བྲེལ་ཟིང་གིས་འདར་བ་དེ།
མུན་ནག་གི་སྐྲ་གསེང་ལ་འཚོ་བ་བཅས་པའི་སྲོག་ཆགས
བྱང་རླུང་གིས་འདེད་བཞིན རྨི་ལམ་འཐོར
ཤ་རུས་ཀྱི་ལྷུ་ལག་ལ་སྐྱོན་ཤོར
གད་གདར་མ་བྱས་པའི་བྲང་གཞུང་ནི
ཁང་བ་ནག་རྡིབ་ཅིག་ཡིན
གཏམ་རྒྱུད་དམར་ནག་གི་མཁའ་དབུགས་ཁྱབ་ཡོད
སྒོ་ཕྱུགས་ཀྱི་སྔངས་འདར་ཐོས་རྗེས
འཚོ་གཞིས་ཀྱི་སྦྲ་སྒོ་ནུབ་ཁར་གཏད
གང་ལྟར ཅི་བྱས་ཀྱང
ཁྱེད་ཀྱི་མ་འོངས་པ་ནི་མཚན་མོ་ཞིག
མཚན་མོ་དེ་ཤ་ཚ་ཞིང་སྙིང་གཟེར་སྤྱད་ཅིག
བྲེལ་བ་མ་སྔ བྲེལ་མ་ཐུ
མདུན་ལྗོངས་ཀྱི་ལམ་ཕྲན་ཡང
མུན་ནག་གི་ཟབ་སར་གཟས་འདུག
སྤྲིན་པ་ནག་པོས་མཇུག་མ་ཐུར་ལ་བསྣར་དུས
རི་ཆུ་ནགས་གསུམ་གྱིས་མཆུ་བསུམ་བཞིན་འདར
ས་སྲོད་ཅིག་རྫོགས་དུས གྲུ་ཟུར་ཞིག་ག་རེ་བྱུང་ཡོད
༢༠༡༥-༡༡-༣
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།