སང་ཉིན་ང་རང་སྨྱོས་པར་གྱུར་ཚེ།


བདག་གི་ཚེ་སྲོག་གི་ལྭ་བ་ཤིན་ཏུ་སྲབ
ངས་ཁྱེད་ལ་རུམ་ཁའི་དྲོད་སྣང་སྟེར་མ་ཐུབ
བདག་གི་མྱ་ངན་གྱི་མུན་པ་རབ་ཏུ་མཐུག
ངས་ཁྱེད་ལ་འོད་ཀྱི་སྐྲ་སྒྲོག་ཉོ་མ་ཐུབ
དུས་རབས་འདི་ང་འགྲོ་སའི་སྲང་ལམ་ཆེས་མཐའ་མ་དེ་ཡིན་ཚེ
དེ་གའི་བཅོས་འཛུམ་གྱི་ཆར་བ་མུན་ནག་གིས་གྱོན་པས
ངས་ཁྱེད་ལ་བདག་གི་རྣམ་ཤེས་ཀྱིས་འཚོས་པའི་ལུག་ཁྱུ་སྟོན་མ་ཐུབ

སང་ཉིན་ང་རང་སྨྱོས་པར་འགྱུར་ཚེ
བདག་གི་ཚེ་སྲོག་གི་ལྭ་བ་སྔར་ལས་ཀྱང་སྲབ་པས
ངས་ང་རང་གི་ནང་སེམས་ཀྱི་གཙང་ཆབ་བཞེས་མི་ཐུབ
མཚར་སྡུག་དང་དཔའ་མཛངས་ཀྱི་ཉི་ཤར་མཐོང་མི་ཐུབ
ཁྱེད་རང་མཐོང་མི་ཐུབ
མཐའ་ན་ཁྱེད་ཀྱི་རྒྱབ་གཟུགས་ནི་གཏིང་རིང་བའི་རྨ་ཁའི་གཡང་གཟར་ཞིག་ཡིན་པ་ཡང་ངོས་མི་ཟིན


དགོངས་དག་ཞུ
ང་རང་འཇིག་རྟེན་ནས་དེ་ལྟར་ཕམ་ངེས་ཚེ
ཁྱེད་ཀྱི་ནང་སེམས་ཀྱི་གངས་རི་ཁོ་ན་ང་ལ་ཕུལ་རོགས
སེང་གེའི་གཡུ་རལ་གྱི་ནགས་ཚལ་ང་ལ་འཇོག་རོགས
ང་རང་དེ་ལྟར་སྨྱོས་པར་གྱུར་ཚེ
བདག་གི་ཚེ་སྲོག་གི་ལྭ་བ་ཤིན་ཏུ་སྲབ་པས་མཚམས་རེར་ངས་ཁྱེད་ཀྱི་མིང་ནས་འབོད་སྲིད
ང་ལ་མེ་ལྕེ་མཁོ ང་ལ་ཆུ་མཁོ ང་ལ་ཁ་དབུགས་མཁོ

སང་ཉིན་ང་རང་སྨྱོས་པར་གྱུར་ཚེ
སང་ཉིན་ང་རང་ཕམ་པར་གྱུར་ཚེ
ང་ཡི་རྣམ་ཤེས་ཀྱི་བྲང་ངོས་སུ་བཏབ་པའི་ཁ་བ་དཀར་པོ
ང་ལ་ཆུ་ཁྱེར་ཤོག གངས་ཀྱི་ཞུན་མ་ལས་བཙགས་པའི་རྫ་ཆུ་བསིལ་མ་ཁྱེར་ཤོག

   
                                                                                          རྩོམ་སྒྲིག་པ། དབང་མོ།

                                                                             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སང་ཉིན་ང་རང་སྨྱོས་པར་གྱུར་ཚེ།

2016-05-18 མགར་དམག ཀློག་གྲངས། མཆན ཡོད།


བདག་གི་ཚེ་སྲོག་གི་ལྭ་བ་ཤིན་ཏུ་སྲབ
ངས་ཁྱེད་ལ་རུམ་ཁའི་དྲོད་སྣང་སྟེར་མ་ཐུབ
བདག་གི་མྱ་ངན་གྱི་མུན་པ་རབ་ཏུ་མཐུག
ངས་ཁྱེད་ལ་འོད་ཀྱི་སྐྲ་སྒྲོག་ཉོ་མ་ཐུབ
དུས་རབས་འདི་ང་འགྲོ་སའི་སྲང་ལམ་ཆེས་མཐའ་མ་དེ་ཡིན་ཚེ
དེ་གའི་བཅོས་འཛུམ་གྱི་ཆར་བ་མུན་ནག་གིས་གྱོན་པས
ངས་ཁྱེད་ལ་བདག་གི་རྣམ་ཤེས་ཀྱིས་འཚོས་པའི་ལུག་ཁྱུ་སྟོན་མ་ཐུབ

སང་ཉིན་ང་རང་སྨྱོས་པར་འགྱུར་ཚེ
བདག་གི་ཚེ་སྲོག་གི་ལྭ་བ་སྔར་ལས་ཀྱང་སྲབ་པས
ངས་ང་རང་གི་ནང་སེམས་ཀྱི་གཙང་ཆབ་བཞེས་མི་ཐུབ
མཚར་སྡུག་དང་དཔའ་མཛངས་ཀྱི་ཉི་ཤར་མཐོང་མི་ཐུབ
ཁྱེད་རང་མཐོང་མི་ཐུབ
མཐའ་ན་ཁྱེད་ཀྱི་རྒྱབ་གཟུགས་ནི་གཏིང་རིང་བའི་རྨ་ཁའི་གཡང་གཟར་ཞིག་ཡིན་པ་ཡང་ངོས་མི་ཟིན


དགོངས་དག་ཞུ
ང་རང་འཇིག་རྟེན་ནས་དེ་ལྟར་ཕམ་ངེས་ཚེ
ཁྱེད་ཀྱི་ནང་སེམས་ཀྱི་གངས་རི་ཁོ་ན་ང་ལ་ཕུལ་རོགས
སེང་གེའི་གཡུ་རལ་གྱི་ནགས་ཚལ་ང་ལ་འཇོག་རོགས
ང་རང་དེ་ལྟར་སྨྱོས་པར་གྱུར་ཚེ
བདག་གི་ཚེ་སྲོག་གི་ལྭ་བ་ཤིན་ཏུ་སྲབ་པས་མཚམས་རེར་ངས་ཁྱེད་ཀྱི་མིང་ནས་འབོད་སྲིད
ང་ལ་མེ་ལྕེ་མཁོ ང་ལ་ཆུ་མཁོ ང་ལ་ཁ་དབུགས་མཁོ

སང་ཉིན་ང་རང་སྨྱོས་པར་གྱུར་ཚེ
སང་ཉིན་ང་རང་ཕམ་པར་གྱུར་ཚེ
ང་ཡི་རྣམ་ཤེས་ཀྱི་བྲང་ངོས་སུ་བཏབ་པའི་ཁ་བ་དཀར་པོ
ང་ལ་ཆུ་ཁྱེར་ཤོག གངས་ཀྱི་ཞུན་མ་ལས་བཙགས་པའི་རྫ་ཆུ་བསིལ་མ་ཁྱེར་ཤོག

   
                                                                                          རྩོམ་སྒྲིག་པ། དབང་མོ།

                                                                             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།