གྲོང་ཚོ་དེ་དང་བུ་མོ་ཁྱོད།

མེ་ཏོག་ཕོན་པོ་ཞིག་ལག་ཏུ་བཟུང་སྟེ
བརྩེ་བ་ཡིན་པའི་མཚོ་མོའི་འགྲམ་ནས
སྨྲ་བ་མེད་པར་གྲོང་ཚོ་དེའི་ནང་དོན་ལ་ཉན་ཡོད


འཇིག་རྟེན་ལ་ཕྱི་ནང་མེད་པའི་དབང་དུ་བཏང་ན
སེམས་ཀྱི་དབྱར་ལྗོངས་ལྟ་བུའི་བུ་མོ་ཁྱེད་ལ
ངས་རང་ཉིད་ཀྱི་སྣང་བ་ཤར་མར་འགྲེལ་འདོད


མི་ཞིག་གི་ངོས་ནས་བཤད་ན
ང་ཉེ་བའི་འཇིག་རྟེན་གྱི་ངོ་གདོང་ནས
ཁ་བ་ལྟ་བུའི་དྭངས་གཙང་གི་བུ་མོ་ཞིག་ལ
སེམས་ངོས་ཀྱི་རི་མོ་རེ་རེའི་མཚོན་དོན་བཤད་ན
མུན་པ་ག་ལེར་ཡལ་བའི་སྐབས་ཀྱི
ཉི་འོད་ག་ལེར་འཚེར་བའི་དུས་ཀྱི
བྱ་དངོས་ཡོད་ཚད་སེམས་ངོས་ཀྱི་མཛེས་སྡུག་ཏུ་སྦྲུམ་འོང

 
བདུད་རྩི་ལྟ་བུའི་ལོ་ཟླའི་ཆུ་བོ
བརྩེ་བ་འདྲ་བའི་སེམས་སུ་མིད་རྗེས
ཞེ་ལ་ཐོགས་པའི་མིག་འོད་དང་སེམས་ངོ་དྲན་ན
རྒྱུད་མངས་ཀྱི་དབྱངས་རྟར་སྦྲུམ་ཆོག་པའི་བུ་མོ་ཁྱེད་ལ
ནང་དོན་རང་ཉིད་ཡིན་པའི་རོལ་མོ་ཞིག་དཀྲོལ་འདོད

                        ཉིས་སྟོང་བཅོ་ལྔ་ལོའི་དགུན་འགོར་བྲིས།

                                                                 རྩོམ་སྒྲིག་པ། དབང་མོ།

                                                                             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཚོ་དེ་དང་བུ་མོ་ཁྱོད།

2016-05-13 གཉན་པོ། ཀློག་གྲངས། མཆན ཡོད།

མེ་ཏོག་ཕོན་པོ་ཞིག་ལག་ཏུ་བཟུང་སྟེ
བརྩེ་བ་ཡིན་པའི་མཚོ་མོའི་འགྲམ་ནས
སྨྲ་བ་མེད་པར་གྲོང་ཚོ་དེའི་ནང་དོན་ལ་ཉན་ཡོད


འཇིག་རྟེན་ལ་ཕྱི་ནང་མེད་པའི་དབང་དུ་བཏང་ན
སེམས་ཀྱི་དབྱར་ལྗོངས་ལྟ་བུའི་བུ་མོ་ཁྱེད་ལ
ངས་རང་ཉིད་ཀྱི་སྣང་བ་ཤར་མར་འགྲེལ་འདོད


མི་ཞིག་གི་ངོས་ནས་བཤད་ན
ང་ཉེ་བའི་འཇིག་རྟེན་གྱི་ངོ་གདོང་ནས
ཁ་བ་ལྟ་བུའི་དྭངས་གཙང་གི་བུ་མོ་ཞིག་ལ
སེམས་ངོས་ཀྱི་རི་མོ་རེ་རེའི་མཚོན་དོན་བཤད་ན
མུན་པ་ག་ལེར་ཡལ་བའི་སྐབས་ཀྱི
ཉི་འོད་ག་ལེར་འཚེར་བའི་དུས་ཀྱི
བྱ་དངོས་ཡོད་ཚད་སེམས་ངོས་ཀྱི་མཛེས་སྡུག་ཏུ་སྦྲུམ་འོང

 
བདུད་རྩི་ལྟ་བུའི་ལོ་ཟླའི་ཆུ་བོ
བརྩེ་བ་འདྲ་བའི་སེམས་སུ་མིད་རྗེས
ཞེ་ལ་ཐོགས་པའི་མིག་འོད་དང་སེམས་ངོ་དྲན་ན
རྒྱུད་མངས་ཀྱི་དབྱངས་རྟར་སྦྲུམ་ཆོག་པའི་བུ་མོ་ཁྱེད་ལ
ནང་དོན་རང་ཉིད་ཡིན་པའི་རོལ་མོ་ཞིག་དཀྲོལ་འདོད

                        ཉིས་སྟོང་བཅོ་ལྔ་ལོའི་དགུན་འགོར་བྲིས།

                                                                 རྩོམ་སྒྲིག་པ། དབང་མོ།

                                                                             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།