གསང་བ་སྒྲོལ་མ།༼ ཞར་བཀོད་གཅིག་ཡོད ༽

དབང་ཕྱུག་བཟང་བོ།༼ ནག་ཆུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-05

             གཅིག

ཚེ་སྔོན་མའི་དངོས་གྲུབ་ཀྱིས་བླུད་པ་ཡིན་ནམ།
ཚེ་འདི་ཡི་བསོད་ནམས་ཀྱིས་བརྗེས་པ་ཡིན།
གང་ལྟར། མཛེས་སྡུག་གིས་ཁེངས་པའི་ལོ་ཟླ་ཞིག་ལ།
ཁྱོད། ངའི་མིག་ལམ་ན་མེ་ཏོག་བཞིན་བཞད་མྱོང་།
ཟོལ་མེད་པའི་འཛུམ་མདངས་ཤིག་དང་།
གཉོམ་ཆུང་བའི་སྐད་ངག་འཇམ་པོ་དེས།
ངའི་རྣམ་གཤེས་ཀྱི་ཁ་ཕྱོགས་འཛོལ་ཞིང་ངའི་ཟུངས་ཁྲག་ལ་དྲོད་ཁོལ་སྐྱེས་པས།
ང་ཐེངས་དང་པོར་དྲན་སྣང་གི་ཀློང་དུ་འཚུད། བསམ་གཞིག་གི་གནས་ལ་ལྷུང་།
སྐབས་དེ་ནས་བཟུང་།
སྙན་ངག་འཇམ་པོ་ཞིག་དང་རྨི་ལམ་མཛེས་པོ་ཞིག་ལ་འཁྱུད་པའི་ངས།
༼གསང་བ་སྒྲོལ་མ་༽ཞེས་ཆེད་སྙིང་ཉེ་ཞིང་ཆེས་ལྐོག་གྱུར་གྱི་ཐ་སྙད་ཅིག
ངའི་ངག་སྒོ་ནས་ཆིག་ལབ་ངང་ཡང་ཡང་ཟློ་དགོས་བྱུང་།

              གཉིས།

གསང་བ་སྒྲོལ་མ། གཙང་པོའི་ཕ་རོལ་དུ་བཞད་པའི་མེ་ཏོག་ཅིག་དང་ཧ་ཅང་འདྲ།
ངས་མེ་ཏོག་དེའི་དྲི་བསུང་ལ་ཧུབ་གང་སྣོམ་ཕྱིར་བསིལ་རླུང་གི་ལྡང་ཕྱོགས་ལ་ཡང་ཡང་ལྟ་དགོས་བྱུང་།
གསང་བ་སྒྲོལ་མ། དགུང་སྔོན་སྐར་ཚོམ་ཁྲོད་ཀྱི་སྐར་མདའ་ཞིག་དང་ཤིན་ཏུ་མཚུངས།
ངས་རྒྱུ་སྐར་དེའི་འཁྱུག་ཚུལ་སེམས་ལ་བཟུང་ཕྱིར་མཚན་དགུང་གི་ཟླ་བ་ལ་ཡང་སྨོན་པ་རྒྱུན་པར་བཏབ་མྱོང་།
གསང་བ་སྒྲོལ་མ། སེམས་པའི་སྦུག་མ་རུ་སྦས་པའི་དྲོ་སྐྱིད་ཅིག
ཐ་སྙད་ཅིག སྣང་བརྙན་ཞིག བསམ་གཞིག་ཅིག
ཁྱོད་རྒྱང་ན་ཡོད་དུས་ང་དྲན་སྣང་གིས་བཟུང་དྲགས་པས།
རྨི་ལམ་ནང་གི་མཁའ་འགྲོ་མ་དེ་ཁྱོད་ཀྱི་སྒེག་ཉམས་ལ་སེམས་བཞིན་ཡོད་ལ།
ཁྱོད་ཉེ་བར་བཅར་དུས་ངའི་མིག་ཟུང་གིས་བལྟས་དྲགས་པས།
དཀར་ཡོལ་ནང་གི་འོ་ཇ་དེ་ཁྱོད་ཀྱི་བརྩེ་བ་ལ་སྒོམ་བཞིན་ཡོད།

