འཆི་བ་གླེང་བ།
ཆུ་ནང་གི་མེ་ལྕེ་ཡིས་རང་གི་གནམ་གཤིས་ལ་འདྲ་པར་བསྐྱོན་ཚེ
ཀེང་རུས་ལྟར་མཛེས་པའི་གཉེར་མའི་ཁུགས་སུ་སྐད་སྒྲ་ཁོ་ན་ནག་པོར་བརྫུ
གད་དར་བྱེད་མི་དགོས་པའི་མེ་ཕུང་ཆུང་ཆུང་དག་གི་བསྐྱལ་བའི་ཚ་སྨུག་གིས
གྲིབ་མ་འཕུད་བྱུང་བ་ནི་རྡོའུ་ཟེགས་ནང་དུ་ཆུ་བླུགས་པ་བཞིན
རྔམ་མཐུག་པའི་མཁའ་དབུགས་ཀྱི་བརྡོལ་ཁ་གཤགས་སོང
རང་ལུས་ནས་ཕུད་པའི་རྔུལ་ཆུའི་དབྱངས་ནི་སུ་དང་གང་ལ་འབྲེལ་བ་མེད
ཆུའི་ཐིགས་པ་གཅིག་ནམ་མཁའ་ནས་མར་དྲིལ་འོང་ན
འབྲོག་རའི་ས་སྲོད་ལས་མངོན་པའི་བརྩམས་སྒྲུང་ནང་གི་ལྗང་ནེམ་ནེམ་གྱི་ལྕུག་ཕྲན་ཁོ་ན
རྟོག་བཏགས་གི་མ་བཟོས་པའི་གནས་མལ་ཡིན་སོང
སྡོམ་རྒྱའི་སྦྲེལ་བའི་ཁྲག་རྩའི་ས་ཁྲ་ལས
སེམས་ཀྱི་བཙོན་ར་ལས་ལག་པ་ཕྱི་རོལ་ཏུ་གཡུགས་ཐུབ་རུང་ལུས་པོ་ཐར་མི་ཐུབ་པ་བཞིན
ངོ་གདོང་འགེབ་བྱེད་ཀྱི་རས་ཕུད་དེའི་ནང་དུ
འཆི་བའི་གཏེར་མཛད་བསྔོགས་བྱེད་ཀྱི་གསེར་ཡིག་ལུས་འདུག
ཐང་ཆད་པའི་འཆི་བའི་མངའ་ཁོངས་སུ་བཅར་བར་གོམ་པ་གཅིག་ཡོད
འཁྱག་བསིལ་བསིལ་གྱི་རྩ་རྐང་གཅིག་པོ་དེ་ཁ་ཆེམས་ཀྱི་ཡི་གེའི་ཐིགས་ཕྲེང་ལས་རིང
སྡོང་རྒན་ཞིག་གི་བརྩད་པ་ལྟར་འཛིངས་བའི་མིག་གི་ཁམས་སུ་མུན་པའི་ལོ་མ་བབས
འགད་རྫས་ལྟ་བུའི་ཐ་སྙད་དག་བསྒྲིགས་ཏེ་སུ་དང་གང་ལའང་བསྐུར་མི་ཐུབ
ཁ་མི་གྲགས་པའི་ཐ་སྙད་ནི་འགྱུར་བ་གཏོང་མི་ཐུབ་པའི་མཇུག་མཐའི་ལྗོངས་རྒྱུར་རོལ་ས་ཡིན
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།