མཚོ་སྔོན་པོའི་ཟླ་བ།

སྒྲོག་ནག༼ མགོ་ལོག ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-11-20


ཁྱེད་ཀྱིས་གྱེས་ཕྱག་མཐའ་མ་དེ་མཚོ་ལ་བཞག
ཁྱེད་ཀྱིས་མིག་ཟུང་མཐའ་མ་དེ་གངས་ལ་གཏད
ཁྱེད་ཀྱིས་དུས་ཚོད་མཐའ་མ་དེ་གསེར་ཉར་གནང
ཁྱེད་རང་འདི་ལྟར་གློ་རྡེག་ཏུ་བུད་སོང

ཀྱེ་མ་ཇི་འདྲའི་ཕངས་བ་ལ

མཚོ་སྔོན་པོ ཁྱེད་ཀྱི་སྲོད་ཁ་འདིས
ང་ཚོའི་གློ་སྙིང་ཚལ་བར་གཤགས་ཤིང
ལག་པ་མེ་ཡིས་འཚིག་ཤུལ་ཏུ
ཤེས་རབ་ཆུ་ཡིས་ཁུར་ཤུལ་ཏུ
ང་ཚོ་ལ་ཅི་ཞིག་བསྐྱུར་ཡོད

མཚན་མོའི་གསེབ་ཀྱི་འཛུམ་མདངས་ནི་སེམས་ཀྱི་ཕུག་ཏུ་ཟུག
མུན་པའི་གསེང་གི་ཐ་སྙད་ནི་ཡིད་ཀྱི་གཏིང་ལ་ལྷུང
ཁ་བའི་ནང་གི་སེང་ཕྲུག་ཅིག་འདི་ལྟར་བུད་སོང
སྙིང་ལ་ལྕགས་ཀྱི་སྲང་ལམ་བཟོས་ནས་བུད་སོང
ལག་ཏུ་གཙང་བོའི་རྦ་རླབས་འཁྱེར་ནས་བུད་སོང
རྐང་བ་ནམ་མཁར་སྤོས་ནས་བུད་སོང

མཚོ་སྔོན་པོ
མདང་ནུབ་ཟླ་བ་མཐོང་བྱུང་ངམ
ཟླ་བའི་འཛུམ་ཞལ་མཐོང་བྱུང་ངམ
གསེར་ཉ་ཁྲི་ཕྲག་གི་ཚེ་སྲོག་མཐོང་བྱུང་ངམ

           ༢༠༡༥ /༦ /༢༧ ཉིན།  

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་པོའི་ཟླ་བ།

2015-11-20 སྒྲོག་ནག༼ མགོ་ལོག ༽ ཀློག་གྲངས། མཆན ཡོད།


ཁྱེད་ཀྱིས་གྱེས་ཕྱག་མཐའ་མ་དེ་མཚོ་ལ་བཞག
ཁྱེད་ཀྱིས་མིག་ཟུང་མཐའ་མ་དེ་གངས་ལ་གཏད
ཁྱེད་ཀྱིས་དུས་ཚོད་མཐའ་མ་དེ་གསེར་ཉར་གནང
ཁྱེད་རང་འདི་ལྟར་གློ་རྡེག་ཏུ་བུད་སོང

ཀྱེ་མ་ཇི་འདྲའི་ཕངས་བ་ལ

མཚོ་སྔོན་པོ ཁྱེད་ཀྱི་སྲོད་ཁ་འདིས
ང་ཚོའི་གློ་སྙིང་ཚལ་བར་གཤགས་ཤིང
ལག་པ་མེ་ཡིས་འཚིག་ཤུལ་ཏུ
ཤེས་རབ་ཆུ་ཡིས་ཁུར་ཤུལ་ཏུ
ང་ཚོ་ལ་ཅི་ཞིག་བསྐྱུར་ཡོད

མཚན་མོའི་གསེབ་ཀྱི་འཛུམ་མདངས་ནི་སེམས་ཀྱི་ཕུག་ཏུ་ཟུག
མུན་པའི་གསེང་གི་ཐ་སྙད་ནི་ཡིད་ཀྱི་གཏིང་ལ་ལྷུང
ཁ་བའི་ནང་གི་སེང་ཕྲུག་ཅིག་འདི་ལྟར་བུད་སོང
སྙིང་ལ་ལྕགས་ཀྱི་སྲང་ལམ་བཟོས་ནས་བུད་སོང
ལག་ཏུ་གཙང་བོའི་རྦ་རླབས་འཁྱེར་ནས་བུད་སོང
རྐང་བ་ནམ་མཁར་སྤོས་ནས་བུད་སོང

མཚོ་སྔོན་པོ
མདང་ནུབ་ཟླ་བ་མཐོང་བྱུང་ངམ
ཟླ་བའི་འཛུམ་ཞལ་མཐོང་བྱུང་ངམ
གསེར་ཉ་ཁྲི་ཕྲག་གི་ཚེ་སྲོག་མཐོང་བྱུང་ངམ

           ༢༠༡༥ /༦ /༢༧ ཉིན།  

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།