་གང་འདྲ་ཡོད་མེད་ཀྱི་དྲི་བ་ལ་
མཇུག་སྐྱོང་མ་ཐུབ་པར་མིག་ཆུའི་ཕྲེང་ཐག་འཁུར་མཚོས་བརྒྱུད་དེ་བྲང་ཁར་ཟགས།

རེད་དེ། བོད་པ་ཚང་ཕྱོགས་བཞིར་འཐོར་བའི་གཞན་སྒྱུར་གྱི་གོད་ཆགས་འདིས།
ང་དང་ང་ལྟ་བུ་མང་པོ་ཞིག་ལ་ཡུལ་མི་བགྲེས་པོ་ཚོས་གཏད་བྲལ་གྱི་རྫོགས་ཚིག་བཀོད་ཀྱིན་འདུག
དྲན་པའི་གཏམ་རྒྱུད་རེ་རེར་བཞིན་འཆི་བའི་མདུན་དུ་སླེབས་དུས།
ངས"རང་གི་སྙིང་ཉེ་བའི་རྨོ་རྨོ་ལགས་ལ་ཁ་པར་གྱི་སྐད་ཆ་ཙམ་པོ་ལས་བཤད་ཐབས་མེད་པ་དེ་རེད།

དཀར་ནག་ཟུར་གསུམ་མ་ལྟ་བུའི་འཇིག་རྟེན་མི་ཡུལ་འདིར།
འཆི་བ་ཆོས་ཉིད་དུ་གྲུབ་ཅིང་། བྲལ་བ་སླར་གསོ་རེ་ཅིའི་ཕྱིར་ཡོད་མ་ཆོག་ག་ཡིན་ནམ།
བདག་གི་དུས་གསུམ་ན་བཀྲ་བའི་བརྩེ་བའི་རྨོ་རྨོ་ལགས།
ང་ནི་ནམ་ཡང་ཁྱེད་ཁོ་ནའི་བརྩེ་བའི་འཇིག་རྟེན་ན་འཚོ་ཡོད་ལ།
སྙིང་གསོན་པོའི་མཐིལ་དཀྱིལ་དུ་ཁྱེད་ཀྱི་བཀའ་དྲིན་དྲན་སློང་གིན་ཡོད།

བདག་གི་རྨོ་རྨོ་ལགས།
ལོ་ཟླ་ངེས་མེད་ཀྱི་ཀློང་རིམ་ནས"ངས"
ཁྱེད་ལ་གཉོར་ལེགས་པོ་ཞིག་ཀྱང་བྱེད་མ་ཐུབ་མོད།
འོན་ཏེ"སེམས་ཀྱིས་སྦྲེལ་ནས་ཡོད།
ཁྱེད་ཀྱི་ཞལ་རིས་ཀྱང་ཇི་ལྟར་རྒས་ཏེ་འགྱུར་ཡོད་པ་བདག་གི་མ་མཐོང་ཡང་།
ངའི་སེམས་པ་ཁྱེད་ཀྱི་གམ་དུ་ཡོད། ཁྱེད་བདེ་བུར་གཟིམས་ཆོག
     2014-11-23 ཞོགས་པར་རྨོ་རྨོ་ཁ་པར་བཏང་རྗེས"ཚོར་གདུང་དམར་པོས་རབ་ཏུ་མནར་གྱིན་སྦྱར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨོ་མོ་དང་ཡུལ་གྱར་བའི་མིག་ཆུ།

2015-03-09 གཙུག་གཡུ།༼ སེ་ར ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།