མུན་ནག་ཁྲོད་ཀྱི་ཉི་འོད།

ཁ་བ་རྐང་གླིང་།༼ གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-04-09


             ______དམངས་བཙུགས་སློབ་གྲྭའི་སྐབས་ཀྱི་དགེ་རྒན་LBཚེ་ལས་འདས་རྗེས།

ཅི་ཡང་མཐོང་རྒྱུ་མེད་པའི་ཉིན་མོ་དག་ལ།
སེམས་ཀྱི་ཚོད་གམ་ལ་བརྟེན་ཏེ་ལམ་ཁ་བཙལ་དགོས།
འགའ་རེ་དཔྲལ་བ་ཐུག་བཞིན།
ལན་རེ་ལག་པ་འཚིགས་པར་བྱེད།

ཉིན་དང་ཟླ་བ་ག་ཙམ་ཕྱིན་པ་མི་ཤེས་པའི་མུན་ལམ་དུ།
ང་རང་མུན་པས་འཁྲིགས་པའི་གཡང་སར་སླེབས་དུས།
ཨ་མས་བུ་ཕྲུག་འཁྲིད་པ་ལྟར།
ངའི་ལག་པ་ནས་བཟུང་སྟེ་དཀར་མོག་མོག་གི་རྐང་ལམ་དོག་མོ་ཞིག་ཏུ་འཁྲིད་བྱུང་།
མག་མོག་ནས་འོད་གསལ་གྱི་སྣུམ་ནག་ལམ་ཆེན་དུ་བསྐྱལ་བྱུང་།

བྱིས་པའི་རྩེད་མཚར་དང་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་དུ།
ངའི་ཀླད་ཞོའི་ནང་དུ་དབྱངས་གསལ་གྱི་གདངས་དབྱངས་ལྷང་ངེར་གྲག་བཞིན།
རྒྱ་དབྱིན་གྱི་ཐ་སྙད་ཕར་རྒྱུག་ཚུར་རྒྱུག་བྱེད་སྐབས།
ང་རང་ཡ་མཚན་དང་མཉམ་དུ་སྤོབས་པས་ཁང་པའི་ནང་དུ་ཨ་མར་ངོམ་པར་བྱེད།

དུས་ཚོད་ནི་མི་རྟག་པའི་དཔེ་མཚོན་ཞིག་ཡིན་པས།
བྱིས་དུས་ཀྱི་རྩེད་རྭ་སྐྱིད་པོ་སླར་ལོག་བྱེད་མི་ཐུབ་ཅིང་།
དབྱངས་གསལ་གྱི་གླུ་དབྱངས་གྱེར་མཁན་དེ་ཡང་ད་ལྟ་མི་རྙེད་པར་གྱུར།

ངས་ད་ལྟ་གཙུག་ལག་ཁང་གི་ཇོ་བོའི་མདུན་དུ་ཁྱེད་ལ་གསེར་ཡིག་ཤིག་བསྲེག་ནས།
མ་འོངས་པར་སླར་ཡང་མཇལ་ཕྲད་ཡོངས་བར་སྨོན་ལམ་བཏབ་ཆོག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུན་ནག་ཁྲོད་ཀྱི་ཉི་འོད།

2015-04-09 ཁ་བ་རྐང་གླིང་།༼ གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།


             ______དམངས་བཙུགས་སློབ་གྲྭའི་སྐབས་ཀྱི་དགེ་རྒན་LBཚེ་ལས་འདས་རྗེས།

ཅི་ཡང་མཐོང་རྒྱུ་མེད་པའི་ཉིན་མོ་དག་ལ།
སེམས་ཀྱི་ཚོད་གམ་ལ་བརྟེན་ཏེ་ལམ་ཁ་བཙལ་དགོས།
འགའ་རེ་དཔྲལ་བ་ཐུག་བཞིན།
ལན་རེ་ལག་པ་འཚིགས་པར་བྱེད།

ཉིན་དང་ཟླ་བ་ག་ཙམ་ཕྱིན་པ་མི་ཤེས་པའི་མུན་ལམ་དུ།
ང་རང་མུན་པས་འཁྲིགས་པའི་གཡང་སར་སླེབས་དུས།
ཨ་མས་བུ་ཕྲུག་འཁྲིད་པ་ལྟར།
ངའི་ལག་པ་ནས་བཟུང་སྟེ་དཀར་མོག་མོག་གི་རྐང་ལམ་དོག་མོ་ཞིག་ཏུ་འཁྲིད་བྱུང་།
མག་མོག་ནས་འོད་གསལ་གྱི་སྣུམ་ནག་ལམ་ཆེན་དུ་བསྐྱལ་བྱུང་།

བྱིས་པའི་རྩེད་མཚར་དང་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་དུ།
ངའི་ཀླད་ཞོའི་ནང་དུ་དབྱངས་གསལ་གྱི་གདངས་དབྱངས་ལྷང་ངེར་གྲག་བཞིན།
རྒྱ་དབྱིན་གྱི་ཐ་སྙད་ཕར་རྒྱུག་ཚུར་རྒྱུག་བྱེད་སྐབས།
ང་རང་ཡ་མཚན་དང་མཉམ་དུ་སྤོབས་པས་ཁང་པའི་ནང་དུ་ཨ་མར་ངོམ་པར་བྱེད།

དུས་ཚོད་ནི་མི་རྟག་པའི་དཔེ་མཚོན་ཞིག་ཡིན་པས།
བྱིས་དུས་ཀྱི་རྩེད་རྭ་སྐྱིད་པོ་སླར་ལོག་བྱེད་མི་ཐུབ་ཅིང་།
དབྱངས་གསལ་གྱི་གླུ་དབྱངས་གྱེར་མཁན་དེ་ཡང་ད་ལྟ་མི་རྙེད་པར་གྱུར།

ངས་ད་ལྟ་གཙུག་ལག་ཁང་གི་ཇོ་བོའི་མདུན་དུ་ཁྱེད་ལ་གསེར་ཡིག་ཤིག་བསྲེག་ནས།
མ་འོངས་པར་སླར་ཡང་མཇལ་ཕྲད་ཡོངས་བར་སྨོན་ལམ་བཏབ་ཆོག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།