ཐལ་ལྕག༼ ཞར་བཀོད་གསུམ་ཡོད ༽


རྡོ་བཞུ   ལྕགས་ཀྱང་བཞུ
ཆར་བས་བཀྲུས་ཏེ་དག་ཟིན་པ་དག
སྙིང་ལ་བསྲེ་བར་འབད
མུན་པ་ནས་སྐྱེས་ནའང
མུན་པས་གོས་མེད
ཙན་དན་གྱི་ལོ་མས་བསིལ་བ་འགམ
ཉི་འོད་ཀྱི་ཟེར་མས་གྲིབ་མ་བཞོག
དུས་རྒྱུན  གཡོ་བ་མེད་ཀྱི་གཙང་པོ་དང
ངང་བའི་ཚོགས
འཁྱག་ལྟོགས་མེད་པའི་རྡོ་བའི་སྟེང་གི་ཚ་དྲོད་ལ་འཐམ

                   
2015.  9. 30

                            འུར་ཟིང་།

དུས་ལ་མ་བབ་པའི་ལྕགས་སྒྲོག
དུས་ཀྱིས་བསྐལ་བའི་ཤ་ཁྱི
འདི་གཉིས་དམྱལ་ཁམས་ཀྱི་སློང་མོ་བ་རེ་རེ་ཡིན
མཐའ་འཁོར་གྱི་ཅེ་སྤྱང་དང
ཕྲ་མེན་གྱི་ཚོགས་ནི་སྤྲུལ་བསྒྱུར་ཞིག
ནགས་ཚལ་དང་མེ་འོབས་སུ་འཕག་འཚག་བྱེད

ཉ་དང་སྡིག་སྦྲུལ་དག
གསོམ་སྡོང་ངོས་སུ་འཁྲིལ་ནས་བཞད
རྡོ་སྲེག་དང་ཨར་འདམ་གྱིས་བཙེམས་པའི་ལག་པ་དང་མིག
སྟོངས་པ་བཟེད་ནས་ཅི་ཙམ་འགོར

བདེ་སྡུག་ནི་ཇ་ཁའི་སྤྲིས་མ་ཞིག་སྟེ
མཐའ་མེད་དུ་སྤྱོད་རུང་ཚིམ་པ་མེད་པར་གཡུལ་འགྱེད་པར་བྱེད
གྲོག་ཚང་ནང་གི་ངལ་རྩོལ
ཅི་འདྲའི་ངམ་གནག་ཅིང་ཞེ་མེར་བ་ལ་ཨང

                                             2015. 9. 19

                                རྩིག་པ་སྔོན་པོ།

གཡུ་འབྲུག་འཁྱུག་ཤུལ་ཀྱི
གནའ་བོའི་རྩིག་པ་སྔོན་པོ
ཁྱུང་ཆེན་གྱི་སྡེར་ལྕག་གིས་ཉི་མའི་གདོང་ལ་བསྐྱིལ

སེམས་ཀྱིས་བཞུས་པའི་གཙང་པོ་སེར་བོ
སའི་ཐེག་པར་དཀའ་བའི
བཞུར་རྒྱུན་རིང་བོ་འཐེན་དུ་བཅུག

འོད་ཀྱིས་བྲན་པའི་གླེགས་བམ་དུ
བཙན་རྫོང་གི་ས་མིག་བཙལ་བ་འདི
དག་ཞིང་ཞིག་རྟོག་བཟོ་བྱས་པའང་འདི

