གླུ་ཨ་ལ་ལ་མོ་ཨ་ལ་ལེན།

གླུ་དེ་ཨ་ལ་ལ་མོས་ལེན
གླུ་དེ་ཐ་ལ་ལ་མོས་ལེན
གླུ་དེ་སྟོང་ཉིད་རྟེན་འབྱུང་གི་གདངས་ཀྱིས་ལེན
གླུ་དེ་སྒྲིབ་བྲལ་འོད་གསལ་གྱི་ཚིག་གིས་ལེན
གླུ་དེ་རིགས་དྲུག་སེམས་ཅན་གྱི་སྙན་ལ་ལེན
གླུ་དེ་ཆུ་བཞི་སྒང་དྲུག་གི་ལྗོངས་ལ་ལེན
གླུ་དེ་ཁྲོམ་ཆེན་ཟིལ་གནོན་གྱིས་ལེན
གླུ་དེ་ཆུ་བོ་དལ་འབེབས་ཀྱིས་ལེན
གླུ་དེ་ཉན་མཁན་ཁྲི་སྟོང་གི་ཐལ་མོ་རྡེབ་སྒྲའི་
ཁྲོད་ནས་ལེན
གླུ་དེ་ཨ་ཡིག་གིས་བྱིན་གྱིས་རླབས་པའི་
མགྲིན་པའི་ཕུག་པ་ཕྲ་མོ་ནས་ལེན
གླུ་དེ་བསྐལ་ཆེན་གྲངས་མེད་ནས་བསགས་པའི་
མེ་འོད་རྟ་རྔ་ཙམ་ལ་བརྟེན་ནས་ལེན
གླུ་དེ་མུན་ནག་གི་རྩིག་པ་ཞིག་ལ་ཁེན་ཏེ་ལེན
གླུ་དེ་དབྱངས་གསལ་གྱི་ཐག་པ་ཞིག་ལ་བསྒྲིལ་ཏེ་ལེན
གླུ་དེ་ཕྱོགས་བཞི་མཚམས་བརྒྱད་དུ་འཐོར་སོང་བའི་
རིགས་རྒྱུད་ཀྱི་རྩ་ལག་ལ་ལེན
གླུ་དེ་བརྒྱུགས་ནས་ཤུགས་ཟད་པའི་གཙང་བོ་
ཞིག་ལ་ལེན
གླུ་དེ་རྙིང་ནས་རྩི་ཡལ་བའི་སྡོད་ཁང་ཞིག་ལ་ལེན
གླུ་དེ་བཙོ་སྦྱངས་བྱས་ཟིན་པའི་འཇའ་ལ་ལེན
གླུ་དེ་སྣང་སྟོང་གིས་གྲུབ་པའི་ལམ་ལ་ལེན
གླུ་དེ་དར་ཐག་གཅིག་ལ་བརྒྱུས་པའི་ཚིག་གི་རྩལ་གྱིས་ལེན
གླུ་དེ་རུས་མིང་མཚུངས་པའི་མི་སེར་མང་བོའི་
ཚབ་ཏུ་ལེན
གླུ་དེ་ཨི་ཁུང་གིས་ཁེངས་པའི་ཉིན་ཞག་སུམ་བརྒྱ་དྲུག་ཅུར་ལེན
གླུ་དེ་དུས་མཐའ་ཞིག་ནས་ལེན
གླུ་དེ་བཙའ་ལ་འབྱར་བའི་གནམ་ས་གཉིས་ཀྱི་སྲུབས་ཀ་ནས་ལེན
གླུ་དེ་སྐད་ཅིག་སྐད་ཅིག་ཙམ་གྱི་འགྱུར་ལྡོག་ལ་ལེན
གླུ་དེ་གནས་ངེས་མེད་ཀྱི་མནར་གཅོད་དང་
གནས་ངེས་མེད་ཀྱི་ཚ་གྲང་ལ་ལེན
གླུ་དེ་སྨྲ་བསམ་བརྗོད་འདས་ཀྱིས་ལེན
གླུ་དེ་མ་འོངས་པའི་གླུ་སྐད་ཅིག་གི་དབྱངས་རྟ་ཇི་མ་ཇི་བཞིན་དུ་ལེན
གླུ་དེ་སྐྱ་མདའ་འགྱོགས་པའི་སྟ་གོན་ལ་ལེན

