ཁུ་བྱུག༼ ཞར་བཀོད་བཞི་ཡོད ༽


             ཁུ་བྱུག

བྱེ་མ་རླུང་གིས་ཁུར་དུས
རི་ཁྲོད་ཀྱི་བྱ་རྣམས་ལྷོ་ལ་འཕུར
ཚང་བཅའ་སྲོལ་མེད་པའི་རི་དྭགས་ཚོ་
རང་གི་གྲིབ་གཟུགས་ཡོད་ཚད་ལ་ཞེད་ངེས་ཡིན

ཉི་འོད་ཀྱི་སྒྲོ་གོས་མནབས་རྗེས
ངལ་དུབ་ཀྱིས་བསམ་གཞིག་ལ་སྡུག་སྣང་སྒྲོན
རི་ཚོགས་ཀྱི་དབེན་སར་འཚོ་བའི་བྱ་རྣམས་ལ
མིང་འདོགས་སྲོལ་མེད་པའི་རང་གི་ཕྲུ་གུ་བཙས

སོས་མགོར་སླེབ་དུས
མེ་ཏོག་གི་ལེགས་སྐྱེས་འཁྱེར་ནས
གཙང་འགྲམ་ཕ་གི་ནས་ཕྱིར་ལོག
ཀྱེ་ཧུད། དྲན་གདུང་གིས་མནར་བའི་བྱ
རང་ཤག་གད་ཕུག་ལ་འཕྲེང་བས་གླུ་བླངས
ཆར་ཟིལ་དང་ན་བུན་ཁྲོད་ནས་ཕྱིར་འོང་བའི་ཁུ་བྱུག

                      2015/4/11

                སྨུག་པ།(1)

མཁའ་དབུགས་རློན་ཤིག་ཤིག
མཛེས་སྡུག་གི་དབྱར་ཁར་འགྲོ
སྨུག་པ་ལང་ལོང་འཐིབས

རླུང་ཁར་བྱ་རྣམས་འཕུར
ཟླ་འོད་འཕྲོས་སའི་གཙང་འགྲམ་དུ
སྐར་ཕྲན་འདྲ་བའི་མཆི་མས
ངུ་ཧམ་ཆེན་པོ་བརྒྱབ

་་་   ་་་
               2015/3/30
  
             (1)སྨུག་པ་ནི་དེ་རིང་གི་སེམས་ཚོར་དང་ནམ་ཟླ་དྲོ་གྲང་ཞིག

               དོ་དགོང་།

ངས་སྤུན་ཟླ་འདི་ཚོ་དྲན་གི་ཡོད། 

ཁོ་ཚོ་འཛོམས་རྗེས
མཉམ་དུ་ཆང་འཐུངས
གཞས་བླངས
རྡོ་གཡམ་རེའི་ངོར་རང་རང་གི་མིང་བྲིས
ངུ་གཏམ་བཤད་མྱོང

སྐབས་དེར
ང་ཚོའི་མགོ་སྟེང་དུ་སྐྲ་ལོ་ལས
གཞན་གང་ཡང་མེད
ད་དུང་ཡང་དེ་བཞིན
གཙང་བོ་སྐམ་རག་བར
བྱམས་པ་མེད་པར་དུང་གླུ་ལེན

མཚན་ཡོངས་སུ་རུབ་རྗེས
རང་གི་པུས་མོ་རུམ་ནས
གཅིག་པུར་སྙིང་གཏམ་བཤད་མྱོང

                   2015/4/2

              རྡོ་གོར་མོ།

ངས་འདི་ལྟར་ཁྱོད་ལ་བལྟས་པས
ང་ནི་ཧ་ཅང་སྐྱིད
ཁུ་སིམ་པོ་འདུག་པ
མི་རྣམས་ཀྱིས་ཤེས་ཡོད

ངས་འདི་ལྟར་ཁྱེད་རང་དྲན་པས
ང་ནི་རབ་ཏུ་གདུངས
རང་མགོ་བརླ་བར་ན་ཡོད་པ
སུས་ཀྱང་ཤེས་ཀྱིན་མེད

