ཕྱི་དྲོ།༼ ཞར་བཀོད་གཅིག་ཡོད ༽

ཐོ་ཡོར།༼ དཀར་མཛེས ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-05


ང་ཡི་འཁྲུལ་བའི་བརྩེ་འདང་ཁྲོད
མིག་ཟུང་ནི་བྱེ་ཐང་ཆེན་པོ་ཞིག
གཡང་གཟར་འགྲམ་གྱི་ང་ལ་ཐག་རིང་གི་རྣམ་ཤེས་ཞིག་ཁྱེར་ཡོང

ང་ཡི་རྐང་རྗེས་སྟེང་ལ་སྡུག་བསྔལ་དོད་འདུག
ས་མ་རུབ་སྔོན་གྱི་རྒྱ་མཚོའི་མཐའ་རུ
ང་དང་འབྲེལ་བའི་རི་མོ་ཅི་ཡང་མི་འདུག
ཁུ་སིམ་མེར་དྲན་པ་འཁྱག་པའི་བུད་མེད་ཅིག་འདུག
ཁོ་མོས་ང་ཡི་རྨི་ལམ་འཐག་ནས་ཕྱེ་མར་བཏང
ས་མ་རུབ་གོང་ལ ས་རུབ་སོང
མཚམས་འཇོག་པར་བྱ
ས་རུབ་རྗེས་ང་རང་གཏན་ཏུ་ཕྱིར་འོང་མེད་པ་གྱིས་ཤིག

               2015.2.27 ཕུག་འུ་ནས།

              སྙིང་ཉེ་ལགས་རླུང་གཡུག་བྱུང་།

སྐུད་པ་ཕྲ་མོ་ཞིག་ལ་སྐྱོ་ངལ་གྱི་སེམས་པ་ཕྱེད་ཀ་བསྩལ
སྲང་ལམ་སྟོང་བར་གྱུར་བས་ས་རུབ་པ་ནི
སྐུད་པ་ཆད་པ་མཚུངས

སེམས་པ་ཕྱེད་ཀ་སྨག་ནག་པའི་མཚོ་ཁུག་ཏུ་ལྕེབས
ཟམ་པའི་སྟེང་གི་བྱ་ཁྱུས་བརྩེ་བ་ཁུར་རྗེས
བདག་གི་རྨི་ལམ་ཧ་ཅང་ལྕི
ཟླ་བས་སྐྱེ་བ་ཕྱི་མའི་ཆར་འབབ་ཚུལ་བཤད

གྲིབ་མ་རུ་མངོན་པར་ཤར་བའི་འཆི་བ
ནམ་གསལ་རག་བར་གཉིད་ལ་ཡུར་ཅིག
མཚན་གཞས་སྡུག་བསྔལ་བའི་གདུང་བ
འཛུམ་མདངས་ཀྱི་རྨ་ཁའི་གསེང་ནས་ཡུད་ཙམ་མངོན
དོ་དགོང་ཨང སྒོ་དང་སྒེའུ་ཁུང་བརྒྱབ་ནའང

ནམ་ཕྱེད་ཅིག་ལ་ངས་བརྩེ་དུང་གི་བརྙས་བཅོས་སྤྱད་དེ
ཕྱིར་དྲན་གྱི་མཚོ་ཁུག་སྟོང་བ་ཞིག་བཟོས

                             2015.2.10

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱི་དྲོ།༼ ཞར་བཀོད་གཅིག་ཡོད ༽

2015-09-05 ཐོ་ཡོར།༼ དཀར་མཛེས ༽ ཀློག་གྲངས། མཆན ཡོད།


ང་ཡི་འཁྲུལ་བའི་བརྩེ་འདང་ཁྲོད
མིག་ཟུང་ནི་བྱེ་ཐང་ཆེན་པོ་ཞིག
གཡང་གཟར་འགྲམ་གྱི་ང་ལ་ཐག་རིང་གི་རྣམ་ཤེས་ཞིག་ཁྱེར་ཡོང

ང་ཡི་རྐང་རྗེས་སྟེང་ལ་སྡུག་བསྔལ་དོད་འདུག
ས་མ་རུབ་སྔོན་གྱི་རྒྱ་མཚོའི་མཐའ་རུ
ང་དང་འབྲེལ་བའི་རི་མོ་ཅི་ཡང་མི་འདུག
ཁུ་སིམ་མེར་དྲན་པ་འཁྱག་པའི་བུད་མེད་ཅིག་འདུག
ཁོ་མོས་ང་ཡི་རྨི་ལམ་འཐག་ནས་ཕྱེ་མར་བཏང
ས་མ་རུབ་གོང་ལ ས་རུབ་སོང
མཚམས་འཇོག་པར་བྱ
ས་རུབ་རྗེས་ང་རང་གཏན་ཏུ་ཕྱིར་འོང་མེད་པ་གྱིས་ཤིག

               2015.2.27 ཕུག་འུ་ནས།

              སྙིང་ཉེ་ལགས་རླུང་གཡུག་བྱུང་།

སྐུད་པ་ཕྲ་མོ་ཞིག་ལ་སྐྱོ་ངལ་གྱི་སེམས་པ་ཕྱེད་ཀ་བསྩལ
སྲང་ལམ་སྟོང་བར་གྱུར་བས་ས་རུབ་པ་ནི
སྐུད་པ་ཆད་པ་མཚུངས

སེམས་པ་ཕྱེད་ཀ་སྨག་ནག་པའི་མཚོ་ཁུག་ཏུ་ལྕེབས
ཟམ་པའི་སྟེང་གི་བྱ་ཁྱུས་བརྩེ་བ་ཁུར་རྗེས
བདག་གི་རྨི་ལམ་ཧ་ཅང་ལྕི
ཟླ་བས་སྐྱེ་བ་ཕྱི་མའི་ཆར་འབབ་ཚུལ་བཤད

གྲིབ་མ་རུ་མངོན་པར་ཤར་བའི་འཆི་བ
ནམ་གསལ་རག་བར་གཉིད་ལ་ཡུར་ཅིག
མཚན་གཞས་སྡུག་བསྔལ་བའི་གདུང་བ
འཛུམ་མདངས་ཀྱི་རྨ་ཁའི་གསེང་ནས་ཡུད་ཙམ་མངོན
དོ་དགོང་ཨང སྒོ་དང་སྒེའུ་ཁུང་བརྒྱབ་ནའང

ནམ་ཕྱེད་ཅིག་ལ་ངས་བརྩེ་དུང་གི་བརྙས་བཅོས་སྤྱད་དེ
ཕྱིར་དྲན་གྱི་མཚོ་ཁུག་སྟོང་བ་ཞིག་བཟོས

                             2015.2.10

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།