སྦྱར་སྟངས་གཞན་ཞིག


འོ་མ་ལྟ་བུའི་བྲོ་བ་དམར་པོ
ལུས་ཡོངས་ཀྱི་གས་སྲུབས་སུ་འཛུལ་དུས
ང་ནི་ལམ་དཀར་པོ་ཐོད་དུ་བཟུང་བའི་གཤོག་པ་ཅན་དེ་ཡིན
རུས་ནག་པོ་ཐུར་དུ་དྲུད་པའི་ཤིང་སྐམ་དེའང་ཡིན

སྐད་ཕྲན་གྱི་བ་མོང་ཤུགས་ཀྱིས་ང་ལ་ཅེར་དུས
དུར་འཇུག་གི་ཉི་ཐིག་སུ་ལ་ཕོག་ཡོད
བྲག་ངོས་ཀྱི་ལོ་རྒྱུས་སུ་ལ་བཤད་ཡོད
ང་ནི་གཡས་གཡོན་གཉིས་སུ་ཁ་ལོ་མེད་པའི་རྟ་སྒ་ཨེ་ཡིན

དབང་སྒོ་ཡོད་ཚད་རི་བོ་གན་གྱི་ཉག་ཁ་དེར་ཉི་མར་སྐམ་དུས
མིག་ཏུ་ཤར་བ་ནི་ཆེས་གདུག་རྩིབ ཆེས་མཛེས་སྡུག
ཡང་ན་ཆེས་དམའ་རིམ་སྲོག་ཆགས་ཁྲོད་དུ་འབབ་ཀི་འདུག

དོ་ནུབ་ཟེར་བ་དེ་མཚན་མོ་ཞིག་ཡིན་མ་སོང
དེ་ནི་གསེར་ཉ་ཞིག་གི་བྲང་ཁ་ལས་འཕྲོས་པའི་ཉི་འོད་དེ
ཕོ་རོགས་ཤིག་གི་གནག་སྣུམ་ལས་འཚེར་པའི་ཟེགས་མ་ཨང
ལྡེའུ་མ་གཞོན་པའི་(1)སྙུ་ཁ་རུ་འཛར་པའི་བུ་མོ་དེ་ཡིན་ནམ

སྲེག་བཅད་བསྡར་གསུམ་གྱི་དོང་ཁ་ནས་འབུས་པའི་མྱུ་གུ
ནམ་ཡང་གྲངས་རིག་གི་དབྱིབས་རྩིས་དེ་འདྲ་ལ
དུས་སུ་མ་བབས་པའི་བུ་ཕྲུག་དེ་ཡིན
ཆུ་ཁོལ་ཁ་ན་གཡེང་བའི་རླངས་པ་གོར་གོར་དེ
ང་ཡི་རྨི་ལམ་གྱི་རྣམ་སྨིན་དུ་ཐོགས་པའི་ཨ་ཙ་ར


(1ཇ་ཤིང་མེ་ཏོག་གི་རྩོམ་པ་པོ་ལྡེའུ་མ་གཞོན་པ།) ---༢༠༡༥--༡--༡༦ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྱར་སྟངས་གཞན་ཞིག

2015-04-26 རྣོ་ཟུར།༼ རྔ་བ༽ ཀློག་གྲངས། མཆན ཡོད།


འོ་མ་ལྟ་བུའི་བྲོ་བ་དམར་པོ
ལུས་ཡོངས་ཀྱི་གས་སྲུབས་སུ་འཛུལ་དུས
ང་ནི་ལམ་དཀར་པོ་ཐོད་དུ་བཟུང་བའི་གཤོག་པ་ཅན་དེ་ཡིན
རུས་ནག་པོ་ཐུར་དུ་དྲུད་པའི་ཤིང་སྐམ་དེའང་ཡིན

སྐད་ཕྲན་གྱི་བ་མོང་ཤུགས་ཀྱིས་ང་ལ་ཅེར་དུས
དུར་འཇུག་གི་ཉི་ཐིག་སུ་ལ་ཕོག་ཡོད
བྲག་ངོས་ཀྱི་ལོ་རྒྱུས་སུ་ལ་བཤད་ཡོད
ང་ནི་གཡས་གཡོན་གཉིས་སུ་ཁ་ལོ་མེད་པའི་རྟ་སྒ་ཨེ་ཡིན

དབང་སྒོ་ཡོད་ཚད་རི་བོ་གན་གྱི་ཉག་ཁ་དེར་ཉི་མར་སྐམ་དུས
མིག་ཏུ་ཤར་བ་ནི་ཆེས་གདུག་རྩིབ ཆེས་མཛེས་སྡུག
ཡང་ན་ཆེས་དམའ་རིམ་སྲོག་ཆགས་ཁྲོད་དུ་འབབ་ཀི་འདུག

དོ་ནུབ་ཟེར་བ་དེ་མཚན་མོ་ཞིག་ཡིན་མ་སོང
དེ་ནི་གསེར་ཉ་ཞིག་གི་བྲང་ཁ་ལས་འཕྲོས་པའི་ཉི་འོད་དེ
ཕོ་རོགས་ཤིག་གི་གནག་སྣུམ་ལས་འཚེར་པའི་ཟེགས་མ་ཨང
ལྡེའུ་མ་གཞོན་པའི་(1)སྙུ་ཁ་རུ་འཛར་པའི་བུ་མོ་དེ་ཡིན་ནམ

སྲེག་བཅད་བསྡར་གསུམ་གྱི་དོང་ཁ་ནས་འབུས་པའི་མྱུ་གུ
ནམ་ཡང་གྲངས་རིག་གི་དབྱིབས་རྩིས་དེ་འདྲ་ལ
དུས་སུ་མ་བབས་པའི་བུ་ཕྲུག་དེ་ཡིན
ཆུ་ཁོལ་ཁ་ན་གཡེང་བའི་རླངས་པ་གོར་གོར་དེ
ང་ཡི་རྨི་ལམ་གྱི་རྣམ་སྨིན་དུ་ཐོགས་པའི་ཨ་ཙ་ར


(1ཇ་ཤིང་མེ་ཏོག་གི་རྩོམ་པ་པོ་ལྡེའུ་མ་གཞོན་པ།) ---༢༠༡༥--༡--༡༦ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།