སྟག་ཚང་ལྷ་མོར་འབྱོར་བ།
སྨུག་པས་བཟུང་བའི་བྲག་རི
ཉི་འོད་ཟ་ཟིའི་ཁྲོད་ཀྱི་ནགས་ཚལ
བྲག་ངོས་སུ་བྲིས་པའི་མགུར་དབྱངས
འགྲོ་ལམ་གྱི་ཕྱོགས་གང་རུང་ན་ལངས་པའི་འབྲོག་པ རོང་བ
ཉི་ཤེལ་ནག་པོ་ཐོགས་པའི་ལྗོངས་རྒྱུ་བ
སྦ་སེ་དང་ཤོག་དངུལ་སྡུད་མཁན་གྱི་གྲྭ་བ
ལོ་རྒྱུས་ལྟར་བཞུར་བའི་བཙོག་ཆུ་རིང་མོ
དབུགས་ཀྱི་རྒྱུ་བར་ངལ་བ་སྟེར་བྱེད་ཀྱི་སྲང་ལམ་ཀྱོག་ཀྱོག
རྒྱ་སྐད་རྒྱག་མཁན་གྱི་བོད་པ་བགྲེས་པོ
དབྱིན་སྐད་རྒྱག་མཁན་གྱི་བོད་པ་ན་གཞོན
ཉི་མར་ལྡེ་ནས་ཤོག་དངུལ་བརྩི་བའི་གྲྭ་རྒན
ལུང་བ་གཅིག་ན་འཚངས་ཁ་རྒྱག་པའི་ཚོ་བ་གཉིས
རང་ཁྱིམ་མགྲོན་ཁང་ལ་བསྒྱུར་བའི་རི་སྐོར
ཕྱིར་མིག་ཁྲོད་ཁུ་སིམ་མེར་འདུག་པའི་ནམ་མཁའ་སྟོང་བ
ང་ཡི་སྟག་ཚང་ལྷ་མོའང་་་་་་་་་་
༢༠༡༤ལོའི་ཟླ་༧བའི་ཚེས་༢༥ཉིན་སྟག་ཚང་ལྷ་མོ་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།