ས་དམར་གྲགས་པའི་སྙན་ངག་གསར་བ་ཁག་ལྔ།


             ལྷ་སའི་ཁ་བ།

གངས་ཀྱི་རྒྱལ་ཁམས་ཆེན་པོ་ཞིག་རྙེད་བྱུང
མིག་གི་གདན་སྟེང་ནས་འབུས་བྱུང

ཉི་མའི་འོད་ཟེར་སྤྲིན་པས་བཞར་རྗེས
མིག་ཆུ་མཛུབ་བར་ནས་ཤོར་སོང
སྤར་མོ་ནག་པོ་འདི མཚན་མོའི་ཟླ་འོད་ལ་འབུལ་ལོ

རྒྱང་ཐག་གིས་བཅད་པའི་རི་བོ་འདི་དག
སྐྱ་ཐང་ཐང་དུ་གྱུར་དུས
ཨ་མ སྐྲ་ལོ་ཟེར་བ་དེ་ཅི་རེད
ཁ་བས་ང་ལ་ཞེད་སྣང་བསླངས་སོང

                ༢༠༡༥།༡།༨ཉིན་སྐྱིད་ཆུའི་འགྲམ་དུ་གྲུབ།

             ཕ་ལམ།

                 __རྒྱ་གར་གྱི་གློག་བརྙན《Happy new year》བལྟས་པ།

གར་གྱིས་མྱོས་པའི་མི་ཚོགས་འདིས་ཁྱོད་རང་བོས་སོང
ཕ་ལམ་དགུ་བོ་དེ་གང་དུ་ཡོད

ལོ་བརྒྱད་ཀྱི་ཕར་ནང་ནས་ལག་པ་ཞིག་བསྲིངས་བྱུང
ལག་རྩ་གཅོད་མཁན་གྱི་མི་དེ
ལྕགས་སྒྲོག་བརྒྱབས་པ་ཙམ་གྱིས་དམྱལ་བར་ག་ལ་འགྲོ
ཁོ་བོའི་བྱིས་པ་དེས་ཕ་ཡུལ་བརྗེད་མི་འདུག

“ང་ཚོས་རང་གི་ལས་དབང་ལ་བདག་པོ་རྒྱག
ང་ཚོས་མཉམ་དུ་དགྲ་བགེགས་འཇོམས”

རྒྱུ་འབྲས་ཀྱིས་བྲིས་པའི་རི་མོ་འདི་དག
ཕ་ཡུལ་ལ་མི་དུངས་པའི་མི་ཞིག་ལ་བརྗོད་དགོས་ན་ཡང
ཁྲཱ་ལེའི ཁྱོད་ཀྱི་གྲོགས་པོ་དག་སྙིང་ཉེ་བ་ལ་ཨང

ཇག་པ་དེའི་ལག་རྩ་གཅོད་མི་སྲིད
ཁོ་བོས་རང་གི་རྣམ་སྨི་ལ་སྡིག་བཤགས་བྱེད་དགོས
ཁྱོད་ཀྱི་ཕ་ཡུལ་ན་ཅི་ཡང་མེད་ཀྱང
ཁྱོད་རང་ཕ་ཡུལ་ན་ཡོད་པ ཨེ་མ་མཚར

གར་གྱིས་མྱོས་པའི་མི་ཚོགས་འདིས་ཁྱོད་རང་བོས་སོང
ང་ཚོ་ཕ་ཡུལ་དུ་འབྱོར་ཡོད
           ༢༠༡༥།༢།༢༣ཉིན་དབུས་སུ་གྲུབ།

               བྲག་ལ་མཇལ་ཁ་ཞུས་པ།

མེ་ཏོག་རྐང་གཅིག་ཡོད་པ་དེར་རི་མོ་མི་འདུག
ཤེལ་གྱི་ཁང་པ་དེར་སྒོ་མོ་མི་འདུག

ཆུ་ནང་དུ་ལྷུང་བའི་ནམ་མཁའ་རུ
སྤྲིན་པའི་གྲུ་ལ་བསྡད་པའི་རྡེའུ་ཅི་ཙམ་མང་ཡང
ཁྱོད་ཁོ་ན་ཉི་ཟླའི་རུས་རྐང་དུ་ཟུག་འདུག

མིག་ཟུང་ཆུ་ཡིས་གྲུབ་པའི་ལུས་པོ་འདི་ལ
རུས་པ་སྲ་ཞིང་མཁྲེགས་པ་ཞིག་ཡོད་ན
འགྲམ་སོ་མེད་པ་ཚོས་འཆའ་རུང་བ་ཞིག་ཡིན་འགྲོ

