རང་དབང་གི་གླུ། ༼ ཞར་བཀོད་གཉིས་ཡོད༽


ཉི་འོག་ཏུ་རང་དབང་གིས་འཚོ་བར་བྱ།
མཚོ་དང་གཙང་བོའི་འཇིངས་རྣམས་སུ།
ནར་མའི་ཚུལ་གྱིས་ཁྲུས་ལ་རོལ།
བདག་མེད་རྒྱུ་བའི་རླུང་བུ་ཁེར་འགྲོ་ཉིད།
རིང་དུ་བསྙལ་བའི་ལོ་ཆང་ཁམ་པ་བཞིན།
ཆགས་སྡང་མེད་པར་རབ་ཏུ་བཏུང་བར་བྱ།
རི་བོ་དག་དང་ལ་རྣམས་བརྒལ་བྱས་ཏེ།
བྱེ་མའི་ཐང་ལ་མྱ་ངན་ཆེན་པོས་རྐང་རྗེས་འགོད།
གདོད་མའི་ནགས་ཀྱི་ཚལ་དུ་ཉུལ་ནས་སུ།
རང་གི་སྐྱེ་ཁུངས་འཚོལ་བར་འབད་འབུངས་བྱེད།
གནའ་བོའི་མཁར་གྲོང་དག་ལ་ཕྱིན་བྱས་ཏེ།
སོ་སོའི་རྒྱལ་ཁུངས་གང་དུ་མཆིས་མིན་བལྟ།
ལྷ་སྐུ་དག་གི་མདུན་དུ་འགྲེང་བསྡད་དེ།
དམྱལ་བ་གང་དུ་འདུག་ཅེས་དྲི་པར་བྱ།
ཡབ་མེས་དག་གི་དྲུང་དུ་ཙོག་ནས་ནི།
རྒྱལ་ཁམས་སུ་ཡིས་འཇིག་ཅེས་དྲི་བར་བྱ།
ཉི་མ་ཚང་ལ་ལོག་པའི་དུས་རྣམས་སུ།
མིག་མཐའ་མཆི་མས་བསྐྱིལ་བྱས་ནས།
གངས་རི་མེ་ཡིས་ཚིག་པ་མཐོང་བར་གྱུར།
ས་ཆེན་སྒུལ་བའི་གཞོན་པའི་དཔུང་ཚོགས་ཤིག
རྨི་ལམ་སྟོང་གིས་སྤྲུལ་བའི་རྟ་ཕོར་ཞོན་བྱས་ཏེ།
རང་དབང་གླུ་རུ་ལེན་བཞིན་གཙང་བོ་བརྒལ།
               2015/1/22/

             ༈ འོད་སྣང་གི་གླུ།

མུན་པ་ཐག་རིང་དུ་བཞུད་རྗེས།
དྭངས་གཙང་གི་སྐྱ་རེངས་ཀྱིས།
འཁྱག་ཤུར་ཤུར་གྱི་ངའི་ངོ་གདོང་ལ།
གསེར་མདོག་གི་ཉི་འོད་བྱུག
རྟག་བརྟན་དུ། ཉི་འོད།
ངའི་ངོ་གདོང་ལ་འཕྲོ་མི་སྲིད་པ།
ངས་སྔར་ནས་ཤེས་ལ།
མུན་ནག་ཀྱང་ཐེར་ཟུག་ཏུ།
ངའི་བླ་སྲོག་དང་འབྲལ་མི་སྲིད་པ་མ་ཡིན།
དེ་ཕྱིར། ང་མུན་པའི་གཙང་བོ་བརྒལ་ཏེ།
འོད་སྣང་གི་འཇིག་རྟེན་སྙེག་དགོས།
དུས་རབས་འདིས།
ང་ལ་མུན་པ་ཤེས་སུ་བཅུག་ལ།
འོད་སྣང་ཡང་རྟོགས་སུ་བཅུག
          2015/1/17/ཞོགས་པ།
 