འདི་ལྟར་ལོངས་སུ་སྤྱད་ནས
ངས། ང་རང་ཉིད་བརྗེད་པར་བྱ
འདི་ལྟར་མཚན་ལྗོངས་ཉུལ་རྗེས
ངས། ང་རང་ཉིད་དོར་བར་བྱ
                  2015/4/7

               མལ་ཁང་དང་མཚན་མོ།

དོ་ནུབ་བདག་གཅིག་པུར་ཉལ་མེད
ང་རང་གི་ཚེ་སྲོག་དང་མཚན་མོ
གཞན།  ལྷིང་འཇགས་དང་ཁོ་མོ
ཁ་བྲལ་ཐབས་མེད་པའི་སྙན་ངག་དག་པང་ཡོད

ང་ད་དུང་དངངས་སྐྲ་ལངས་ཀྱིན་གདའ
རི་ཆུའི་མཛེས་སྡུག་དང་སྤང་ཐང་གི་ཁོད་ཡངས
མེ་ཏོག་དང་ངང་ངུར་སོགས་གཅིག་མི་འདུག
ངའི་སེམས་ཧ་ཅང་འཚབ་ཀྱིན་གདའ

མིག་གི་ཁམས་མཐའ་དག
ནག་ཐོམ་མོར་ཉལ་མི་རྣམས་ཀྱི་བེམ་རོ
ཡང་ན། གཉིད་མ་ཁུགས་པའི་བྱིས་པ་ཚོའི་ངུ་སྐད
ཅིའི་ཕྱིར་ང་འདི་ལྟར
མཚན་མོའི་དུས་གཅིག་པུར་ཉལ་ཕོད

                  2014/9/13

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁུ་བྱུག༼ ཞར་བཀོད་བཞི་ཡོད ༽

2015-09-02 བྱང་དུར་མེ། ཀློག་གྲངས། མཆན ཡོད།


             ཁུ་བྱུག

བྱེ་མ་རླུང་གིས་ཁུར་དུས
རི་ཁྲོད་ཀྱི་བྱ་རྣམས་ལྷོ་ལ་འཕུར
ཚང་བཅའ་སྲོལ་མེད་པའི་རི་དྭགས་ཚོ་
རང་གི་གྲིབ་གཟུགས་ཡོད་ཚད་ལ་ཞེད་ངེས་ཡིན

ཉི་འོད་ཀྱི་སྒྲོ་གོས་མནབས་རྗེས
ངལ་དུབ་ཀྱིས་བསམ་གཞིག་ལ་སྡུག་སྣང་སྒྲོན
རི་ཚོགས་ཀྱི་དབེན་སར་འཚོ་བའི་བྱ་རྣམས་ལ
མིང་འདོགས་སྲོལ་མེད་པའི་རང་གི་ཕྲུ་གུ་བཙས

སོས་མགོར་སླེབ་དུས
མེ་ཏོག་གི་ལེགས་སྐྱེས་འཁྱེར་ནས
གཙང་འགྲམ་ཕ་གི་ནས་ཕྱིར་ལོག
ཀྱེ་ཧུད། དྲན་གདུང་གིས་མནར་བའི་བྱ
རང་ཤག་གད་ཕུག་ལ་འཕྲེང་བས་གླུ་བླངས
ཆར་ཟིལ་དང་ན་བུན་ཁྲོད་ནས་ཕྱིར་འོང་བའི་ཁུ་བྱུག

                      2015/4/11

                སྨུག་པ།(1)

