དཔྱིད་ཀར་དྲན་པ།༼ ཞར་བཀོད་གཉིས་ཡོད ༽

ད་ནི་དཔྱིད་ཀ་ཚེས་སོང་བ་རེད
ཁྱེད་རང་མཐོ་སྒང་གི་གནས་ཤིག་ཏུ་ཡོད་དམ
དཔྱིད་ཟླ་དང་པོར ང་ཡིས་སྙན་ངག་འདི་བྲིས་རྗེས
ཁྱེད་རང་གནས་གང་ཞིག་ནས་མངོན་ཡོང་བར་སྒུག
དཔེ་མི་སྲིད་པ་ཞིག་དཔེ་རུ་བྱས་ཚེ
ཁྱེད་རང་འཇམ་བག་གི་རྩྭ་ལྗང་ཁྲོད་སྐྱེས་བཞིན་པ་འདྲ

ཀྱེ སེམས་ཀྱི་དཔུང་རོགས་ལགས
ང་ཚོ་དམག་འཁྲུག་འདི་མཚམས་བཞག་མ་ཐག་པའི་དྭ་ཕྲུག་ཡིན
ང་ཡིས་མི་ཚོགས་ཀྱི་ཁྲོད་དུ་ཁྱེད་རང་བཙལ་དགོས་དོན་མེད
ང་ཚོའི་ལུས་སྟེང་དུ་དུས་རབས་ཤིག་གི་ནད་རྙིང་སློག་རྒྱུ་ཡོད
སྤུན་ཟླ དཔྱིད་ཟླ་འདིར་ཁྱེད་རང་གཞན་གྱིས་ལྐོག་གསོད་བྱས་སོང་བ་འདྲ

སྙན་ངག་འདི་བྲིས་རྗེས
ང་ཚོས་དམག་འཁྲུག་ཅིག་མཚམས་བཞག་པ་འདྲ
ཁྱེད་རང་དུས་ཚོད་ཀྱི་སྨན་ཆུ་འཐུང་ནས་སྨྱོ་མཁན་དེ་མིན
ང་ཚོས་རང་ཉིད་ཀྱི་ཕོར་བར་ལྷུང་བའི
ཆེས་དྭངས་གཙང་གི་ཞོགས་ཀ་དེ་ད་དུང་སྲུང་དགོས

ངས་དཔྱིད་ཀ་འདི་བརྒལ་ནས་ཁྱེད་རང་བཙལ་དགོས་དོན་མེད
ང་ཚོ་ནི་དབྱུག་པ་ལྟར་འགྲེང་བའི་ཚེ་སྲོག་གི་འཐབ་མོ་བ་ཞིག
མི་ཚོགས་ཀྱི་འཚང་ཁའི་ཁྲོད་ཁྱེད་རང་མིག་བཤེར་དགོས་དོན་མེད
ངས་ཁྱེད་རང་ངོས་ཟིན་གྱིན་འདུག རྒྱང་རིང་ལགས
                 2015 3 22ཉིན།

              ཁྱོད་ཀྱི་གཡང་གཟར།

ཁྱེད་ཀྱིས་རང་ཉིད་ལྟ་བུའི་དཔེ་བརྗོད་འཇོག་ཤེས
ཁྱེད་ནི་རིམ་པ་དམའ་བའི་མི་སེར་ཞིག་ཡིན
ཁྱེད་ལ་རང་ཉིད་ཀྱི་རྡོག་མགོ་ཆོད་པའི་ལམ་ཡིག་ཀྱང་མེད

ཁྱེད་ནི་ཡི་གེ་བཟོ་ཤེས་པའི་ལག་ཤེས་པ་ཞིག
རང་ཉིད་ཀྱི་རྣམ་ཤེས་ལ་བཟོ་བཀོད་རྒྱག་ཤེས་པའི་ལག་རྩལ་བ་ཞིག

དེ་རིང་ནས ཁྱེད་ནི་ནམ་མཁའ་མེད་པའི་བྱིའུ་ཞིག
རང་དབང་གི་སྡོང་ཤུན་གྱོན་པའི་རི་མོ་ཞིག
ཁྱེད་ནི་སྡོང་བོ་ཞིག་གི་ལོ་མ་ལྟར
རང་དབང་གི་ཁོ་ལག་རྫོགས་པའི་ཡལ་ཀ་དེ་ཡིན

ཁྱེད་ཀྱིས་ཕྱེ་ལེབ་ཀྱི་གནམ་གྲུ་བཟོ་ཤེས
ཁྱེད་ཀྱིས་རླུང་གི་གཤོག་པ་བཟོ་ཤེས
ཁྱེད་ནི་རྣམ་ཤེས་ཀྱི་ལས་བཟོ་བ་ཞིག་ཡིན

ཁྱེད་ཀྱིས་རང་ཉིད་ལ་ཡུར་མ་བྱེད་ཤེས
ཁྱེད་ཀྱིས་བཟའ་ཚང་ལ་གཡོ་བསྐོལ་བྱེད་ཤེས
ཁྱེད་ནི་རང་ཉིད་ཀྱི་ས་ཞིང་ལས་རང་ཁ་གསོ་མཁན་ཞིག

ཁྱེད་ལ་ད་དུང་སྟོན་ཁ་འབྲས་བུ་བསྡུ་རྒྱུ་ཡོད་པས
ཁྱེད་ཀྱིས་དཔྱིད་ཀ་འདིར་ཡུར་མ་མི་བྱེད་དོན་ཅི

ད་ནས་བཟུང ཁྱེད་ཀྱི་གྲིབ་མ་ཁོ་ནས
ཁྱེད་ཀྱི་རང་དབང་ལ་སྐྱབས་འཇུག་ཞུ་སྲིད
ཁྱེད་ནི་རང་ཉིད་ཀྱི་གྲིབ་མ་ལས་དཔང་རྟགས་ཅི་ཡང་མེད་པའི་མི་དེའོ
                      2015 4 10

              ཁྱོད།

ཁྱོད་ནི་སྔོ་ཡུག་ཡུག་གི་གཙང་བོ་ཞིག་རེད
ཁེར་རྐྱང་གིས་རྒྱང་དུ་བཞུད་འགྲོ་བའི་གཙང་བོ་ཞིག་རེད

ཁྱོད་ནི་མུ་མཐའ་མི་ངོམས་པའི་རྩྭ་ཐང་དང་ཡུག་གཅིག་ཏུ་སྦྲེལ
སྐབས་རེར་སྤྲིན་དཀར་གྱི་གཙང་བོར་འདྲེས་འདུག

ཁྱོད་རང་རྒྱང་རིང་དང་མཉམ་དུ་ནར་སོན་གྱིན་འདུག
རྒྱང་རིང་ནི་ཁྱོད་ཀྱི་མིག་ཟུང་གི་དབྱེ་མཚམས་ཡིན

སྐབས་རེར་ཆུ་སྤྲིན་གྱི་འདུ་ལོང་བཞིན
ཁྱོད་ཀྱི་བབ་བརླིང་གི་སེམས་པའང་གཡོ་ཙམ་བྱེད
                     ༢༠༡༥ ༤ ༡༤ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱིད་ཀར་དྲན་པ།༼ ཞར་བཀོད་གཉིས་ཡོད ༽

2015-10-16 གཡུ་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།