མི་ཕལ་བའི་ཉམས་རྟོགས།


མདུན་དུ་འགྲོ་བཞིན་པའི་སྐྱེས་བུ་དེས
ཕར་ཚུར་ལ་སྤྱན་རས་གཡོ་བའི་མི་དེས
ཡིད་ཀྱི་གླེགས་བམ་ཚོར་བར་འདྲེས་པའི་མི་ཕལ་བ་དེས
རང་ཉིད་ཀྱི་སྒེའུ་ཁུང་འགྲམ་དུ་མེ་ཏོག་བཏབས་རྗེས
འཇིག་རྟེན་གྱི་རྒྱ་ཁྱོན་རི་མོ་བཞིན་དུ་བྲིས་སོང

རི་བོ་དག་གི་མཐོ་ཚད་ཁོ་ནར་བལྟས་ན
རི་བོའིརྩེ་མོ་ལྷ་ཡུལ་དུ་ཡོད་སྙམ་སྐྱེས
མི་ཞིག་གི་གྲིབ་གཟུགས་ཁོ་ནར་བལྟས་ན
མི་དེ་རྩྭ་ལྡུམ་ཁྲོད་ཀྱི་སྲིན་འབུ་ཆུང་ཆུང་ཞིག་ཏུ་གྱུར་འགྲོ
དེ་བས་ངས་མེ་ལོང་ངོས་ཀྱི་རི་བོ་དག་འགུལ་བཞིན་པ་མཐོང་ན་བསམ
ཡོལ་བའི་ཕ་རོལ་གྱི་མི་དེ་ལ་ནམ་མཁའ་གཞན་ཞིག་ཡོད་པ་ཚོར་ན་འདོད

འཇིག་རྟེན་ལ་ཕྱི་ནང་མེད་པའི་བསྐལ་བ་དེར
སེམས་ན་རྟོགས་པ་ཡོད་པའི་མི་དེ་ཡིས
མཚན་ལྗོངས་སུ་གངས་རིར་རྐང་རྗེས་དཔར་མྱོང
རི་བོ་ཞིག་གི་མཐོ་སར་བལྟས་ཏེ་རྒྱུན་ཆད་མེད་པར་གླུ་གཞས་བླངས་མྱོང་
ཡིད་ཀྱི་སྤང་ལ་མེ་ཏོག་ལྗང་ཁུ་བཞད་སོང་བ་ལྟར

ལྐོག་ཏུ་གྱུར་བའི་ཞིང་ཁམས་དེ
གྲོང་ཁྱེར་གྱི་གཞུང་ལམ་ལས་ཀྱང་གསལ་པོ་ཡོད
འོན་ཀྱང་ཚོར་བ་ཁོ་ན་ཡིན་པའི་འཇིག་རྟེན་དེ་ལ་བདག་པོ་མི་འདུག
ཤེས་རབ་ཀྱི་གླེགས་བམ་ངོས་སུ
མི་ཕལ་བའི་རྟོགས་པ་སྐྱེས་རྗེས
      ༢༠༡༥ ཟླ་༠༧ཚེས་༡༦ལ་བྲིས།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཕལ་བའི་ཉམས་རྟོགས།

2015-12-07 གཉན་པོ། ཀློག་གྲངས། མཆན ཡོད།


མདུན་དུ་འགྲོ་བཞིན་པའི་སྐྱེས་བུ་དེས
ཕར་ཚུར་ལ་སྤྱན་རས་གཡོ་བའི་མི་དེས
ཡིད་ཀྱི་གླེགས་བམ་ཚོར་བར་འདྲེས་པའི་མི་ཕལ་བ་དེས
རང་ཉིད་ཀྱི་སྒེའུ་ཁུང་འགྲམ་དུ་མེ་ཏོག་བཏབས་རྗེས
འཇིག་རྟེན་གྱི་རྒྱ་ཁྱོན་རི་མོ་བཞིན་དུ་བྲིས་སོང

རི་བོ་དག་གི་མཐོ་ཚད་ཁོ་ནར་བལྟས་ན
རི་བོའིརྩེ་མོ་ལྷ་ཡུལ་དུ་ཡོད་སྙམ་སྐྱེས
མི་ཞིག་གི་གྲིབ་གཟུགས་ཁོ་ནར་བལྟས་ན
མི་དེ་རྩྭ་ལྡུམ་ཁྲོད་ཀྱི་སྲིན་འབུ་ཆུང་ཆུང་ཞིག་ཏུ་གྱུར་འགྲོ
དེ་བས་ངས་མེ་ལོང་ངོས་ཀྱི་རི་བོ་དག་འགུལ་བཞིན་པ་མཐོང་ན་བསམ
ཡོལ་བའི་ཕ་རོལ་གྱི་མི་དེ་ལ་ནམ་མཁའ་གཞན་ཞིག་ཡོད་པ་ཚོར་ན་འདོད

འཇིག་རྟེན་ལ་ཕྱི་ནང་མེད་པའི་བསྐལ་བ་དེར
སེམས་ན་རྟོགས་པ་ཡོད་པའི་མི་དེ་ཡིས
མཚན་ལྗོངས་སུ་གངས་རིར་རྐང་རྗེས་དཔར་མྱོང
རི་བོ་ཞིག་གི་མཐོ་སར་བལྟས་ཏེ་རྒྱུན་ཆད་མེད་པར་གླུ་གཞས་བླངས་མྱོང་
ཡིད་ཀྱི་སྤང་ལ་མེ་ཏོག་ལྗང་ཁུ་བཞད་སོང་བ་ལྟར

ལྐོག་ཏུ་གྱུར་བའི་ཞིང་ཁམས་དེ
གྲོང་ཁྱེར་གྱི་གཞུང་ལམ་ལས་ཀྱང་གསལ་པོ་ཡོད
འོན་ཀྱང་ཚོར་བ་ཁོ་ན་ཡིན་པའི་འཇིག་རྟེན་དེ་ལ་བདག་པོ་མི་འདུག
ཤེས་རབ་ཀྱི་གླེགས་བམ་ངོས་སུ
མི་ཕལ་བའི་རྟོགས་པ་སྐྱེས་རྗེས
      ༢༠༡༥ ཟླ་༠༧ཚེས་༡༦ལ་བྲིས།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།