མེ་ལྕེ་ལས་མཐོང་བའི་བདག་གི་གར་མ།
༡
དབྱངས་ང་རོ་གྱེར་བའི་སྲོག་ལྡན
ཁེར་ཧྲེང་གི་སྐྱོ་གཞས་སྙན་མོ
བདག་གི་འཁྱག་རླུང་ལ་རེག་པའི་ལག་པ་དྲོན་པོ
སེང་གེའི་གཡུ་རལ གཡུ་རལ་གསིག་གསིག་གི་དབྱིབས
༢
སུན་སྣང་གི་སྙིང་ལ་འཇུས་པའི་གཟུགས་ཅན
མེ་ལོང་གི་ངོས་སུ་འཕྱོ་ལྡིང་བྱ
ཁྱེད་ཀྱི་ཕྱོགས་སུ་འཕུར་བའི་བྱ་དཀར་པོ
རྨི་ལམ་གྱི་གར གར་ལ་ཐིམ་པའི་སྲོག་གི་འོད་རླབས
༣
འཆི་བའི་ལམ་གྱི་གཟེར་མ
གངས་རི་དང་རྩྭ་ཐང་ཁོག་ཏུ་གཅུད
དཀར་ནག་ས་མཚམས་ཀྱི་མེལ་ཚེ་ཡིན
རྒྱང་ལ་བྲིས་པའི་ལམ ལམ་དུ་འཆར་བའི་འགྲོ་དྲུག་གི་གཟུཊ་བརྙན
༤
ཅི་ཡང་འཇིངས་སུ་ནུབ མེ་འོད་ཀྱི་འཇིངས་སུ་ནུབ
ཞེད་སྣང་དང་སྐྱོ་གར་ཚ་བོ མེད་པར་གྱུར
མཐོ་སྒང་གི་རྣམ་ཤེས་ཁུར་བའི་སེམས་ཅན
སྲོག་གི་དང་རྟེན རྟེན་གྱི་སྙིང་བོ་འཕྲོ་བའི་མེ་འོད
2016-2-15
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།