གཙང་འགྲམ་གྱི་གདུང་སེམས།

ཐོ་ཡོར།༼ དཀར་མཛེས ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-03-23

ངའི་ལག་མཐིལ་གྱི་རི་མོའི་ནང་དུ་རྒྱ་མཚོ་ཆེན་པོ་ཞིག་ཡོད
གློ་རྡེག་ལ་ཁྱོད་ཀྱིས་རི་མོ་དེ་རང་སེམས་ཀྱི་ནག་ཐིགས་ཤིག་ཏུ་བསམ་བཞིན་བསུབས་པས
ང་རང་རྒྱ་མཚོ་ཆེན་པོ་དེའི་གཏིང་དུ་བྱིངས་སོང

གནས་དེ་རུ་མཚོ་འབུ་སྐར་མ་རེ་དང
ཁ་མི་གྲག་པའི་རྡོ་བ་རེ་ལས་ཅི་ཡང་མི་འདུག
ང་རང་རྡོ་བར་ཁེན་ནས་མཚོ་འབུ་སྐར་མ་རེ་རེའི
དྭངས་གཙང་གི་འགུལ་སྐྱོད་ལ་བལྟས་པ་ཡིན
ཁོ་ཚོས་ང་ཡི་རྨི་ལམ་དུ་ལྷིང་འཇགས་ཀྱི་སྒེའུ་ཁུང་ཞིག་བཟོས་སོང
སྒེའུ་ཁུང་ནང་ནས་ཆུང་དུས་ཀྱི་རྩེད་ར་མཐོང་ཐུབ

སྐབས་རེར་ངས་ཁོ་ཚོ་རང་གི་ཕ་མ་དང
གཉེན་ཉེ་མཛའ་གྲོགས་སོགས་ཡིན་པར་བློས་བསླངས་བྱས་པ་ཡིན
ཁོ་ཚོས་ང་ལ་སྣང་དོགས་བྱེད་མི་སྲིད
ང་ནི་རྡོ་བ་ཞིག་རེད་བསམ་ནས
ཁོ་ཚོས་ངའི་ལུས་སྟེང་ནས་གནས་ཚང་ཞིག་འཚོལ་བཞིན་འདུག
དོན་ངོ་མར་ངས་ཀྱང་གནས་ཚང་ཞིག་འཚོལ་བཞིན་ཡོད

མཚོ་ཞབས་ནས་ནམ་མཁར་བལྟས་ན
མཚོ་སྟེང་གི་འགྲུལ་བཞུད་མཐོང་ཐུབ
གྲུ་བ      རྦ་རླབས   གྲུ་ཡོར
གྲུ་ཁེམས་སོགས་མཐོང་ཐུབ
དུས་ཚོད་དང་མི་ཡུལ་གྱི་འགལ་འདུའི་རྦ་རླབས་ཀྱིས་དེད་པའི
གྲུ་བ་ནི་མཚོ་སྟེང་ནས་ཧ་ཅང་ཆུང
མཚོ་ཞབས་ཀྱི་མཚོ་འབུ་སྐར་མ་དག་ལས་ཀྱང་ཆུང
སྐྱོ་ཡུས་ཀྱི་གྲུ་ཁེམས་རེ་རེས་དངུལ་ཆུ་དང་མཚོ་ཆུ་མཉམ་དུ་དཀྲུགས

མི་ཡུལ་གྱི་ཉེས་པ་ལྟ་བུའི་གྲུ་ཡོར་གྱིས
མཚོ་ཞབས་འདི་མུན་པས་བསྒྲིབས་པ་ན
ང་ཡི་གནས་ཚང་ཞིག་འཚོལ་ཐབས་མ་བྱུང
མཚོ་འབུ་སྐར་མ་དེ་ཚོ་ཡང་ཡུལ་ལ་ལོག་ཐབས་མ་བྱུང

སྐབས་འདིར་ང་ཡི་མིག་ཆུ་གཤོག་པ་ཆད་པའི་ཕྱེ་ལེབ་ཅིག་ལྟར
ཡིད་ཀྱི་སྐྱོ་གདུང་དང་བཅས་འབྲི་བཞིན་པའི་རི་མོའི་སྟེང་དུ་བབས་པ་ན
རི་མོ་དེའི་ལས་སྐལ་ཆུ་ཐིགས་ཕྲ་མོས་་ཁུར་ནས་རྒྱ་མཚོར་འདྲེས་སོང
ཤུལ་དུ་ལུས་པའི་རི་མོ་བསུབས་ཤུལ་གྱི་ཤོག་བུ་སྟོང་བ་དེ་བྱེ་ཐང་སྐྱ་བོ་ཞིག་ཏུ་གྱུར་སོང
གཙང་འགྲམ་གྱི་ང་ཡང་ཕྱིར་ཡུལ་དུ་ལོག་སོང

                       2015.10.5.ཉིན་གསེར་ཐང་ནས་བྲིས།

                                                                   རྩོམ་སྒྲིག་པ། ལྷ་སྐྱིད།

                                                                                                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཙང་འགྲམ་གྱི་གདུང་སེམས།

2016-03-23 ཐོ་ཡོར།༼ དཀར་མཛེས ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།