རྨི་ལམ་དེའི་ནང་དུ།༼ ཞར་བཀོད་གཅིག་ཡོད ༽


རྨི་ལམ་དེའི་ནང་དུ་རླུང་འཚུབ་གཡུག་ཅིང
ཁྱོད་ཀྱི་ལག་པ་ཆུང་ཆུང་གཉིས་གང་སར་བསྲིངས་སྟེ
ང་ལ་གསེར་གྱི་གདུ་བུ་ཞིག་རྡུང་དང
གཡུ་ཡི་རྣ་ཏོག་ཅིག་ཉོས་དང
ཞེ་འདང་མར་ལོ་འདྲ་བ་དེ་ནི
དོན་མེད་ཀྱི་ཚིག་སྐམ་དག་གིས་མཚོན་པར་མི་ནུས་པས
གཞན་པར་ངོམ་ཆོག་ཆོག་གི་དྲན་རྟེན་ཞིག་འཇོག་རོགས་ཟེར

རྨི་ལམ་དེའི་ནང་དུ་ང་ལ་རྟ་ཕོ་ཞིག་ཡོད་པས
རྟ་ཕོར་དམག་སྒ་ཞིག་བསྟད
སྐྱེ་བ་ནས་འཆི་བའི་བར་གྱི་ལ་ལུང་ཐང་ཆེན་བཅད་པས
ངའི་ལག་ཏུ་ཆུ་མིག་དགུ་སྒྲིལ་གྱི་སྲབ་མདའ་ཞིག་ཐོགས་ཡོད

རྨི་ལམ་དེའི་ནང་དུ་ང་རང་ཆང་ཕོར་ཞིག་ཏུ་གྱུར་ཏེ
ཉིན་མཚན་དུས་དྲུག་ཏུ་ལུས་ཀྱི་དབང་རྩ་རེ་རེ་སྦྲིད་པར་གྱུར་ཞིང
ཁྱོད་གཅིག་པུའི་ལྟོགས་སྐོམ་དང་མེད་མུག་གི་ཕྱིར་དུ
ངས་ཁྱོད་རང་ཆུང་མར་བསུས་ཤིང
བུས་པ་མེ་ཏོག་འདྲ་བ་ཞིག་གཉོར་འདང་བྱས

              ན་ཟུག་ལས་སྐྱེས་པའི་ཚེར་མའི་མེ་ཏོག

ངས་རང་གི་འཛུམ་མདངས་ནི་མེ་ཏོག་ཅིག་ཏུ་ངོས་བཟུང་ནས་ཁྱོད་ལ་ཕུལ
ངས་རང་གི་ནང་སེམས་ནི་ཁ་དོག་དཀར་པོ་ཞིག་ཏུ་རློམ་ནས་ཁྱོད་ལ་བསྟན

ནམ་ཞིག ངས་ལག་ཏུ་ཤིང་གི་རལ་གྲི་ཞིག་ཐོགས་ཏེ
ཁྱོའི་མགོ་ཡི་སྐྲ་ལོ་དང་འོག་གི་རྨོངས་སྤུ་ཚང་མ
དགྲ་ལག་ཏུ་ཤོར་བར་སེམས་ཁྲལ་བྱས་ན
ང་ལ་ལེ་བདའ་དང་འཁང་ར་བརྩེགས་མི་ཡོང་རོགས
འདི་ཙམ་གྱིས་བརྩེ་དུང་མཚོན་པར་བྱ
འདོད་ཆགས་མཚོན་པར་བྱ
ཐལ་ཆེ་བའི་ཧམ་སེམས་མཚོན་པར་བྱ

ངས་ཁྱོད་ལ་བདེ་སྐྱིད་སྐྲུན་མ་ནུས་པས
ངས་ཁྱོད་ལ་སྙིང་ནད་ཀྱང་སློག་འདང་མེད
ང་རང་གིས་སྨྲ་བརྗོད་མཚོན་བྱེད་ཀྱི་ཡིག་འབྲུ་འདི་དག་གིས
ཁྱོད་གཅིག་པུར་བག་ལྭ་བཟོས་ཤིང་ཝ་ཞྭ་སྐོན་འདང་ཡིན
དེ་ཙམ་གྱིས་ཁྱོད་རང་རྒས་འགྲོ་བར་སྨོན
རྒས་ནས་ཀྱང་དཔྱིད་ཁའི་ཟོག་ངན་བཞིན་འཆི་ཐུབ་པར་སྨོན

