སྐྱོ་བ།༼ ཞར་བཀོད་གཅིག་ཡོད ༽
འཇིག་རྟེན་འདི་མྱ་ངམ་ཐང་ཞིག་ཡིན་ནམ
ང་ཡི་སྒེའུ་ཁུང་ལས་མཆེད་པའི་འོད་དེ་འཁྱག་པ་ལ
ཕྱི་རོལ་གྱི་མུན་པ་མེ་ལོང་དུ་ཟུག་སྟེ
གཟུགས་ཀྱི་ཕུང་བོ་ཞིག་ཡོར་ཡོར་སྒུལ
ང་རང་ཁེར་ཧྲེང་ངང་རི་མོ་དེར་འདྲེས་དུས
ལྷིང་འཇགས་ཀྱི་མཚན་མོ་ཕར་ལ་ཡོལ་ཟིན
ད་ལྟ་འུར་ཟིང་དང་ཟོལ་རྫུ
འཕྱ་དམོད ང་རྒྱལ་ཙམ་གྱིས་གང་བའི་སྲིད་པ་འདི
ཤིན་ཏུ་ཆུང་ཞིང་དེ་ལ་ནམ་མཁའ་ཞེས་མཛུབ་མོ་གཏད་ས་མེད
ས་གཞི་ཁོ་ན་རང་ཉིད་ཀྱི་རྐང་འོག་ལ་བཅུག་ནས
རི་ཆུ་ནགས་གསུམ་གྱི་ཁྲོད་དུ་རྐང་རྗེས་ཕབ
རྐང་རྗེས་རེ་རེའང་བྱེའུ་ཞིག་དང་འདྲ་བར
གཤོག་པ་གཞན་གྱིས་བཅད་འདུག
ཆང་འདི།
ཆར་བ་ཆུང་ཆུང་འདི
ཁྱེད་ཀྱི་རང་ཉིད་ཀྱི་མིག་ཆུ་ལ་འཁྲུལ་ངེས་སམ
ངས་ཆང་འདི་འཐུང་བཞིན་བསམ་བློ་དེ་ལྟར་བཏང་བ་ཡིན
མུན་པ་ནི་ལྕགས་རི་མཁྲེགས་པོ་ཞིག་དང་འདྲ་བར
བདག་གི་ཡིད་སེམས་ཀྱི་གཏིང་དང
ཁྱེད་ཀྱི་འཚོ་བ་ཡི་ཕུག་སོགས་བསྐོར་བར་བྱ་དུས
སྲང་ལམ་གྱི་ཁྱི་ཕྲུག་དེ་གློ་བུར་དུ་ཤི་འགྲོའམ
མེ་ལོང་ནི་རྡུལ་གྱི་ཕོ་བྲང་ནག་པོ་ཞིག་དང་འདྲ་འདུག
རླུང་གི་མདུན་ཐད་ན་གཡོ་ཞིང་གཡོ
ངས་དེ་ཡི་སྒེའུ་ཁུང་སྤྱད་ནས་རང་གི་ཕ་ཡུལ་ལ་བལྟས་མོད
བལྟས་ཀྱིན་བལྟས་ཀྱིན་ངས་ཆང་འདི་སྟོབས་ཀྱིས་འཐུང་འདོད
གལ་ཏེ ང་བཟི་སོང་ན
ཁྱེད་ཀྱིས་བདག་ལ་གནས་ཚང་ལྟ་བུའི་སྐད་ཆ་ཅི་ཡང་བཤད་མི་དགོས
ང་དྲང་ཐད་ཀྱི་རོལ་དབྱངས་ཁང་དེར་བུད་འགྲོ
དེ་ནས་ངས་མུ་མཐུད་དུ་ཆང་འཐུང་རྒྱུ་མིན་མོད
ང་རང་མྱོང་བྱ་གཞན་ཞིག་གིས་བཟི་བར་བྱ་ངེས
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།