              གསུམ།

གསང་བ་སྒྲོལ་མ།
ཁྱོད། རྩྭ་ཐང་གི་པང་ཁ་ན་ལུ་གུ་དང་མཉམ་དུ་མེ་ཏོག་གི་རྩེ་གར་རོལ་མཁན་དེ་ཡིན་ན།
ང་ནི་རིའི་མགོའི་རླུང་དར་ཇི་བཞིན་རང་ལུས་གྲང་ལ་སྦྱར་ནས།
ཁྱོད་ཀྱི་ཞིང་ཁམས་ལ་བྱིན་རླབས་ཀྱིས་དངོས་གྲུབ་སྩོལ་མཁན་དེ་ཡིན།
ཁྱོད། མི་ཡུལ་གྱི་གཏིང་མཐའ་ནས་འཇིག་རྟེན་གྱི་སྒོ་མོར་ངལ་བས་འཇུག་མཁན་དེ་ཡིན་ན།
ང་ནི་མུན་ཁྲོད་ཀྱི་མར་མེ་ཇི་བཞིན་རང་སེམས་མེ་རུ་སྒྲོན་ནས།
ཁྱོད་ཀྱི་འཇིག་རྟེན་ན་འོད་སྣང་གིས་མཆོད་པ་བཤམས་མཁན་དེ་ཡིན།

               བཞི།

དྲན་གསལ་ནང་གི་གསང་བ་སྒྲོལ་མ།
ངུ་སྐྱེན་ལ་དགོད་སླ་བའི་ཕྲུ་གུ་ཞིག
སྐབས་འགར་སེམས་ཁོང་གི་དགའ་སྤྲོ་དགོད་སྒྲ་དང་ལྷན་དུ་བཤད།
མཚམས་རེར་སྙིང་དབུས་ཀྱི་སྐྱོ་བ་མིག་ཆུ་དང་མཉམ་དུ་སྟོན།

               ལྔ།

འོན་ཀྱང་། གསང་བ་སྒྲོལ་མ་ལགས།
ལས་དབང་གིས་ངེད་གཉིས་ལ་མེ་ཏོག་གིས་གང་བའི་ནམ་མཁའ་ཞིག་བསྐྲུན་མེད་ལ།
སྦྲང་རྩི་ལས་མངར་བའི་ལོ་ཟླ་ཞིག་ཀྱང་བཤམས་མེད།
དེས་ན། ངས་སྙིང་གཏམ་དྲོན་མོ་ཁྲག་དངབསྲེས་ཞིང་།
སྐྱོ་བ་ཡོད་ཚད་ཁོག་པ་རུ་བཅུག་ནས།
ཆེས་ཐག་རིང་ཐག་རིང་ལ་ཆས་ནས་འགྲོ།
ཁྱེད་ནས་ངའི་སྨོན་འདུན་དག་བཞེད་རོགས།
དབྱར་མཁའ་ནས་བབས་པའི་ཆར་ཐིགས་རེ་རེ་ངས་ཁྱེད་ལ་བཞུར་བའི་མིག་ཆུ་ཡིན།
དགུན་དགུང་ནས་འཆར་བའི་སྐར་ཚོམ་རེ་རེ་ངས་ཁྱེད་ལ་སྒྲོན་པའི་སྨོན་ཚིག་ཡིན།

