རེ་ཆད།
ལོ་ཟླ་དེ་ལ།
ང་ཡི་རང་དབང་གི་ནམ་མཁའ་རུ།
ཉལ་ཐའི་མེ་ཏོག་འབུས་ལ།
མཚན་མོའི་ནགས་ཚལ་གྱི་ཀློང་ལ།
ཉི་ཟླའི་གཙང་པོ་བཞུར་པས།
རྨི་ལམ་ནང་གི་རི་རབ་ཀྱི་ལྗོན་པ་དག
ཆང་དམ་དག་ལས་སྐྱེས་ཤིང་།
ཆང་དམ་དག་ལས་ཤི།
མཚན་མོ་དེ་ལ།
ང་ཡི་ལང་ཚོའི་གཤིན་ས་རུ།
སྡིག་སྒྲིབ་ཀྱི་སྐྲ་ལོ་སྐྱེས་པས།
མེ་ལོང་གི་ཕྱི་ནང་ཀུན་ཏུ།
མྱ་ངན་གྱི་དུས་ཚིགས་བབས་ཤིང་།
སྨྲེང་སྐྱོ་ཡི་ཁ་དོག་དོད་པས།
མེ་ལོང་གི་གཤོག་པ་དག
མེ་ལོང་གི་གས་ཁ་དག་ལས་འཐོར།
༢༠༡༥•༤•༡༩ར་རྔ་མཁར་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།