མཚན་མོ་རྟག་ཏུ་ངུ།
མོ་ཧྲེང་དེ་དག་གི་རལ་བར་འཁྱིལ་བ
ཆགས་སྡང་དང་རེ་དོགས་ཀྱི་དུག་ཆུ
མུན་ནག་གི་རབ་ཁར་བརྒལ་བའི་རྐང་ལམ་དུ
ཕྲ་ཚོམ་གྱི་མེ་ཏོག་བཞད་པའི་སྐྱེད་ཚལ་ཞིག་ག་ལ་ཡོད
རྒྱ་མཚོའི་རྦ་རླབས་བཞིན་གྱི་ཞེ་མེར
ཞལ་ངོར་འབྲད་པའི་སྡེར་མོ་དམར་པོ
སུ་ཡི་མདུན་དུ་སྒྲེན་པོར་རྒྱུ་བའི་གློ་སྙིང་གང་དུ་སྦས་ཡོད
འཆི་བར་བཏབ་པའི་རྗེས་ནག་པོ
ཉི་ནུབ་ཀྱི་མདུན་སར་བཞག་པའི་རས་དར་ཞིག
ནམ་ཞིག་གི་ལྷིང་འཇགས་ནི་གསོན་པ་ལས་མདངས་ཡག་པ་དེ
ཡང་ན་གསོན་པ་ལས་འཇིགས་ཡེར་བ་དེ་ཡིན
ཟླ་འོད་ལ་འཁྲིལ་བའི་དུ་སྨུག
བྲང་སྙིང་ལས་ཡར་འཕགས་པའི་ལྗོན་པ་ཞིག
མཚན་མོར་འཇུས་པའི་སྡུག་ཡུས་གང་དུ་གཡོ
༢༠༡༦-༡-༡ འབྲོག་ཐང་དུ་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།