ལོ་སྔོན་མ་ཞིག་ལ།
ལོ་སྔོན་མ་ཞིག་ལ
ང་ནི་འཁོར་བ་ལ་ཞེན་པ་ལོག་པའི་མི་ཞིག
ཁྱེད་དང་འཕྲད་རྗེས
འཁོར་བ་ལ་མོས་ཤིང འཇིག་རྟེན་ལ་དད་པ་ཞིག་ཏུ་གྱུར
དེ་རྗེས་འཁོར་བ་དང་དུ་བླངས བུད་མེད་ཐོད་པར་བཏགས
འཁོར་བས་གཡོག་པོ་བྱས
ལོ་སྔོན་མ་ཞིག་ལ
ངའི་ངོ་གདོང་འཛུམ་གྱིས་གང་ཞིང་སེམས་པ་སྤྲོ་བས་ཁེངས་ཡོད
ཁྱོད་དང་འཕྲད་རྗེས
སེམས་པར་འཁྲུལ་བ་མང ངོ་གདོང་ནག་པོས་སྒྲིབ་པ་ཞིག་ཏུ་གྱུར
དེ་རྗེས་མིག་ཆུའི་ཕྲེང་བ་བཟོས སྡུག་བསྔལ་པང་དུ་བླངས
ཚེ་སྲོག་གསར་བར་སྒུག
༢༠༡༦.༡.༡༥ཉིན།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།