འཆར་སྣང་གི་རི་མོ་ཟ་བཞིན་པའི་ས་འོག་ལྕགས་ལམ་ལས
ངས་ཕ་ཡུལ་གྱི་སྤང་ཐང་ལག་པས་བསྙབས་ཐུབ

ལྷ་ས ངའི་ཀེང་རུས་ཉི་མར་ལྡེ་རོགས
           ༢༠༡༥/༣/༡༡ཉིན་པེ་ཅིན་དུ་གྲུབ།

             བྱེ་མའི་རྒྱལ་ཁམས་ཉུལ་བའི་སྒྲུང་།

ཉི་མ་བཞུས་རྗེས་འཇིག་རྟེན་ཆུང་ཆུང་འདི
གསེར་གྱིས་བཙོས་པའི་མོག་མོག་ཅིག་དང་འདྲ

ལས་ཀྱིས་བྲིས་པའི་རི་མོ་ཆ་གཅིག
མིག་ཆུས་བརླན་པའི་ལག་རས་ཤིག་དང་འདྲ་བར
མྱ་ངན་གྱིས་བརྒྱན་པའི་ནམ་མཁའ་ཞིག་ལས
སྒེའུ་ཁུང་ཅན་གྱི་སྐར་མ་ཞིག་མི་འདུག

སེམས་ལ་ཕུབ་པའི་ཁང་མིག་ཆུང་ཆུང་དེའང
རླུང་བུ་ལྡང་ཤུལ་གྱི་མེ་ཏོག་ར་བ་ཞིག་དང་འདྲ་བར
རྐང་རྗེས་ཁྲག་གིས་བཀྲུས་པས
སྐྲ་འདབས་ཁ་བས་གཡོགས་སོང

ལུས་པོ་སྐམ་ཐན་གྱིས་བཟུང་ཡང
སྙིང་རུས་རྡོ་ཡིས་བརྡར་དོན་མེད

མེས་པོ་ཚོས་ཀྱང་རང་གི་ཕ་ཡུལ་བརྗེད་མྱོང་མེད་པས
ང་རང་ཕ་ཡུལ་དུ་ལོག་འགྲོ་ཨང
                ༢༠༡༥།༣།༡༣ཉིན་གྲུབ།

              མེ་ཏོག་ནང་གི་སྒྲོལ་མ།

སྔོན་མ་ཞིག་ལ་ངས་མེ་ཏོག་ཅིག་མཇལ་མྱོང
མེ་ཏོག་དེའི་མིང་ལ་སྒྲོལ་མ་ཟེར
སྒྲོལ་མ་ནི་ལྷ་མོ་ཞིག་ཡིན

ལྷ་མོ་ནི་བུ་མོ་གཅིག་ཁོ་ནའི་མིང་མ་ཡིན
ལྷ་མོ་དེ་ནི་ཨ་མ་ཞིག་ཡིན
ཨ་མ་ནི་ཨ་མ་གཅིག་ཁོ་ནའི་མིང་ཡང་མ་ཡིན
ལྷ་མོའི་ཨ་མ་དང་སྒྲོལ་མའི་བུ་མོ་ཡང་ཡིན་ཆོག

སྔོན་མ་ཞིག་ལ་ངས་མེ་ཏོག་ཅིག་བཏབ་མྱོང
མེ་ཏོག་དེའི་མིང་ལ་སྒྲོལ་མ་ཟེར
ལྷ་མོ་ཞེས་བོས་ཀྱང་མེ་ཏོག་དེ་མེ་ཏོག་དེ་རང་ཡིན

བྱ་དངོས་ཡོད་ཚད་ལ་མིང་རེ་ཡོད་པ་བཞིན
སྒྲོལ་མ་དང་ལྷ་མོ་གཉི་གར་ངས་མིང་རེ་བཏགས་ཡོད
སེམས་ཀྱིས་བསྒྲོན་ཏེ་གོང་མར་ཞུས་ཡོད

སྒྲོན་རུང་བ་ཡོད་ཚད་མར་མེ་ག་ལ་ཡིན
མར་ཁུ་ཡང་ཡིན་དགོས་དོན་མེད
སྒྲོལ་མ་མེ་ཏོག་ཀྱང་དེ་བཞིན་སེམས་ཀྱིས་སྒྲོན་ཆོག
          ༢༠༡༥།༣།༡༥ཉིན་བྱེ་ཐང་དུ་གྲུབ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་དམར་གྲགས་པའི་སྙན་ངག་གསར་བ་ཁག་ལྔ།

