གྲྭ་བ།
ཁྱོད་རང་སོང་བའི་ཉིན་དེ་ནས་བཟུང་
ངས་ཐལ་མོ་ཕྱི་གཙུག་ལ་བཞག་ཅིང་སྙིང་དབུས་སུ་སྒོམ
རླུང་གིས་བསྐྱོད་པའི་སྐྲ་ལོ་དང་ན་བཟའ
ཉི་མ་དང་ཁ་བའི་འོད་ཀྱིས་ཚོན་བརྩི་བྱུགས་ཤིང་
ཕ་ཡུལ་གྱི་ངག་རྒྱུན་ཁྲོད་ན་འོད་དུ་འཚེར
ཁྱོད་ཀྱི་སྔས་འགྲམ་དུ་ཁ་བ་བབས་བྱུང་
དུས་ཚོད་ཀྱིས་བརྡར་བའི་འོད་ཀྱི་སྐུད་པ་རེ་རེ
ཉི་མའི་འགྲོས་དང་བསྟུན
ཚོན་མདོག་གཞན་ཞིག་གི་སྣང་བརྙན་ལས་བབས་བྱུང་
ལྷབ་ལྷུབ་ཏུ་སྟོན་ལོ་བཞིན
སེམས་པའི་མཁུར་ཚོས་ཡང་ཡང་བརླན
སྒེའུ་ཁུང་ནང་ནས་ཁོ་བོ་མཐོང་བྱུང་
ཁྱོད་སུ་ཡིན
རལ་གྲི་འདོགས་དོན་ཅི
ང་ ཁྱོད གཞན
ལ་ལུང་གི་དར་ལྕོག་བཞིན་ཟད་སོང་
རླུང་བུ་མ་ལྡང་ཡང་རང་ཉིད་འགུལ་བས་ཟད་སོང
དར་ལྕོག་ཐེད་སོང་
ཨོཾ་ཡིག་དག་ཡལ་སོང་
ཁྱོད་ནམ་ཡང་རི་འདབས་དེ་རུ་སྡོད་དགོས་བྱུང་
ངུ་འབོད་ཀྱི་གདུང་དབྱངས་ཡོད་ཚད
ཁྱོད་ཀྱི་ད་དུང་རོལ་དབྱངས་རིགས་ཤིག་ལ་འཁྲུལ་བཞིན
ངུ་མ་དགོད་ཀྱི་གཏམ་རྒྱུད་དེ་སྐྱོང་དགོས་བྱུང་
2014.11.2 ཉིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།