གླུ་དེ་སུ་ཡིས་བརྩམས གླུ་དེ་གང་གིས་གྲུབ
གླུ་དེ་དུས་ཚོད་ཀྱི་སྔ་ཕྱི་གང་རུང་གིས་གྲུབ
གླུ་དེ་རྫོགས་ལྡན་གྱི་རྫས་རྒྱུན་ཆད་ཁ་མས་གྲུབ
གླུ་དེ་མུན་ནག་གི་བར་སྟོང་ལས་གྲུབ
གླུ་དེ་ཉི་ཟླའི་འགྲོ་འོང་གིས་གྲུབ
གླུ་དེ་ཞག་གཅིག་ལ་གཡུགས་པའི་རླུང་བུས་གྲུབ
གླུ་དེ་ཐེངས་གཅིག་ལ་འཛུམ་པའི་ལྐོག་གཡོས་གྲུབ
གླུ་དེ་དྲི་བསུང་གིས་གྲུབ
གླུ་དེ་གནོན་ཤུགས་ཀྱིས་གྲུབ
གླུ་དེ་མུ་གེས་གྲུབ
གླུ་དེ་ཆ་མི་ཚང་བའི་ཀེང་རུས་ཀྱི་ལྷུ་ལག་གིས་གྲུབ
གླུ་དེ་བརྒལ་མི་ཚར་བའི་གཙང་བོའི་རླབས་ཕྲེང་གིས་གྲུབ
གླུ་དེ་བཀླག་མི་ཚར་བའི་ལྷ་སྒྲུང་གི་ལྐོག་གྱུར་ལས་གྲུབ
གླུ་དེ་ཆར་སྤྲིན་གྱི་གོར་མ་ལས་གྲུབ
གླུ་དེ་མཚེའུ་ཡི་དྭངས་གསལ་ལས་གྲུབ
གླུ་དེ་གདོད་མ་ནས་གྲུབ
གླུ་དེ་ལུས་ཤུགས་ངལ་རྩོལ་གྱི་ཡོང་སྒོ་ལས་གྲུབ
གླུ་དེ་རྟོག་བཟོ་མང་བོའི་དཔྱ་ཁྲལ་གྱིས་གྲུབ
གླུ་དེ་དངོས་པོའི་འདུ་བྱེད་ལས་གྲུབ
གླུ་དེ་བྱེ་མའི་འཆིང་བུ་ལས་གྲུབ
གླུ་དེ་བསྐལ་བ་ཕྱི་མའི་རྗེ་འབངས་ཀྱི་མཉམ་ལེན་ལས་གྲུབ
གླུ་དེ་ལོ་ངོ་སྟོང་གི་ཆག་འཇིག་གི་ཀུ་ཅོ་ལས་གྲུབ
གླུ་དེ་ཟགས་བཅས་ཀྱིས་གྲུབ
གླུ་དེ་སྡུག་བསྔལ་གྱིས་གྲུབ
གླུ་དེ་སྡུག་བསྔལ་བྱེ་བ་ཕྲག་བརྒྱས་གྲུབ
གླུ་དེ་མིག་ལ་སྣང་བའི་འོད་ཀྱིས་གྲུབ
གླུ་དེ་ཕྱིར་འོང་མེད་པའི་སྒྲ་ཡིས་གྲུབ
གླུ་དེ་བྲེལ་འཚུབ་ཀྱིས་རྨས་པའི་སེམས་པའི་
འཕར་ལྡིང་ལས་གྲུབ
གླུ་དེ་ལུས་ཕུང་ཧྲིལ་བོའི་ལྗིད་ཚད་ཀྱིས་གྲུབ
གླུ་དེ་ཀླད་པའི་བརྡབ་གསིག་དང་རྐང་བའི་
འདེགས་འཇོག་ལས་གྲུབ
གླུ་དེ་བསྲེས་སྦྱོར་བྱས་པའི་རྫས་དུག་གིས་གྲུབ
གླུ་དེ་འཕུར་མ་ལྡིང་གི་གར་གྱིས་གྲུབ
གླུ་དེ་གཉིད་མ་སད་གྱི་སྣང་བས་གྲུབ
གླུ་དེ་ཚེ་ཡི་ཕྱེད་ཀ་ལ་སྦྱང་བརྡུང་བྱས་ཏེ་གྲུབ
གླུ་དེ་ལྟད་མོ་བས་བསྐོར་བའི་གངས་ཁྲོད་ཅིག་ནས་གྲུབ
གླུ་དེ་སྟོང་བ་ཉིད་ཀྱི་མཚན་གཞིར་བཞག་པའི་
ཁ་མིག་མེད་པའི་མགོ་བོ་ཞིག་ལས་གྲུབ
གླུ་དེ་མི་རྟག་པ་མཚོན་བྱེད་ཀྱི་ཆུ་ཡི་ཟེར་མ་
མང་བོས་གྲུབ
གླུ་དེ་འཚོ་བ་ཟང་ཟིང་གིས་གྲུབ
གླུ་དེ་ཤེས་པ་རབ་རིབ་ཀྱིས་གྲུབ

          2015/4/16

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླུ་ཨ་ལ་ལ་མོ་ཨ་ལ་ལེན།

2015-07-23 སེར་ལེགས་འཕྲིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།