2015-03-26 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།


             ལྷ་སའི་ཁ་བ།

གངས་ཀྱི་རྒྱལ་ཁམས་ཆེན་པོ་ཞིག་རྙེད་བྱུང
མིག་གི་གདན་སྟེང་ནས་འབུས་བྱུང

ཉི་མའི་འོད་ཟེར་སྤྲིན་པས་བཞར་རྗེས
མིག་ཆུ་མཛུབ་བར་ནས་ཤོར་སོང
སྤར་མོ་ནག་པོ་འདི མཚན་མོའི་ཟླ་འོད་ལ་འབུལ་ལོ

རྒྱང་ཐག་གིས་བཅད་པའི་རི་བོ་འདི་དག
སྐྱ་ཐང་ཐང་དུ་གྱུར་དུས
ཨ་མ སྐྲ་ལོ་ཟེར་བ་དེ་ཅི་རེད
ཁ་བས་ང་ལ་ཞེད་སྣང་བསླངས་སོང

                ༢༠༡༥།༡།༨ཉིན་སྐྱིད་ཆུའི་འགྲམ་དུ་གྲུབ།

             ཕ་ལམ།

                 __རྒྱ་གར་གྱི་གློག་བརྙན《Happy new year》བལྟས་པ།

གར་གྱིས་མྱོས་པའི་མི་ཚོགས་འདིས་ཁྱོད་རང་བོས་སོང
ཕ་ལམ་དགུ་བོ་དེ་གང་དུ་ཡོད

ལོ་བརྒྱད་ཀྱི་ཕར་ནང་ནས་ལག་པ་ཞིག་བསྲིངས་བྱུང
ལག་རྩ་གཅོད་མཁན་གྱི་མི་དེ
ལྕགས་སྒྲོག་བརྒྱབས་པ་ཙམ་གྱིས་དམྱལ་བར་ག་ལ་འགྲོ
ཁོ་བོའི་བྱིས་པ་དེས་ཕ་ཡུལ་བརྗེད་མི་འདུག

“ང་ཚོས་རང་གི་ལས་དབང་ལ་བདག་པོ་རྒྱག
ང་ཚོས་མཉམ་དུ་དགྲ་བགེགས་འཇོམས”

རྒྱུ་འབྲས་ཀྱིས་བྲིས་པའི་རི་མོ་འདི་དག
ཕ་ཡུལ་ལ་མི་དུངས་པའི་མི་ཞིག་ལ་བརྗོད་དགོས་ན་ཡང
ཁྲཱ་ལེའི ཁྱོད་ཀྱི་གྲོགས་པོ་དག་སྙིང་ཉེ་བ་ལ་ཨང

ཇག་པ་དེའི་ལག་རྩ་གཅོད་མི་སྲིད
ཁོ་བོས་རང་གི་རྣམ་སྨི་ལ་སྡིག་བཤགས་བྱེད་དགོས
ཁྱོད་ཀྱི་ཕ་ཡུལ་ན་ཅི་ཡང་མེད་ཀྱང
ཁྱོད་རང་ཕ་ཡུལ་ན་ཡོད་པ ཨེ་མ་མཚར

གར་གྱིས་མྱོས་པའི་མི་ཚོགས་འདིས་ཁྱོད་རང་བོས་སོང
ང་ཚོ་ཕ་ཡུལ་དུ་འབྱོར་ཡོད
           ༢༠༡༥།༢།༢༣ཉིན་དབུས་སུ་གྲུབ།

               བྲག་ལ་མཇལ་ཁ་ཞུས་པ།

མེ་ཏོག་རྐང་གཅིག་ཡོད་པ་དེར་རི་མོ་མི་འདུག
ཤེལ་གྱི་ཁང་པ་དེར་སྒོ་མོ་མི་འདུག

ཆུ་ནང་དུ་ལྷུང་བའི་ནམ་མཁའ་རུ
སྤྲིན་པའི་གྲུ་ལ་བསྡད་པའི་རྡེའུ་ཅི་ཙམ་མང་ཡང
ཁྱོད་ཁོ་ན་ཉི་ཟླའི་རུས་རྐང་དུ་ཟུག་འདུག

མིག་ཟུང་ཆུ་ཡིས་གྲུབ་པའི་ལུས་པོ་འདི་ལ
རུས་པ་སྲ་ཞིང་མཁྲེགས་པ་ཞིག་ཡོད་ན
འགྲམ་སོ་མེད་པ་ཚོས་འཆའ་རུང་བ་ཞིག་ཡིན་འགྲོ

