བསིལ་བསིལ་ཟླ་བའི་འོག་གི་རྨ་རྒྱལ་སྦོམ་ར།

རྡོ་རྗེ་དོན་གྲུབ།༼ ཟི་ལིང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-07

             ༡ གནམ་འདེགས་ཀྱི་ཀ་བ།

སྨག་རུམ སྨུག་སྤྲིན ལྷགས་རླུང
ཐོ་རེངས་སྐར་ཆེན དུད་སྤྲིན སྐར་མདའ
ཁྱེད་ཀྱིས་མཚན་ལྗོངས་ཀྱི་གོ་ཆ་མནབ་བཟའ་རུ་བཀླུབས་ཤིང
དགུ་ཚུགས་སྟོང་གི་ཐུ་འོག་ན
སྒང་རྒྱུད་རི་ཚོགས་སྟོང་ལ་གཅེས་སྐྱོང་གསན་པའི་འགལ་འདུ་རིང་དུ་བྲལ

དུད་སྤྲིན་གྱི་ཐུ་འོག་ནས་དགུ་ཚུགས་སྟོང་གི་ཕུང་བོ་མགོ་བོར་བཏེགས་ཏེ
གཙུག་ཕུད་རྒྱལ་བོར་གུས་ཕྱག་འཚལ་བ་ཅིའི་ཕྱིར་མིན

ངོ་མ
གཉན་ཆེན་སྦོམ་རའི་གཟི་བྱིན

བྲག་སྲིན་གྱི་བྱུང་བ
རྗེ་གཉའ་ཁྲིའི་བྱུང་རབས་ལ་ལྟ་དཔྱོད་ཀྱི་བཟི་ཁ་མངར་བཞིན་དུ

རིགས་དྲུག་གི་སྐྱེས་རབས་དང་རེ་བཅོལ

སྙིང་རྗེ་དང་བདེན་དོན
གནས་ལུགས་ཀྱི་དོན་དུ

དྲག་པའི་མེ་ལྕེ་ལ་གཟི་སྟོབས་ཀྱིས་བསླུས་ཏེ
ཞི་བའི་ཕྲེང་ཐག་ཏུ་བཅུད་ཀྱིས་སྒོམ་པར་བགྱི

མ་གཞི་ཁྱེད་ནི་གནམ་འདེགས་ཀྱི་ཀ་བ་ཞིག

              ༢ གསོལ་འདེབས་དང་མཆོད་བསང་།

འཇིག་རྟེན་གྱི་མཐོ་ས་ན
བཙན་རླུང་གིས་ཁྱེད་ལ་གཡོན་བསྐོར་རྒྱག་དུས

སྟོད་ཉི་མ་ལྷ་སའི་ཨ་ཇོ་ཞིག་གིས་གསོལ་འདེབས་ངག་གི་མཆོད་པས་ཁྱེད་ལ་གཡས་སྐོར་རྒྱག
སྨིན་གྲོང་ཁ་བའི་ལྗོངས སྟོབས་བཅུ་མངའ་བའི་དབང་ཐང

དབང་ཕྱུག་ཕས་རྒོལ་གྱི་གཡབ་མོ བྲག་དཀར་སྤུན་གསུམ
ཨ་མྱེས་རྨ་ཆེན ཁྱེད་ནི་འཇིག་རྟེན་སྟོང་གི་ཕ་རོལ་ན
གངས་ཀྱི་རྒྱལ་མོའི་བླ་གནས་ཟིན་ཅིང་
བསང་དུད་མཆོད་བསྔགས་གསེང་ནས་ལྷ་ཀླུ་གཉན་གསུམ་ལ་སྐྱབས་བཅོལ་བྱེད་བཞིན་དུ

བདེ་བའི་དམུ་ཐག་ལ་འཐམ་ཞིང་
ཟླ་འོག་གི་མཚན་ལྗོངས་འདིར་གཉོམ་སོ་ཐེངས་ཤིག་བྱེད

              ༣ གཉན་ཆེན་སྦོམ་ར།

དབུས་ལམ་གྱི་ཉི་ཐིག་གིས་ཁྱེད་ཉིད་ལ་གྱོན་པའི་གྲངས་ཚད་དེ་ཁྱེད་ཀྱིས་སུ་ལའང་དྲིས་ཨེ་མྱོང
དངོས་གནས་དུས་རབས་ཀྱི་གསང་རིམ་འདི་ནས་ཆོལ་གསུམ་མི་ཡིས་ལན་འདེབས་ཀྱི་སྐལ་བ་ནི་ཕྲ་ཙམ་གདའ

ཀི་ཀི་བསྭོ་བསྭོ
ཨ་མྱེས་རྨ་ཆེན

སྒང་བ་འབྲོང་རྒྱུད་ཅན་གྱི་རིག་པའི་ཁྱུ་མཆོག
གཙོད་ཁྱུ་རྨིག་ཐོགས་ཀྱི་ཁྱུ་ཚོགས

རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ནི་ཁྱེད་ཀྱི་སྲུང་དམག་ཡིན་ནམ

འོ བདེན་ཏེ གཉན་ཆེན་ཐང་ལྷ ཁ་བ་དཀར་པོ

ཡར་ལ་ཤམ་པོ
གངས་དཀར་ཕྱོགས་ལས་རྣམ་རྒྱལ་བཅས་ལ་རྒྱང་ཐག་ཆོད་པས་མི་ངོམས་ནའང
ཁྱེད་འདྲའི་ཡན་ལག་བཞི་བའི་དཔུང་ཚོགས་ཞིག་མཐོང་རྒྱུ་མ་བྱུང

མ་གཞི་ཁྱེད་ནི་གཉན་ཆེན་སྟོང་གི་ལྷ་གསོན་པོ་ཞིག
ངས་ནམ་ཡང་མཆོད་སྟེགས་སུ་བཀུར་བའི་ཨ་མྱེས་རྨ་ཆེན

དོ་ནུབ་ཁྱེད་ནི་ཟླ་བའི་ཐུ་འོག་གི་རྨ་རྒྱལ་སྦོམ་དེ་ཡིན་ནམ

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསིལ་བསིལ་ཟླ་བའི་འོག་གི་རྨ་རྒྱལ་སྦོམ་ར།

2015-10-07 རྡོ་རྗེ་དོན་གྲུབ།༼ ཟི་ལིང ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།