              དྲུག

དེ་ནས་བཟུང་།
གཡུ་ཆུང་དྲུག་དཀར་དེ་བསྐྱུར་བ་ནས་བཟུང་།
ངས་འཇིག་རྟེན་སྲིད་པར་རུ་གོ་བ་ནས་བཟུང་།
ངས་དཀོན་མཆོག་ལ་སྡུག་ཡུས་ཤོད་ཅིང་ལས་དབང་ལ་ཞེ་མེར་ལངས་པས།
ངའི་ངོ་ནས་འཛུམ་མདངས་བརླག ངའི་ངག་གི་དགོད་སྒྲ་བོར།
ཐ་ན་མིག་ཆུ་ལ་ཡང་རིན་ཐང་ཆུང་དྲགས་པ་ཚོར།
འོན་ཀྱང་། བདེ་བར་བཞུགས། སྙིང་གི་མི།
ད་ལྟ་བཟུང་། ངས་རང་བྱུང་ཁམས་ལ་སྐྱབས་འཇུག་ཞུས་ཟིན་པས།
མཚན་དགུང་དབྱིངས་ཀྱི་ཟླ་བ་དེ་ངའི་འགྲུལ་བཞུད་ཀྱི་ལམ་གྲོགས་ཡིན།
ནུབ་རིའི་སྟེང་གི་མཚམས་སྤྲིན་དེ་ངའི་ཡིད་སེམས་ཀྱི་མལ་གདན་ཡིན།
ང་སྐྱོ་མི་སྲིད། ང་ཆད་མི་ཉན།
མ་མཐར་ཡང་ང་ལ་སྙན་ངག་ཡོད།
ཁེར་རྐྱང་ལ་དབང་བའི་སྙང་ངག་དེས་ང་རང་བསླུ་མི་སྲིད་པས།
ངའི་བླ་སྲོག་གི་ཉིང་ཁུ། རྣམ་དཔྱོད་ཀྱི་ཉིང་བཅུད་དེ་དག
ཐར་ཐོར་གྱི་ཡིག་འབྲུ་འགའ་ལ་བཅོལ་དགོས་ཀྱང་།
ངའི་འཇིག་རྟེན་ལ་འོད་སྣང་གཞན་ཞིག་འཁྲུང་ངེས་ཡིན།

              བདུན།

གསང་བ་སྒྲོལ་མ།
འཇའ་འོད་བཞིན་འཚེར་བའི་ཁྱེད་ལ་ངས་གློ་སྙིང་གི་རི་མོ་སྟོན་མྱོང་ལ།
སྐར་མདའ་བཞིན་འཁྱུག་པའི་ཁྱེད་ལ་ངས་དགའ་སྐྱོ་ཡི་དོ་ཤལ་བསྒྲོན་ཡང་མྱོང་།
ད་ཕྱིན་ཆད་ཅི་ཡང་བརྗོད་མི་དགོས།
ངའི་དྲན་ཤེས་ཀྱི་མེ་ལོང་ངོས་ན།
ཁྱོད་ཀྱི་སྣང་བ་སྔར་བཞིན་ལྷ་སྐུ་ལྟར་བཞེངས་ཡོད་པས།
ད་ཅི་ཡང་བརྗོད་མི་དགོས།
་་་་་་་་་་་་་

               ཨ་མ་དྲན་གླུ།

ཤ་ནས་ཤ་ཆད་པའི་ཉིན་དེ་ནས་བཟུང
ངས་ཅི་ཞིག་ལ་ཡུས་བཤད་ཀྱིས
ངའི་ངུ་འབོད་ཀྱི་སྐད་སྒྲ་ཐེངས་དང་པོ་ཁྱོད་ཀྱི་པང་ཁ་ན་ལྷུང་དུས
ང་ནི་ཁྱོད་ཀྱི་རེ་བ་ལས་སྦྲུམ་པའི་༼སྙིང་ནོར་༽ཡིན་ཞེས
ཨ་མས་མི་ཡུལ་གྱི་གཏིང་རིམ་ཞིག་ནས
སྤོབས་པ་ཆེན་པོས་འཇིག་རྟེན་འདིར་བསྒྲགས་ཡོད་ཨང

རེ་བ་རུམ་གང་བཅུག་པའི་ཨ་མས
སྙིང་ཉེ་བའི་ཐ་སྙད་དེའི་རྒྱབ་རོལ་ན
མིག་གི་མཆི་མ་སེམས་ཁོང་དུ་བཏུང་ཞིང
ལུས་ཀྱི་རྔུལ་ཆུ་ས་འོག་ཏུ་གཏོར་ནས
འཚོ་བ་ཞེས་པའི་ཟབ་ཚད་དང་འཇིག་རྟེན་ཟེར་བའི་ལྕི་ཚད་དེ
ལོ་ཟླ་ཡི་ཆར་རླུང་དབུས་ནས་བཙལ་ཞིང
མི་ཚེ་ཡི་དགའ་སྐྱོའི་དཀྱིལ་ནས་བསྒྲུགས་དགོས་བྱུང་སོང