འཆར་སྣང་གི་རི་མོ་ཟ་བཞིན་པའི་ས་འོག་ལྕགས་ལམ་ལས
ངས་ཕ་ཡུལ་གྱི་སྤང་ཐང་ལག་པས་བསྙབས་ཐུབ

ལྷ་ས ངའི་ཀེང་རུས་ཉི་མར་ལྡེ་རོགས
           ༢༠༡༥/༣/༡༡ཉིན་པེ་ཅིན་དུ་གྲུབ།

             བྱེ་མའི་རྒྱལ་ཁམས་ཉུལ་བའི་སྒྲུང་།

ཉི་མ་བཞུས་རྗེས་འཇིག་རྟེན་ཆུང་ཆུང་འདི
གསེར་གྱིས་བཙོས་པའི་མོག་མོག་ཅིག་དང་འདྲ

ལས་ཀྱིས་བྲིས་པའི་རི་མོ་ཆ་གཅིག
མིག་ཆུས་བརླན་པའི་ལག་རས་ཤིག་དང་འདྲ་བར
མྱ་ངན་གྱིས་བརྒྱན་པའི་ནམ་མཁའ་ཞིག་ལས
སྒེའུ་ཁུང་ཅན་གྱི་སྐར་མ་ཞིག་མི་འདུག

སེམས་ལ་ཕུབ་པའི་ཁང་མིག་ཆུང་ཆུང་དེའང
རླུང་བུ་ལྡང་ཤུལ་གྱི་མེ་ཏོག་ར་བ་ཞིག་དང་འདྲ་བར
རྐང་རྗེས་ཁྲག་གིས་བཀྲུས་པས
སྐྲ་འདབས་ཁ་བས་གཡོགས་སོང

ལུས་པོ་སྐམ་ཐན་གྱིས་བཟུང་ཡང
སྙིང་རུས་རྡོ་ཡིས་བརྡར་དོན་མེད

མེས་པོ་ཚོས་ཀྱང་རང་གི་ཕ་ཡུལ་བརྗེད་མྱོང་མེད་པས
ང་རང་ཕ་ཡུལ་དུ་ལོག་འགྲོ་ཨང
                ༢༠༡༥།༣།༡༣ཉིན་གྲུབ།

              མེ་ཏོག་ནང་གི་སྒྲོལ་མ།

སྔོན་མ་ཞིག་ལ་ངས་མེ་ཏོག་ཅིག་མཇལ་མྱོང
མེ་ཏོག་དེའི་མིང་ལ་སྒྲོལ་མ་ཟེར
སྒྲོལ་མ་ནི་ལྷ་མོ་ཞིག་ཡིན

ལྷ་མོ་ནི་བུ་མོ་གཅིག་ཁོ་ནའི་མིང་མ་ཡིན
ལྷ་མོ་དེ་ནི་ཨ་མ་ཞིག་ཡིན
ཨ་མ་ནི་ཨ་མ་གཅིག་ཁོ་ནའི་མིང་ཡང་མ་ཡིན
ལྷ་མོའི་ཨ་མ་དང་སྒྲོལ་མའི་བུ་མོ་ཡང་ཡིན་ཆོག

སྔོན་མ་ཞིག་ལ་ངས་མེ་ཏོག་ཅིག་བཏབ་མྱོང
མེ་ཏོག་དེའི་མིང་ལ་སྒྲོལ་མ་ཟེར
ལྷ་མོ་ཞེས་བོས་ཀྱང་མེ་ཏོག་དེ་མེ་ཏོག་དེ་རང་ཡིན

བྱ་དངོས་ཡོད་ཚད་ལ་མིང་རེ་ཡོད་པ་བཞིན
སྒྲོལ་མ་དང་ལྷ་མོ་གཉི་གར་ངས་མིང་རེ་བཏགས་ཡོད
སེམས་ཀྱིས་བསྒྲོན་ཏེ་གོང་མར་ཞུས་ཡོད

སྒྲོན་རུང་བ་ཡོད་ཚད་མར་མེ་ག་ལ་ཡིན
མར་ཁུ་ཡང་ཡིན་དགོས་དོན་མེད
སྒྲོལ་མ་མེ་ཏོག་ཀྱང་དེ་བཞིན་སེམས་ཀྱིས་སྒྲོན་ཆོག
          ༢༠༡༥།༣།༡༥ཉིན་བྱེ་ཐང་དུ་གྲུབ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།