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་དེའི་ནང་དུ།༼ ཞར་བཀོད་གཅིག་ཡོད ༽

2015-10-12 སེང་གདོང་། ཀློག་གྲངས། མཆན ཡོད།


རྨི་ལམ་དེའི་ནང་དུ་རླུང་འཚུབ་གཡུག་ཅིང
ཁྱོད་ཀྱི་ལག་པ་ཆུང་ཆུང་གཉིས་གང་སར་བསྲིངས་སྟེ
ང་ལ་གསེར་གྱི་གདུ་བུ་ཞིག་རྡུང་དང
གཡུ་ཡི་རྣ་ཏོག་ཅིག་ཉོས་དང
ཞེ་འདང་མར་ལོ་འདྲ་བ་དེ་ནི
དོན་མེད་ཀྱི་ཚིག་སྐམ་དག་གིས་མཚོན་པར་མི་ནུས་པས
གཞན་པར་ངོམ་ཆོག་ཆོག་གི་དྲན་རྟེན་ཞིག་འཇོག་རོགས་ཟེར

རྨི་ལམ་དེའི་ནང་དུ་ང་ལ་རྟ་ཕོ་ཞིག་ཡོད་པས
རྟ་ཕོར་དམག་སྒ་ཞིག་བསྟད
སྐྱེ་བ་ནས་འཆི་བའི་བར་གྱི་ལ་ལུང་ཐང་ཆེན་བཅད་པས
ངའི་ལག་ཏུ་ཆུ་མིག་དགུ་སྒྲིལ་གྱི་སྲབ་མདའ་ཞིག་ཐོགས་ཡོད

རྨི་ལམ་དེའི་ནང་དུ་ང་རང་ཆང་ཕོར་ཞིག་ཏུ་གྱུར་ཏེ
ཉིན་མཚན་དུས་དྲུག་ཏུ་ལུས་ཀྱི་དབང་རྩ་རེ་རེ་སྦྲིད་པར་གྱུར་ཞིང
ཁྱོད་གཅིག་པུའི་ལྟོགས་སྐོམ་དང་མེད་མུག་གི་ཕྱིར་དུ
ངས་ཁྱོད་རང་ཆུང་མར་བསུས་ཤིང
བུས་པ་མེ་ཏོག་འདྲ་བ་ཞིག་གཉོར་འདང་བྱས

              ན་ཟུག་ལས་སྐྱེས་པའི་ཚེར་མའི་མེ་ཏོག

ངས་རང་གི་འཛུམ་མདངས་ནི་མེ་ཏོག་ཅིག་ཏུ་ངོས་བཟུང་ནས་ཁྱོད་ལ་ཕུལ
ངས་རང་གི་ནང་སེམས་ནི་ཁ་དོག་དཀར་པོ་ཞིག་ཏུ་རློམ་ནས་ཁྱོད་ལ་བསྟན

ནམ་ཞིག ངས་ལག་ཏུ་ཤིང་གི་རལ་གྲི་ཞིག་ཐོགས་ཏེ
ཁྱོའི་མགོ་ཡི་སྐྲ་ལོ་དང་འོག་གི་རྨོངས་སྤུ་ཚང་མ
དགྲ་ལག་ཏུ་ཤོར་བར་སེམས་ཁྲལ་བྱས་ན
ང་ལ་ལེ་བདའ་དང་འཁང་ར་བརྩེགས་མི་ཡོང་རོགས
འདི་ཙམ་གྱིས་བརྩེ་དུང་མཚོན་པར་བྱ
འདོད་ཆགས་མཚོན་པར་བྱ
ཐལ་ཆེ་བའི་ཧམ་སེམས་མཚོན་པར་བྱ

ངས་ཁྱོད་ལ་བདེ་སྐྱིད་སྐྲུན་མ་ནུས་པས
ངས་ཁྱོད་ལ་སྙིང་ནད་ཀྱང་སློག་འདང་མེད
ང་རང་གིས་སྨྲ་བརྗོད་མཚོན་བྱེད་ཀྱི་ཡིག་འབྲུ་འདི་དག་གིས
ཁྱོད་གཅིག་པུར་བག་ལྭ་བཟོས་ཤིང་ཝ་ཞྭ་སྐོན་འདང་ཡིན
དེ་ཙམ་གྱིས་ཁྱོད་རང་རྒས་འགྲོ་བར་སྨོན
རྒས་ནས་ཀྱང་དཔྱིད་ཁའི་ཟོག་ངན་བཞིན་འཆི་ཐུབ་པར་སྨོན

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།