ངས་ཁྱོད་ཀྱི་རྐང་རྗེས་རྙེད་ཆོག

མདུན་ཕྱོགས་སུ་ཡོད་པའི་གྲིབ་གཟུགས་དེ
ཤོག་ལྷེ་ཞིག་གི་དབྱིབས་སུ་བབས
རི་མོ་ཡོད་ཚད་ཤོག་ལྷེ་དེ་དང་འདྲ་བར་རླུང་གིས་ཁུར
ཟླ་བ་དང་སྐར་མ་མེད་པའི་མུན་ནག་ཅིག་ལ་ཁུར
སྐྱོ་གདུང་ཡོད་ཚད་རླུང་བུས་འཁུར་མ་ཐུབ
ན་ཟུག་ཡོད་ཚད་རླུང་བུས་འཁུར་མ་ནུས
ཨ་ཡིག་རྐྱང་བ་དེ་རླུང་བུས་ཁུར་སོང་
ནམ་མཁའ་དང་ལྷན་དུ
མག་མོག་གི་མཐའ་མཚམས་སུ་ཁུར་སོང་
གྱེས་གདུང་འདི་ཅི་ལྟར་འབྲི་སྲིད
སྐྱོ་བ་འདི་ཅི་ལྟར་འབྲི་ཐུབ
རྨི་ལམ་ཚན་པ་ཞིག་གི་མགོ་བོ་བཅད་སོང་ངམ
མི་སེམས་ཀྱི་སྲོག་ཏུ་བྲིས་ཟིན་པའི་ཡིག་འབྲི་དེ
ཉིན་མཚན་གྱི་བར་གླགས་ཤིག་ན
དུས་ཚོད་ཀྱི་མཁའ་ལྡིང་ལ་མདའ་མོ་གཏོང་མཁན་ཞིག

གནམ་སུའི་མཐའ་མཚམས་སུ་འགྲེང་བའི་འོད་ཟེར་དེ
བར་སྣང་གི་དགུ་ཚིགས་ངོགས་སུ་འཐིམ་པའི་གཡུང་དྲུང་ཞིག་དང་འདྲ་བར
མི་བུ་མང་མང་གི་སེམས་པས་ཞགས་པ་གཏོང་ས་རུ་གྱུར
འོད་ཟེར་ཚན་པ་གཅིག་དང་འདྲ་བའི་བདག་གི་ལུས་སེམས་ཀྱི་དྲོད་ཁོལ་ཡོད་ཚད
ཁྱོན་རིང་བའི་རྒྱ་མཚོའི་མཐའ་ཁོར་དུ་ཁུར་ཟིན་པའི་ཤོག་ལྷེ་དེ་དང་འདྲ
འདས་ཟིན་པའི་ལོ་ཟླའི་སྣང་བརྙན་ཡོད་ཚད་སྐད་ཅིག་གི་གློག་རྒྱུའི་འཕྲུལ་ཞགས་ལྟར་བདག་གི་མིག་ལམ་ན་རྒྱུ
འདོད་སེམས་ཀྱིས་མ་ཟིན་པས་ནམ་མཁའ་འདི་ནས་སྔར་བཞིན་ཆར་བ་བབས་བྱུང་
སྤྲིན་པ་དང་འཇའ་འོད་ཡོད་ཚད་གློ་རྡེག་དང་དབུགས་འཚུབ་ངང་ནས་དྲི་ཟའི་གྲོང་ཁྱེར་གྱི་སྨུག་ནག་ཏུ་གྱུར་སོང་

ཤོར་ཟིན་པ་དེ་དག་གིས་ལོ་ཟླ་དང་ཉིན་ཞག་མང་དུ་བྲིས
འདས་ཟིན་པ་དེ་དག་གིས་ན་ཟུག་དང་སྐྱོ་གདུང་ཡོད་ཚད་སྔོག
ཐོབ་ཟིན་པ་དེ་དག་གིས་འཁྲེང་སེམས་དང་སྨྲེ་ངག་རྟག་ཏུ་གླེང་

ཁྱོད་སྔར་བཞིན་ཤོག་ལྷེ་དེ་ཡིན་ནམ
ཡིག་འབྲི་མང་བོ་ཞིག་བྲིས་ཆོག་པའི་ཤོག་ལྷེ་དེ་ཡིན་ནམ
འོན་ཀྱང་མི་ཚེ་གཅིག་གི་འདས་མ་ད་གསུམ་ལོ་མང་ཞིག་གི་སྔ་རོལ་ནས་བྲིས་ཟིན
ཁྱོད་སྔར་བཞིན་བདག་གི་དྲན་པའི་སྲིབ་ཁ་ན་ཡོད་པས
བདག་དང་བདག་གི་མི་ཚེས་གླེང་མི་ཐུབ་པའི་གཟུགས་མེད་ཚོར་མེད་ཀྱི་འདུ་ཤེས་དེ་ཡིན་སྲིད
གླེང་ཡང་མི་སྤོབས་པའི་རྣམ་ཤེས་གསོན་བོ་དེ་ཡིན་སྲིད
དུས་ཚོད་དང་རིན་ཐང་གིས་མ་ཟིན་པའི་ནམ་མཁའ་དང་ས་གཞི་ཡིན་སྲིད

                        2014/9/15. ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱོད་ཀྱི་རྐང་རྗེས་རྙེད་ཆོག

2015-05-19 འོད་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།