              ༈ མི་ཚེ་གཅིག་ལ། རྨི་ལམ་མང་།

           ༡
མི་ཚེ་ནི་ཁ་དོག་མི་འདྲ་བ་རིགས་གཉིས་ཏེ།
གཅིག་ནི་ཚོན་མདངས་དང་ལྡན་ཞིང་།
ཅིག་ཤོས་དེ་ལས་ལྡོག་པའོ།།
          ༢
མི་ཚེ་ནི་གནས་མི་འདྲ་བ་གཉིས་ཏེ།
གཅིག་ནི་འོད་སྣང་དང་ལྡན་ཞིང་།
ཅིག་ཤོས་མུན་ནག་གོ།
            ༣
མི་ཚི་ནི་འགྲོ་ལམ་མི་འདྲ་བ་གཉིས་ཏེ།
གཅིག་ནི་ཡར་གྱེན་དུ་འགྲོ་ས་དང་།
ཅིག་ཤོས་མར་ཐུར་དུ་འགྲོ་སའོ། །
             ༤
མི་ཚེ་ནི་གཙང་བོ་མི་འདྲ་བ་གཉིས་ཏེ།
གཅིག་ནི་མཐའ་ཡས་པའི་རྒྱ་མཚོར་འདྲེས་ཤིང་།
ཅིག་ཤོས་ངེས་མེད་གྲོག་རོང་ནང་བསྐམ་འགྲོའོ།།
              ༥
མི་ཚེ་ནི་མཚོ་གཏིང་གི་དངོས་པོ་མི་འདྲ་བ་གཉིས་ཏེ།
གཅིག་ནི་རིན་ཐང་བྲལ་བའི་ནོར་བུ་དང་།
ཅིག་ཤོས་ཉ་ཁྲབ་དང་འགྲོན་བུ་ཁོ་ནའོ།
              ༦
མི་ཚེ་ནི་རང་མིང་བརྐོས་པའི་རྡོ་རིང་མི་འདྲ་བ་གཉིས་ཏེ།
གཅིག་ནི་མིའི་རིགས་ཀྱི་སེམས་གཏིང་དུ་བསླང་ངེས་ཤིང་།
གཅིག་ཤོས་མི་མེད་ལུང་སྟོང་དུ་ལྷག་འགྲོའོ།། 
                      2015/1/21/ 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་དབང་གི་གླུ། ༼ ཞར་བཀོད་གཉིས་ཡོད༽

2015-05-08 སྐྱ་རེངས། ཀློག་གྲངས། མཆན ཡོད།


ཉི་འོག་ཏུ་རང་དབང་གིས་འཚོ་བར་བྱ།
མཚོ་དང་གཙང་བོའི་འཇིངས་རྣམས་སུ།
ནར་མའི་ཚུལ་གྱིས་ཁྲུས་ལ་རོལ།
བདག་མེད་རྒྱུ་བའི་རླུང་བུ་ཁེར་འགྲོ་ཉིད།
རིང་དུ་བསྙལ་བའི་ལོ་ཆང་ཁམ་པ་བཞིན།
ཆགས་སྡང་མེད་པར་རབ་ཏུ་བཏུང་བར་བྱ།
རི་བོ་དག་དང་ལ་རྣམས་བརྒལ་བྱས་ཏེ།
བྱེ་མའི་ཐང་ལ་མྱ་ངན་ཆེན་པོས་རྐང་རྗེས་འགོད།
གདོད་མའི་ནགས་ཀྱི་ཚལ་དུ་ཉུལ་ནས་སུ།
རང་གི་སྐྱེ་ཁུངས་འཚོལ་བར་འབད་འབུངས་བྱེད།
གནའ་བོའི་མཁར་གྲོང་དག་ལ་ཕྱིན་བྱས་ཏེ།
སོ་སོའི་རྒྱལ་ཁུངས་གང་དུ་མཆིས་མིན་བལྟ།
ལྷ་སྐུ་དག་གི་མདུན་དུ་འགྲེང་བསྡད་དེ།
དམྱལ་བ་གང་དུ་འདུག་ཅེས་དྲི་པར་བྱ།
ཡབ་མེས་དག་གི་དྲུང་དུ་ཙོག་ནས་ནི།
རྒྱལ་ཁམས་སུ་ཡིས་འཇིག་ཅེས་དྲི་བར་བྱ།
ཉི་མ་ཚང་ལ་ལོག་པའི་དུས་རྣམས་སུ།
མིག་མཐའ་མཆི་མས་བསྐྱིལ་བྱས་ནས།
གངས་རི་མེ་ཡིས་ཚིག་པ་མཐོང་བར་གྱུར།
ས་ཆེན་སྒུལ་བའི་གཞོན་པའི་དཔུང་ཚོགས་ཤིག
རྨི་ལམ་སྟོང་གིས་སྤྲུལ་བའི་རྟ་ཕོར་ཞོན་བྱས་ཏེ།
རང་དབང་གླུ་རུ་ལེན་བཞིན་གཙང་བོ་བརྒལ།
               2015/1/22/

