ཡུགས་སར་བུད་པའི་སྙན་ངག་དེ་ཁྱེད་ཡིན།

གདོན་མིག༼ ལན་ཀྲུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-07-03


དུས་ཚོད་ཀྱི་ཐག་པ་ཡིས་ཏག་ཏག་ང་གཅིག་པུ་འཛིན་ངེས
ཉི་འོད་སྐྱ་མདོག་ཏུ་གྱུར་བའི་དེ་རིང་ནམ་ཡང་ངའི་སྙན་ངག་ཡིན་ངེས
ཕྱི་རོལ་གྱི་མཁའ་དབུགས་ཀྱང་དེ་རིང་ཙག་གིས་རྨས་འདུག
མཚན་མོ་སླེབས་བྱུང མུན་པ་སླེབས་བྱུང

མཆིན་པའི་ཐོག་ལ་ཆགས་པའི་ན་ནིང་གི་ས་རྡུལ
བློ་ཡི་ངོས་སུ་བྲིས་པའི་ཁ་སང་གི་སྣུམ་མཚོན
རིགས་ཀྱི་ལྡེབས་སུ་ཤར་བའི་ན་ཟུག་གི་རི་མོ
སྙུ་གུའི་རྩེ་རུ་བཞུར་བའི་རྨི་ལམ་གྱི་གཟུགས་བརྙན
འདི་ནི་ལོ་རྒྱུས་མིག་ཡས་མ་ཞིག་གི་ཁ་དོག་ཡིན
འདི་ནི་དུས་རབས་ཡུགས་ས་མ་ཞིག་གི་སྐད་ཆ་ཡིན

ངའི་ནམ་མཁའ་ལ་གཡང་གཟར་ལྟ་བུའི་རྨ་ཁ་བཟོ་མཁན
ངའི་གཤོག་པ་ལ་ལྕགས་ནག་གི་ལྷན་པ་རྒྱག་མཁན
ཆུ་བོ་དང་རི་ཚོགས་ཀྱིས་ཀྱང་ཤེས་བའི
རྡོ་བ་དང་རྩྭི་ཤིང་གིས་ཀྱང་ཚོར་བའི
བྱིས་པ་དང་བགྲེས་པོ་དག་གིས་ཀྱང་དྲན་པའི
སྙན་ངག་གི་མཆོད་མེ་སྦར་བའི་དུས་ཚིགས་སུ
ཆུང་འདྲེས་ཀྱི་མེ་ཏོག་མང་པོ་མང་པོ་དྲན་འོས

དེ་རིང་ས་སྲོད་ལ་མ་སླེབ་ཀྱང་ས་སྲོད་ཅིག་རེད
དེ་བས གོམ་པ་སྤོ་མཚམས་ཀྱི་བར་སྣང་དང
ཟ་མ་ཟ་དུས་ཀྱི་ཡིད་སྣང་ཡང་ས་སྲོད་ཅིག་རེད

གྲོང་ཁྱེར་འདིས་སྔར་བཞིན་ང་ངོ་ཤེས་ཀྱིན་མི་འདུག
དུ་སྨུག་སྐྱ་བོས་ཀྱང་ཤེས་ཀྱིན་མི་འདུག
ང་ལ་ཉིན་ཐོ་ནག་པོ་ཡོད་པ་ཤེས་ཀྱིན་མི་འདུག
ད་དུང མི་ལོ་ག་ཙམ་ལ་ཤེས་སྲིད་རྒྱུ་མ་རེད

ད་ནངས་ངའི་འབྲི་དེབ་ཡོད་ཚད་ནག་པོ་གྱུར་སོང་བས
ཉི་མ་ནུབ་རག་བར་དུ་ངས་ཅི་ཡང་སྨྲ་མ་ཐུབ
དེ་ནི་ཡུགས་སར་བུད་པའི་སྙན་ངག་ཅིག་ཉལ་སར་ལྷུང་བས་ཡིན
དེ་ནི་ཡི་གེ་འགའ་ལན་ཆགས་ཀྱི་སྡིག་སྒྲིབ་འཁོར་བས་ཡིན

          ༢༠༡༥/༣/༡༤ཉིན་གནའ་མཁར་ཟི་ལིང་དུ་སྦྱར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུགས་སར་བུད་པའི་སྙན་ངག་དེ་ཁྱེད་ཡིན།