                            2015. 9. 10

                               རང་ཉིད་བོར་ཚུལ།


སོ་སོ་རྨི་ལམ་གྱི་སྡིག་སྒྲིབ་འོག་ཏུ་ལུས

ཆོ་ངེ་ཞིག་ལས་དུས་ཀྱི་ཅོང་སྒྲ་རྣ་བས་བོར་ཟིན

རྒྱང་དུ་བོར་བ་རང་ལུས་འདོམ་གང་མ་རེད

རྐང་རྗེས་གསུབ་མཁན་གྱི་རང་ཉིད་རེད

རང་ཉིད་བོར་ཚུལ་ཡང

རྐང་རྗེས་ཀྱི་བདག་པོ་ཞིག་བོར་ཚུལ་རེད

ཚ་ལམ་ལམ་གྱི་རྐང་རྗེས་ནི་གང་དུ

འོད་ཀྲིག་ཀྲིག་གི་རྐང་རྗེས་ཀྱང་གང་དུ


                         
      2015.  9. 18


                                                                        རྩོམ་སྒྲིག་པ། དབང་མོ།

                                                                                 
                                                                                                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐལ་ལྕག༼ ཞར་བཀོད་གསུམ་ཡོད ༽

2016-03-28 དུར་འཕག ཀློག་གྲངས། མཆན ཡོད།


རྡོ་བཞུ   ལྕགས་ཀྱང་བཞུ
ཆར་བས་བཀྲུས་ཏེ་དག་ཟིན་པ་དག
སྙིང་ལ་བསྲེ་བར་འབད
མུན་པ་ནས་སྐྱེས་ནའང
མུན་པས་གོས་མེད
ཙན་དན་གྱི་ལོ་མས་བསིལ་བ་འགམ
ཉི་འོད་ཀྱི་ཟེར་མས་གྲིབ་མ་བཞོག
དུས་རྒྱུན  གཡོ་བ་མེད་ཀྱི་གཙང་པོ་དང
ངང་བའི་ཚོགས
འཁྱག་ལྟོགས་མེད་པའི་རྡོ་བའི་སྟེང་གི་ཚ་དྲོད་ལ་འཐམ

                   
2015.  9. 30

                            འུར་ཟིང་།

དུས་ལ་མ་བབ་པའི་ལྕགས་སྒྲོག
དུས་ཀྱིས་བསྐལ་བའི་ཤ་ཁྱི
འདི་གཉིས་དམྱལ་ཁམས་ཀྱི་སློང་མོ་བ་རེ་རེ་ཡིན
མཐའ་འཁོར་གྱི་ཅེ་སྤྱང་དང
ཕྲ་མེན་གྱི་ཚོགས་ནི་སྤྲུལ་བསྒྱུར་ཞིག
ནགས་ཚལ་དང་མེ་འོབས་སུ་འཕག་འཚག་བྱེད

ཉ་དང་སྡིག་སྦྲུལ་དག
གསོམ་སྡོང་ངོས་སུ་འཁྲིལ་ནས་བཞད
རྡོ་སྲེག་དང་ཨར་འདམ་གྱིས་བཙེམས་པའི་ལག་པ་དང་མིག
སྟོངས་པ་བཟེད་ནས་ཅི་ཙམ་འགོར

བདེ་སྡུག་ནི་ཇ་ཁའི་སྤྲིས་མ་ཞིག་སྟེ
མཐའ་མེད་དུ་སྤྱོད་རུང་ཚིམ་པ་མེད་པར་གཡུལ་འགྱེད་པར་བྱེད
གྲོག་ཚང་ནང་གི་ངལ་རྩོལ
ཅི་འདྲའི་ངམ་གནག་ཅིང་ཞེ་མེར་བ་ལ་ཨང

                                             2015. 9. 19

                                རྩིག་པ་སྔོན་པོ།

གཡུ་འབྲུག་འཁྱུག་ཤུལ་ཀྱི
གནའ་བོའི་རྩིག་པ་སྔོན་པོ
ཁྱུང་ཆེན་གྱི་སྡེར་ལྕག་གིས་ཉི་མའི་གདོང་ལ་བསྐྱིལ

སེམས་ཀྱིས་བཞུས་པའི་གཙང་པོ་སེར་བོ
སའི་ཐེག་པར་དཀའ་བའི
བཞུར་རྒྱུན་རིང་བོ་འཐེན་དུ་བཅུག

འོད་ཀྱིས་བྲན་པའི་གླེགས་བམ་དུ
བཙན་རྫོང་གི་ས་མིག་བཙལ་བ་འདི
དག་ཞིང་ཞིག་རྟོག་བཟོ་བྱས་པའང་འདི

                            2015. 9. 10

                               རང་ཉིད་བོར་ཚུལ།


སོ་སོ་རྨི་ལམ་གྱི་སྡིག་སྒྲིབ་འོག་ཏུ་ལུས

ཆོ་ངེ་ཞིག་ལས་དུས་ཀྱི་ཅོང་སྒྲ་རྣ་བས་བོར་ཟིན

རྒྱང་དུ་བོར་བ་རང་ལུས་འདོམ་གང་མ་རེད

རྐང་རྗེས་གསུབ་མཁན་གྱི་རང་ཉིད་རེད

རང་ཉིད་བོར་ཚུལ་ཡང

རྐང་རྗེས་ཀྱི་བདག་པོ་ཞིག་བོར་ཚུལ་རེད

ཚ་ལམ་ལམ་གྱི་རྐང་རྗེས་ནི་གང་དུ

འོད་ཀྲིག་ཀྲིག་གི་རྐང་རྗེས་ཀྱང་གང་དུ


                         
      2015.  9. 18


                                                                        རྩོམ་སྒྲིག་པ། དབང་མོ།

                                                                                 
                                                                                                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།