             ༈ འོད་སྣང་གི་གླུ།

མུན་པ་ཐག་རིང་དུ་བཞུད་རྗེས།
དྭངས་གཙང་གི་སྐྱ་རེངས་ཀྱིས།
འཁྱག་ཤུར་ཤུར་གྱི་ངའི་ངོ་གདོང་ལ།
གསེར་མདོག་གི་ཉི་འོད་བྱུག
རྟག་བརྟན་དུ། ཉི་འོད།
ངའི་ངོ་གདོང་ལ་འཕྲོ་མི་སྲིད་པ།
ངས་སྔར་ནས་ཤེས་ལ།
མུན་ནག་ཀྱང་ཐེར་ཟུག་ཏུ།
ངའི་བླ་སྲོག་དང་འབྲལ་མི་སྲིད་པ་མ་ཡིན།
དེ་ཕྱིར། ང་མུན་པའི་གཙང་བོ་བརྒལ་ཏེ།
འོད་སྣང་གི་འཇིག་རྟེན་སྙེག་དགོས།
དུས་རབས་འདིས།
ང་ལ་མུན་པ་ཤེས་སུ་བཅུག་ལ།
འོད་སྣང་ཡང་རྟོགས་སུ་བཅུག
          2015/1/17/ཞོགས་པ།
 

              ༈ མི་ཚེ་གཅིག་ལ། རྨི་ལམ་མང་།

           ༡
མི་ཚེ་ནི་ཁ་དོག་མི་འདྲ་བ་རིགས་གཉིས་ཏེ།
གཅིག་ནི་ཚོན་མདངས་དང་ལྡན་ཞིང་།
ཅིག་ཤོས་དེ་ལས་ལྡོག་པའོ།།
          ༢
མི་ཚེ་ནི་གནས་མི་འདྲ་བ་གཉིས་ཏེ།
གཅིག་ནི་འོད་སྣང་དང་ལྡན་ཞིང་།
ཅིག་ཤོས་མུན་ནག་གོ།
            ༣
མི་ཚི་ནི་འགྲོ་ལམ་མི་འདྲ་བ་གཉིས་ཏེ།
གཅིག་ནི་ཡར་གྱེན་དུ་འགྲོ་ས་དང་།
ཅིག་ཤོས་མར་ཐུར་དུ་འགྲོ་སའོ། །
             ༤
མི་ཚེ་ནི་གཙང་བོ་མི་འདྲ་བ་གཉིས་ཏེ།
གཅིག་ནི་མཐའ་ཡས་པའི་རྒྱ་མཚོར་འདྲེས་ཤིང་།
ཅིག་ཤོས་ངེས་མེད་གྲོག་རོང་ནང་བསྐམ་འགྲོའོ།།
              ༥
མི་ཚེ་ནི་མཚོ་གཏིང་གི་དངོས་པོ་མི་འདྲ་བ་གཉིས་ཏེ།
གཅིག་ནི་རིན་ཐང་བྲལ་བའི་ནོར་བུ་དང་།
ཅིག་ཤོས་ཉ་ཁྲབ་དང་འགྲོན་བུ་ཁོ་ནའོ།
              ༦
མི་ཚེ་ནི་རང་མིང་བརྐོས་པའི་རྡོ་རིང་མི་འདྲ་བ་གཉིས་ཏེ།
གཅིག་ནི་མིའི་རིགས་ཀྱི་སེམས་གཏིང་དུ་བསླང་ངེས་ཤིང་།
གཅིག་ཤོས་མི་མེད་ལུང་སྟོང་དུ་ལྷག་འགྲོའོ།། 
                      2015/1/21/ 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།