སྙན་ངག༼ ཞར་བཀོད་གཉིས་ཡོད ༽

ངས་གཞན་དང་མི་གཅིག་པའི་སྙན་ངག་ཅིག་འབྲི་བའི་དོད་དུ
གངས་དང་མཚོ་མོ་སྐྱག་པ་དང་གཅིན་གྱི་ཚོད་དུ་བཞག་ཡོད
ནམ་མཁའི་ངོས་ནས་ཁུ་ཁྲག་དམར་པོ་ཞིག་འབབ་ཏུ་བཅུག་ཡོད
མི་ཚང་མ་སྒོ་མོ་གཅིག་ལ་བགྲོད་སའི་འཆི་བའི་བཟོ་གྲྭ་དེ་ཡང
འཁུར་སླ་བའི་ཤོག་བུའི་ཚོད་དུ་བཞག་སྟེ་ས་རྡུལ་ཁོ་ནའི
རང་རང་གི་ཁ་ཕྱོགས་བསྒྱུར་ཐུབ་པ་ཞིག་གི་ཚོད་དུ་བཞག་ཡོད
ཉི་འོད་དང་འཇའ་ཚོན་ཆར་བ་བཅས་ནི
ཤོག་དངུལ་དང་སྲང་ལམ་ཚོང་ཟོང་རྫུས་མའི་ཚོད་དུ་བཞག་ཡོད
དུས་ཚོད་ནི་ཕག་པ་ནད་པ་ཞིག་གི་ཆོ་ངེ་འདོན་པའི་གསང་བའི་སྐད་སྒྲ་ཞིག་གི་ཚོད་དུ་
བཞག་ཡོད
ཚེ་སྲོག་མཐའ་དག་ལྕགས་ཀྱི་གྲུབ་པའི་ཕོ་བྲང་ཞིག་གི་ཚོད་དུ་བཞག་ཡོད
བརྗེད་མི་ཉན་པ་དག་འགྱིག་བསུབ་ཞིག་གིས་སེམས་ངོས་ལ་ཡང་ཡང་བསྣོག་ཏེ་མེད་པར་བྱས་ཡོད
ཚིག་གི་སྦྱོར་བ་མཐའ་དག་སྤྱོད་ཁང་ཞིག་གི་ཚོད་དུ་བཞག་སྟེ་ཡིན་མིན་བཅོ་བརྒྱད་ནང་དུ་བཏང་ཡོད
ཀླད་རྩ་ནས་སྙིང་ཁམས་བར་གྱི་ཁྲག་རྩའི་སྐུད་པ་བུད་མེད་ཀྱི་མོ་མཚན་དུ་འཐེན་ཡོད
གཅེར་བུར་ཕྱི་རུ་བསྐྱོད་པ་ན་གྲིབ་མ་ནི་གྱོན་གོས་ཀྱི་ཚོད་དུ་བཞག་ཡོད
གཉེར་མ་དང་སྐྲ་དཀར་ནི་མཛེས་བ་འདོན་བྱེད་ཀྱི་སྐེག་རྫས་ཀྱི་ཚོད་དུ་བཞག་ཡོད
གཉིད་ནི་མར་གནོན་པའི་འཕྲུལ་འཁོར་ཞིག་གི་ཚུལ་དུ་བཞག་ཡང་ཀེང་རུས་ནི་འདོད་བརྩེ་གླེང་བའི་ཆགས་ལྡན་གྱི་སྐྱེ་བོ་ཞིག་ཡིན
ལྡ་བེ་ལྡིབ་བེ་ཅིག་སྨྲས་པ་ནི་བརྩེ་བའི་སྐད་ཆ་སྙན་མོ་ཞིག་གི་ཚོད་དུ་བཞག་ཡོད
ཁྲ་ཁྲ་མ་ཁྲ་མ་དག་ཀྱང་ནག་པོ་ནག་རྐྱང་ཞིག་གི་ཚོད་དུ་བཞག་ཡོད
གནམ་གཤིས་ལ་སྡིག་མོ་བྱེད་པ་ནི་དོན་དག་གནམ་གྱིའི་མི་ཁེབས་པའི་མི་གསོད་ལག་དམར་ཞིག་གི་ཚོད་དུ་བཞག་ཡོད