2015-07-03 གདོན་མིག༼ ལན་ཀྲུ ༽ ཀློག་གྲངས། མཆན ཡོད།


དུས་ཚོད་ཀྱི་ཐག་པ་ཡིས་ཏག་ཏག་ང་གཅིག་པུ་འཛིན་ངེས
ཉི་འོད་སྐྱ་མདོག་ཏུ་གྱུར་བའི་དེ་རིང་ནམ་ཡང་ངའི་སྙན་ངག་ཡིན་ངེས
ཕྱི་རོལ་གྱི་མཁའ་དབུགས་ཀྱང་དེ་རིང་ཙག་གིས་རྨས་འདུག
མཚན་མོ་སླེབས་བྱུང མུན་པ་སླེབས་བྱུང

མཆིན་པའི་ཐོག་ལ་ཆགས་པའི་ན་ནིང་གི་ས་རྡུལ
བློ་ཡི་ངོས་སུ་བྲིས་པའི་ཁ་སང་གི་སྣུམ་མཚོན
རིགས་ཀྱི་ལྡེབས་སུ་ཤར་བའི་ན་ཟུག་གི་རི་མོ
སྙུ་གུའི་རྩེ་རུ་བཞུར་བའི་རྨི་ལམ་གྱི་གཟུགས་བརྙན
འདི་ནི་ལོ་རྒྱུས་མིག་ཡས་མ་ཞིག་གི་ཁ་དོག་ཡིན
འདི་ནི་དུས་རབས་ཡུགས་ས་མ་ཞིག་གི་སྐད་ཆ་ཡིན

ངའི་ནམ་མཁའ་ལ་གཡང་གཟར་ལྟ་བུའི་རྨ་ཁ་བཟོ་མཁན
ངའི་གཤོག་པ་ལ་ལྕགས་ནག་གི་ལྷན་པ་རྒྱག་མཁན
ཆུ་བོ་དང་རི་ཚོགས་ཀྱིས་ཀྱང་ཤེས་བའི
རྡོ་བ་དང་རྩྭི་ཤིང་གིས་ཀྱང་ཚོར་བའི
བྱིས་པ་དང་བགྲེས་པོ་དག་གིས་ཀྱང་དྲན་པའི
སྙན་ངག་གི་མཆོད་མེ་སྦར་བའི་དུས་ཚིགས་སུ
ཆུང་འདྲེས་ཀྱི་མེ་ཏོག་མང་པོ་མང་པོ་དྲན་འོས

དེ་རིང་ས་སྲོད་ལ་མ་སླེབ་ཀྱང་ས་སྲོད་ཅིག་རེད
དེ་བས གོམ་པ་སྤོ་མཚམས་ཀྱི་བར་སྣང་དང
ཟ་མ་ཟ་དུས་ཀྱི་ཡིད་སྣང་ཡང་ས་སྲོད་ཅིག་རེད

གྲོང་ཁྱེར་འདིས་སྔར་བཞིན་ང་ངོ་ཤེས་ཀྱིན་མི་འདུག
དུ་སྨུག་སྐྱ་བོས་ཀྱང་ཤེས་ཀྱིན་མི་འདུག
ང་ལ་ཉིན་ཐོ་ནག་པོ་ཡོད་པ་ཤེས་ཀྱིན་མི་འདུག
ད་དུང མི་ལོ་ག་ཙམ་ལ་ཤེས་སྲིད་རྒྱུ་མ་རེད

ད་ནངས་ངའི་འབྲི་དེབ་ཡོད་ཚད་ནག་པོ་གྱུར་སོང་བས
ཉི་མ་ནུབ་རག་བར་དུ་ངས་ཅི་ཡང་སྨྲ་མ་ཐུབ
དེ་ནི་ཡུགས་སར་བུད་པའི་སྙན་ངག་ཅིག་ཉལ་སར་ལྷུང་བས་ཡིན
དེ་ནི་ཡི་གེ་འགའ་ལན་ཆགས་ཀྱི་སྡིག་སྒྲིབ་འཁོར་བས་ཡིན

          ༢༠༡༥/༣/༡༤ཉིན་གནའ་མཁར་ཟི་ལིང་དུ་སྦྱར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།