ཡིད་དུ་འོང་བའི་གཞོན་ནུ།
ཤེས་རབ་ཀྱི་གོ་གྲུ་ཆུང་ཆུང་ཞིག་ཆུ་ལ་བྱིང་སོང
དབྱར་ཁ་འདིར་ཐ་སྙད་ཀྱི་ལྗང་ལོ་གྲང་རེག་གི་ཟོལ་གྱིས་སྐྱེ
མི་རྣམས་ཀྱིས་ཁྭ་ཏའི་མགྲིན་པ་གཡར་ནས
རང་སེམས་ཀྱི་རྣམ་རྟོག་ལ་འག་སྐད་ཀྱིས་བྲབ
ཁྱེད་རང་གང་དུ་བཞུད་སོང
ཡིད་དུ་འོང་བའི་གཞོན་ནུ
ཡིད་དུ་འོང་བའི་འཆི་བ་མཚོན་བྱེད་ཀྱི
འབུ་མེ་ལྕེབས
༢༠༡༥ལོའི་ཟླ་༦ཚེས་སུམ་༣༠ལ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།