མཚན་མོ་ཞིག་ལ་མྱ་ངན་ཞུ་བ།
མཚན་མོ་དེར་མུན་པའི་ཀློང་ན་མུན་པ་འཁྲིགས་པ་ནི
མཚན་མོ་དེའི་སྐར་མ་འདར་བ་དང་ཟླ་བ་སྐྱོ་བས་ཤེས
ཡིན་ནའང ང་དེ་ལྟར་མུན་པའི་ཁ་གཏད་དུ་ལངས་སོང
ནམ་གསལ་བྱུང ཉི་མའངཤར་བྱུང
སྐད་ཆ་མང་པོ་ཞིག་ཀྱང་བྲང་གཞུང་ནས་བཞུར་བྱུང
དེ་ནི་མཚན་མོ་གཅིག་གི་མཚན་མོ་དྲན་པ་ཡིན
ཡང་ན མཚན་མོ་དེར་མྱ་ངན་ཞུས་པ་ཡིན
དེའང་ལོས་ཡིན ནག་པོ་ནག་རྐྱང་མིན་པས
ང་ནམ་ཡང་ལམ་ལ་ཆས་དགོས
ལམ་ནི་མི་ཚེ་ཡིན་པས ལམ་ནི་ལམ་ཡིན་པས
རླུང་བུ་གཡུག་པ་དེ་ཁ་སང་གཡུག་པ་རེད
མུན་པ་ལག་མཐིལ་དུ་བླངས་བའང་ཁ་སང་རེད
འོན་ཀྱང རྔམ་འཐུག་པའི་འོད་ཀྱི་ཟུར་ནས
སེམས་པའི་གཏིང་ལ་ཉན་ན རུས་པའི་རྐང་ལ་གཞིག་ན
སང་ཉིན་ཁ་དོག་ཅིག་ཁ་དོག་གཞན་ལ་འགྱུར་སྲིད་དམ
གཏོར་མ་དམར་པོ་ཞིག་ས་སྲོད་དེར་ནུབ་ལ་འཕངས
སྡུག་སྒྲིབ་དང་རྣམ་རྟོག་གི་ཉག་ག་དེ་ནས་ཕར་ལ་འཕངས
རྗེས་སུ་ས་རྡུལ་དང་སྨུག་པའང་དྭངས་སོང
ཡིནནའང ཡིན་ནའང
ང་རང་ངལ་དུབ་ཀྱི་ལྡེབས་རིས་སུ་རོ་ལྟར་བྲིས
དེ་ནི་མེ་ལོང་ནག་པོ་ཞིག་ནས་ཡང་ཡང་ཤར་སོང
མིག་ལ་རྡོ་ཕུང་ཉིལ་བ་དེ
སེམས་ལ་མེ་རི་འཕྱུར་བ་དེ
ཤོག་སྐྱ་ཐེད་པོ་ཞིག་ལ་བྲིས་ནས་ཆུ་ལ་བསྐུར་སོང
ཡང་ན མཚན་མོ་དེའང་ཆུ་ལ་བསྐུར་སོང
2015.2.15མཚན་མོར་ཀླད་པ་དོང་སྤྲུགས་གླིང་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།