འོན་ཀྱང་ ང་ནི་བར་དོ་ནས་ཡོང་བའི་རྣམ་ཤེས་འཁྱམ་པོ་གཅིག
བྱིས་པ་བསམ་མེད་གཅིག་གི་ལུས་ཐོག་ན་སིམ་དགོས་དུས
ངའི་ངུ་སྐད་ཀྱིས་ཨ་མའི་སེམས་པ་གཙེས་པ་མ་ཚོར་ལ
ངའི་སྐྱག་གཅིན་གྱིས་ཨ་མའི་ཕྱག་ཟུང་གས་པ་ཡེ་ནས་མ་ཤེས

ད་ལྟ་ ཁྱེད་ཀྱི་དབུ་སྐྲ་དཀར་པོར་གྱུར་འདུག
ཕྱག་ཟུང་གི་འཇམ་ཤ་ཡལ་ཞིང་མིག་ཟུང་གི་ཤེས་པ་ཉམས་འདུག
ཐ་ན་ སྨྲ་སྒོ་ཡི་སྐད་ཤུགས་ཀྱང་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་གིན་འདུག
དེས་ན་ ཨ་མ་་་་་་་་ ང་ཧ་ཅང་སྐྲག་གིས
ཁྱེད་ཀྱི་བྱམས་བརྩེས་བསྐྱངས་པའི་ཁྱིམ་གཞིས་འདི་ནས
ང་ལ་ད་དུང་དྲོ་སྐྱིད་ག་ཚོད་ཙམ་ལྷག་ཡོད་དམ

ཨ་མ་ ངས་ཧ་ཅང་གི་དྲན་གྱིས
མར་མེ་རྐང་གཅིག་གི་འོད་མདངས་འོག
ཁྱེད་ཀྱིས་བལ་ལས་གནང་བའི་ངང་ཚུལ་དེ་དྲན་གྱིས
སྐྱ་མདའ་རབ་རིབ་ཙམ་གྱི་སྐྱོ་རོགས་འོག
ཁྱེད་ཀྱིས་ཞལ་འདོན་གནང་བའི་སྒྲ་དབྱངས་དེ་དྲན་གྱི
ཨ་མའི་བལ་སྣོད་ ཨ་མའི་མ་ཎི་འཁོར་ལོ
ངའི་བྱིས་དུས་ཀྱི་རྩེ་ར་དང་རྩེད་ཆས་ཡིན
ངའི་གཞོན་དུས་ཀྱི་རྨི་ལམ་དང་དྲོད་ཁོལ་ཡིན་པས
ཁྱེད་ཀྱི་གམ་ན་ ང་ནི་ནམ་ཡང་འཚར་མི་ཚར་བའི་བྱིས་པ་ཞིག་ལོས་ཡིན

ཨ་མ་ ཁྱེད་ནི་དཀོན་མཆོག་གིས་ང་ལ་གནང་བའི་ལེགས་སྐྱེས་ཆེ་ཤོས་དེ་ཡིན་པས
ཁྱེད་ནམ་ཡང་བདེ་བར་བཞུགས་རོགས
ངའི་སྨོན་ཚིག་གི་སྣེ་མོ་དང་རེ་བ་ཡི་ཡང་ཕུད་ཁྱེད་ཉིད་རང་ཡིན

      རྩོམ་པ་པོ་ནི་ནག་ཆུ་སློབ་འབྲིང་གཉིས་པའི་སློབ་མ་ཡིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསང་བ་སྒྲོལ་མ།༼ ཞར་བཀོད་གཅིག་ཡོད ༽

2015-10-05 དབང་ཕྱུག་བཟང་བོ།༼ ནག་ཆུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།