སངས་རྒྱས།༼ ཞར་བཀོད་གཅིག་ཡོད ༽

སྐད་ཅིག་མ་དེ་ནས་བཟུང
སྨུག་པ་རབ་རིབ་ཅིག་གིས་བཏུམས་པའི་རྒྱང་རིང་གི་རི་བོ་དེར
ངལ་གསོ་མེད་པར
ལུས་སེམས་བུད་ཤིང་དུ་བྱས་ནས་གོག་དགོས་བྱུང
རང་གི་སེན་མོ་དང་ཚི་དྲེག་ལ་དོ་སྣང་མ་བྱས་པས་ཡིན་པ་འདྲ
དམིགས་པ་དང་སྒུལ་ཤུགས་ཅི་ཡིན་ཆ་མ་འཚལ་མོད
རང་གི་རྐང་མཐིལ་འདི་སྙིང་ཁར་བཏེགས་ཏེ་མདུན་དུ་ནུར་དགོས་པ་སེམས་སུ་ཆགས་ཡོད
ཉི་འོད་རྡུལ་དུ་བརྩེགས་པའི་ཕ་རོལ་ནས
ངས་རྒྱབ་ཁུག་ཧྲུལ་བོ་དེ་སྙིང་ཁར་གླན་ནས
མི་ཚེ་འདིའི་ཚད་མའི་དྲིས་ལན་བསྔོག་ཏུ་ནུར
རི་བོ་འདིའི་ཆ་ཤས་དང་ཆ་ཤས་ཀྱི་ཕྱོགས་སུ

ཚད་མ་དང་ཡང་དག་ལྟ་བུའི་རྡུལ་སྨུག་ཁྲོད
རང་ཉིད་ཤེས་རྨོངས་པ་གང་ཞིག་གི་སྤྲུལ་བར་བསམ་ནས
འཇམ་པོ་དང་ཡང་མོ་གྲངས་མེད་ཅིག་གི་རྣམ་ཐར་བྲིས
འཆི་བ་ལྟ་བུའི་སྒེའུ་ཁུང་ནས་རང་ཉིད་གཅེར་བུར་ཕུད་རྗེས
འཕྲུལ་སྣང་མཐུག་པོ་དེས་མདུན་ཕྱོགས་ཀྱི་ངོ་བོ་དག་མོག་པོར་བཏང
ཤི་ཚར་དུས་རང་ཉིད་གྲིབ་མ་རུ་གྱུར་ཡོད་པ་ཚོར་བྱུང

ལྷ་སྒྲུང་རང་བཞིན་གྱི་ཡིད་ཆེས་རྙིང་ཧྲུལ་འདི་བཙེམ་ནས
ཆུ་བོ་དེའི་བཞུར་རྒྱུན་ཇི་ལྟར་དེད་ཀྱང
ལྷམ་མཐིལ་ལ་བུ་ག་རྟོལ་བའི་གཏམ་རྒྱུད་ཙམ་ལས
རང་ཉིད་ཀྱི་གོམ་སྒྲ་ཁོ་ན་ཁེར་རྐྱང་དུ་ལུས་ཡོད

སྡུག་བསྔལ་དང་སྟོང་བ
འགྱུར་བ་དང་མི་རྟག་པ་ལྟ་བུའི
སྐྱེ་བོ་གཟུགས་སུ་མ་གྲུབ་པ་མཐའ་དག
གྲིབ་མ་དང་ནམ་ཟླའི་མངལ་ལ་སྦྲུམ
སངས་རྒྱས་དང་མི་བུ
མི་བུ་དང་སངས་རྒྱས

              ༢༠༡༥ལོའི་ཟླ༣པའི་ཚེས༦ཉིན།

              ཟམ་པ།

བསྐལ་བ་ཡ་ཐོག་ནས
ཟམ་པ་དེ་སྤྱི་བསྒྲགས་ཀྱི་གསང་བ་ཞིག་ལྟར
སྟེང་དུ་གྲིབ་མ་ཞིག་ཀྱང་ཕོག་མ་མྱོང་བ་འདྲ

གཙང་བོ་འདིའི་ཕ་རོལ་བསམ་ནས
རྒན་པོ་ཚོའི་ཐོད་ལ་བཞག་པའི་ལག་པ
མཚར་སྣང་གིས་མིག་ཆུང་བསླུས་པའི་བྱིས་པ
དད་སེམས་དང་གནའ་གཏམ་རིང་མོ་རྫོགས་མེད་ཅིག
རླབས་ཀྱིས་གཏོར ཟེགས་མས་བསྣུབས
བཞུར་སྒྲས་བཅོམ་སོང་བ་ཤིན་ཏུ་གསལ

ཟམ་པ་དེ་ཡང་ཟམ་པ་གཞན་དང་འདྲ་བར
ཆུ་བོར་རྒལ་བྱེད་ཅིག་ཡིན་པ་ཐག་ཆོད་རེད་མོད
འཇིགས་སྣང་དང་ཐེ་ཚོམ་གང་ཞིག་གི་རྐྱེན་པས
སུ་ཡང་ཟམ་པ་འདིའི་སྟེང་ནས་ཕ་རོལ་དུ་འགྲོ་མ་ཕོད

ཟམ་པའི་མཐའ་འཁོར་ན
རྐང་རྗེས་དང་ཐོད་རིས་བགྲང་འདས་ཤིག་གི་འཚང་ཁ་བསྐམས་འདུག་པར་བལྟས་ན
འདི་ཕ་རོལ་གྱི་ཡུལ་ལ་འགྲོ་བའི་ལམ་ཞིག་ཡིན་པ་ཤེས་ཡོད་པའམ
ཡང་ན
རྟོག་བཏགས་ཀྱི་འཇིག་རྟེན་ཁྱད་མཚར་བ་ཞིག་ཏུ་བཞག་ཟིན

རྣམ་རྟོག་དང་རང་སྣང་གི་ལྕེ་སྣེ་རྣོན་པོ་འདི
རྡོ་བ་ཡིན་པ་ཤེས་བཞིན་དུ་རྟོན་མི་འདོད་པ་ཙམ་རེད
རྨི་ལམ་དང་སྒྱུ་འཕྲུལ་ལ་འདྲེས་པའི་མི་ཚེའི་རི་མོ
ངོས་ལེན་ཡི་གེ་ཞིག་ལ་སྦྱར་བའི་རྒྱུ་མཚན་ཤི་རོ་ཞིག
གང་ལྟར
མེ་ཏོག་དེའི་མཛེས་པ་ཁོ་ནའི་སླད
ནམ་ཞིག་ཟམ་པ་འདིར་ཟམ་པའི་ངོ་བོ་སྤྲད་དེ
སྲོག་ལྡན་གང་མང་ཞིག་རང་སེམས་ཀྱི་འཇིག་རྟེན་གསར་བ་དེར་བསྙེག་ངེས

                  ༢༠༡༥ལོའི་ཟླ་༣ཚེས་༣༡ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སངས་རྒྱས།༼ ཞར་བཀོད་གཅིག་ཡོད ༽

2015-09-19 འཕགས་པ་འབྲོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།