མཁའ་དབུགས་རློན་ཤིག་ཤིག
མཛེས་སྡུག་གི་དབྱར་ཁར་འགྲོ
སྨུག་པ་ལང་ལོང་འཐིབས

རླུང་ཁར་བྱ་རྣམས་འཕུར
ཟླ་འོད་འཕྲོས་སའི་གཙང་འགྲམ་དུ
སྐར་ཕྲན་འདྲ་བའི་མཆི་མས
ངུ་ཧམ་ཆེན་པོ་བརྒྱབ

་་་   ་་་
               2015/3/30
  
             (1)སྨུག་པ་ནི་དེ་རིང་གི་སེམས་ཚོར་དང་ནམ་ཟླ་དྲོ་གྲང་ཞིག

               དོ་དགོང་།

ངས་སྤུན་ཟླ་འདི་ཚོ་དྲན་གི་ཡོད། 

ཁོ་ཚོ་འཛོམས་རྗེས
མཉམ་དུ་ཆང་འཐུངས
གཞས་བླངས
རྡོ་གཡམ་རེའི་ངོར་རང་རང་གི་མིང་བྲིས
ངུ་གཏམ་བཤད་མྱོང

སྐབས་དེར
ང་ཚོའི་མགོ་སྟེང་དུ་སྐྲ་ལོ་ལས
གཞན་གང་ཡང་མེད
ད་དུང་ཡང་དེ་བཞིན
གཙང་བོ་སྐམ་རག་བར
བྱམས་པ་མེད་པར་དུང་གླུ་ལེན

མཚན་ཡོངས་སུ་རུབ་རྗེས
རང་གི་པུས་མོ་རུམ་ནས
གཅིག་པུར་སྙིང་གཏམ་བཤད་མྱོང

                   2015/4/2

              རྡོ་གོར་མོ།

ངས་འདི་ལྟར་ཁྱོད་ལ་བལྟས་པས
ང་ནི་ཧ་ཅང་སྐྱིད
ཁུ་སིམ་པོ་འདུག་པ
མི་རྣམས་ཀྱིས་ཤེས་ཡོད

ངས་འདི་ལྟར་ཁྱེད་རང་དྲན་པས
ང་ནི་རབ་ཏུ་གདུངས
རང་མགོ་བརླ་བར་ན་ཡོད་པ
སུས་ཀྱང་ཤེས་ཀྱིན་མེད

འདི་ལྟར་ལོངས་སུ་སྤྱད་ནས
ངས། ང་རང་ཉིད་བརྗེད་པར་བྱ
འདི་ལྟར་མཚན་ལྗོངས་ཉུལ་རྗེས
ངས། ང་རང་ཉིད་དོར་བར་བྱ
                  2015/4/7

               མལ་ཁང་དང་མཚན་མོ།

དོ་ནུབ་བདག་གཅིག་པུར་ཉལ་མེད
ང་རང་གི་ཚེ་སྲོག་དང་མཚན་མོ
གཞན།  ལྷིང་འཇགས་དང་ཁོ་མོ
ཁ་བྲལ་ཐབས་མེད་པའི་སྙན་ངག་དག་པང་ཡོད

ང་ད་དུང་དངངས་སྐྲ་ལངས་ཀྱིན་གདའ
རི་ཆུའི་མཛེས་སྡུག་དང་སྤང་ཐང་གི་ཁོད་ཡངས
མེ་ཏོག་དང་ངང་ངུར་སོགས་གཅིག་མི་འདུག
ངའི་སེམས་ཧ་ཅང་འཚབ་ཀྱིན་གདའ

མིག་གི་ཁམས་མཐའ་དག
ནག་ཐོམ་མོར་ཉལ་མི་རྣམས་ཀྱི་བེམ་རོ
ཡང་ན། གཉིད་མ་ཁུགས་པའི་བྱིས་པ་ཚོའི་ངུ་སྐད
ཅིའི་ཕྱིར་ང་འདི་ལྟར
མཚན་མོའི་དུས་གཅིག་པུར་ཉལ་ཕོད

                  2014/9/13

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།