              མཁའ་དབུགས།

མཁའ་དབུགས་སུ
གཏན་དུ་གནས་པའི་ལྗང་མདོག་གི་ཟིན་བྲིས་ཤིག་བཏབ་ཡོད
དེ་ཉིད་འགེབ་ཕྱིར
ཉི་འོད་ཀྱི་ཁ་བ་ནས་ལྷུང་བའི་བྱེའུ་སྒྲོ་ལྟུ་བུའི་དྲོད་ལམ་ལམ་གྱི་ལྭ་བ་རྒྱང་དུ་དོར་བ་ཡིན
ཁ་པར་ལས་འཐོར་བའི་མིག་ཆུའི་ཁྲོད
ནད་ཀྱི་འཆི་བའི་མི་རྣམས་ཀྱི་ཁྲག་མདོག་ནི་དཀར་པོ་ཡིན
རང་གི་ནད་གཞི་གཞན་དང་བརྗེ་མི་ཐུབ་པ་དང་གཞན་གྱི་ནད་གཞི་རང་དང་བརྗེ་མི་ཐུབ་པ
རང་གི་ན་ཟུག་གཞན་གྱིའི་མྱངས་མི་ཐུབ་པ་དང་གཞན་གྱི་ན་ཟུག་རང་གི་མྱངས་མི་ཐུབ་པ
སྐྱེས་པ་བུད་མེད་དུ་མི་གྲུབ་པ་དང་བུད་མེད་སྐྱེས་པ་རུ་མི་གྲུབ་པའི་རུས་སྒྲོམ་དེ་ནི
ཕབ་རྩི་བྱུགས་པའི་ཐང་ག་ཞིག་དང་མི་འདྲ་བས
ཕྱོགས་སྟོན་གནང་མཁན་གྱི་མི་དག་གི་ལག་པས་འཇིགས་སྐྲག་གི་གཏམ་རྒྱུད་འཆད་རྩིས་ཀྱིས
བེམ་པའི་ནང་ཁྲོལ་ལ་གློ་མདོག་གི་རྐང་རྗེས་ཕབ་གིན་ཡོད
གློ་མདོག་གི་རྐང་འབོབ་གིས་ཀྱང་ཁམ་སྡོང་གི་ཡལ་གའི་སྟེང་ལ་གྲི་ཤིན་བྱེད་ཀྱིན་གདའ

མཁའ་དབུགས་ལ་སྒོ་མོ་མེད་པས
ངས་དེ་ཡི་སྐོར་ཅི་ཙམ་གླེང་རུང་ཁྱོད་ཀྱིས་ཧ་གོ་མི་ནུས
ཁྱེད་རང་ཉིད་ཀྱང་མཁའ་དབུགས་སུ་བསྡད་ཡོད་པ་མ་བསམ་པར
རྡོ་ནང་དུ་བསྡད་ཡོད་པར་སེམས་ཤིག སྙིང་ཉེ་བའི་མི་དག

             དུས་ཚོད་ཀྱི་བཙོན་ར།

ཞེ་སྡང་དང་བཤང་ལྕི་སྐུར་ཤོག་དང
ང་ལ་མཚོན་ན་སྐད་སྒྲ་མེད་པའི་ཡི་གེ་ཡིན

སེམས་ངལ་དང་ལོ་ཚོད་སྐུར་ཤོག་དང
ང་ལ་མཚོན་ན་དུས་དྲན་གྱི་ཉིན་མོ་ཡིན

མིས་བཟོས་ཁྲོན་པ་ཞིག་ཏུ་རྫིང་ཆུ་ཧུབ་གང་ལ་སྒུག་ནས་ཡོད
ང་ལ་མཚོན་ན་དཔྱིད་མགོའི་འབྲུག་སྒྲ་ཐོག་མ་ཐོས་པའི་རྨ་བྱ་ཡིན

ངའི་གས་ཆག་གི་ཕྱེད་ཀ་དང་ཁྱེད་ཀྱི་གས་ཆག་གི་ཕྱེད་ཀའི་རོ་མ་གཉིས་ཁ་འཕྲོད་པ་ན
ང་ལ་མཚོན་ན་དུས་ཚོད་ཀྱི་ཕྱི་ལ་བགྲོད་བྱེད་ཀྱི་ལམ་ཡིག་ཡིན

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག༼ ཞར་བཀོད་གཉིས་ཡོད ༽

2015-08-03 རླུང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།