ཧོར་ཟླ་བཅུ་བ་དང་ཁྱོད་ལ་བྲིས་པའི་སྙན་ངག༼ཞར་བཀོད་གཅིག་ཡོད ༽
ཧོར་ཟླ་བཅུ་བའི་ངོ་གདོང་གི་སྨ་ར
སྒེའུ་འགྲམ་དུ་ཟགས་ལ
ཕྱི་ནང་གི་གྲང་རེག་ལ་ཉི་ཟེར་གྱིས་བྱིལ་བྱིལ་གཏོང
ཉིན་འདི་གར་ཁྱོད་ལ་བྲིས་པའི་སྙན་ངག་དེ
ཧོར་ཟླ་བཅུ་བའི་ཕྲག་སྟེང་ན་དཔྱངས་བའི་ཉི་མ་དེའོ
ཡང་ན རླུང་གིས་བསྒུལ་བའི་གཡེར་དྲིལ་དེའང
དུས་ཚོད་ཀྱི་སྦུབས་སུ་ལྷུང་བའི་ཤིང་ལོ་རེ་འགའ
དྲན་གདུང་གི་སྐྲ་ལོར་འཁྱུད་ལ
བྱིས་དུས་ཀྱི་ཁུར་མོང་དེའང་དྲན་བྱུང
ཧོར་ཟླ་བཅུ་བ་ནི་ཁེར་རྐྱང་གི་བྱེའུ་དེའོ
ཡང་ན་ཁྱོད་ལ་བྲིས་པའི་སྙན་ངག་གི་ལྡེབས་རིས་དེའང
༢༠༡༥-༡༢-༠༣ཉིན་ལ།
ནམ་ཕྱེད་དུ་བྲིས་པའི་སྙན་ངག་ཅིག
དོ་ནུབ ང་རང་ཟླ་བའི་གྲུ་གཟིངས་ལ་བསྡད་དེ
མི་ལོ་དུ་མར་བྲིས་པའི་སྙན་ངག་དག
གཅིག་རེ་གཅིག་རེ་བྱས་ཏེ་འཛམ་གླིང་གི་གྲུ་ཁ་སོ་སོར་སྐྱེལ་འདྲེན་བྱ་ན་འདོད
༢༠༡༥-༡༡-༢༥ཉིན་ལ་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།