བརྩམས་སྒྲུང་ནང་གི་མི་ཞིག་ལ་ཕུལ་བ།

ཁྱོད་ཀྱིས་ཁ་དོག་བྲལ་བའི་ལྡེབས་རིས་ཤིག་ལ་བལྟས་ཀྱིན
རང་ཉིད་དེའི་ནང་གི་དངོས་པོ་རེ་རེའི་གཟུགས་སུ་བྲིས
ལྟད་མོ་བ་དག་དམུས་ལོང་རེ་རེ་ཡིན་པས
དེ་ནས་བཟུང ཉི་མ་རེ་རེ་བཞིན་འཆི་བར་ཕྱོགས་ཀྱིན་ཡོད་པ་མ་ཤེས

ཁྱོད་རང་དབུལ་ཕོངས་ཀྱི་གྲོང་ཁྱེར་མང་བོ་བརྒྱུད་མཐར
མི་ཚོགས་ཀྱིས་བས་མཐར་དེད་པའི་བུ་མོ་ཞིག་ལ་ཐུག
བསླུ་བྲིད་ཆེ་བའི་མིག སྨིན་ཐག་ཆོད་པའི་མྱོས་བུམ མཁྲང་ཞིང་རྒྱས་པའི་བརླ་ཤ
དེ་དང་དེའི་ཡོད་ཚད་ཀྱིས་ཁྱོད་རང་ཆགས་པའི་བྱེ་ཐང་དུ་འཕངས
ཁྱོད་ཀྱིས་ལྷད་མེད་པའི་གཡོ་ཇུས་བརྒྱུད་དེ
ཁོ་མོར་བསླུ་བྲིད་གཏོང་བའི་གོ་སྐབས་ལ་སྒུག
ནམ་ཞིག་གི་ཚེ་ཁྱོད་དང་ཁོ་མོར་ཕྲུ་གུ་ཞིག་བཙས
ཕྲུ་གུ་དེའི་ལག་ཏུ་རྩེད་ཆས་སྙིང་རྗེ་བ་ཞིག་བཞག་སྟེ
དབུལ་འཕོངས་ཀྱིས་མནར་བའི་སྲང་ལམ་དུ་གཡུགས
དེ་ནས་བཟུང  
ཁྱོད་ཀྱིས་ནད་ཁྲི་དེའི་ཐོག་ནས་ཤུགས་རིང་འབྱིན་གྱིན་འགྲེ་ལྡོག་རྒྱག་དགོས་ཐུག

གུས་ལུགས་དང་འཛུམ་མདངས་ལྡན་པའི་མགྲོན་པོ་ཚོས
ཁྱོད་ཀྱི་སྒོ་དང་སྒེའུ་ཁུང་ཅི་ཙམ་བརྡུངས་ནའང
ཁྱོས་སྐད་ཅིག་རིང་མོར་འཕྲིན་ཡིག་འབྲི་བའི་མཚམས་འཇོག་མི་སྲིད
ཁྱོད་ཐེངས་གྲངས་མེད་ལ་གཡུལ་དུ་ཞུགས་མྱོང
གཡུལ་ལ་ཞུགས་ཐེངས་རེ་རེར་རྒྱལ་ཁ་གཅིག་ཀྱང་བླང་མ་མྱོང
མཚན་སྨད་རེ་རེར་ལག་གློག་རང་གི་གསང་གནས་སུ་བཀར་ཏེ
རང་ཉིད་ནི་རྔམ་ཟིལ་ལྡན་པའི་དམག་སྤྱི་ཆེན་པོ་ཞིག་ཡིན་པར་འདོད

ཉིན་ཞིག་ལ ཁྱོད་རང་བདེ་གྲོལ་གྱི༼   བེམ་རོའི་ཚལ ༽དུ་འབྱོར
ཁྱོད་ཀྱིས་བདེ་གྲོལ་གྱི༼   གློ་གྲི ༽བརྐུས་འོང་ཡོད་སྙམ་མོད
དོན་དུ་ཁྱོད་དེ་ནས་བཟུང་གློ་གྲིས་རྨིས་པའི་བེམ་པོ་དེ་ཡིན
ན་ཟུག་གཞན་དག་འཇགས་ཆེད་སླར་ཡང་རྨ་ཁར་གློ་གྲིས་ཡང་ཡང་བརྩེགས

ཡུལ་པོར་གྱུར་བའི་བུ་མོ་དེར་འཁྲིག་པ་སྤྱད་ཐེངས་དེས་ལན་ནམ
ཁྱོད་ཀྱིས་མི་སྐད་ཆ་ཚང་གཏིང་བརྗེད་དུ་གྱུར
མི་ཚོས་ཁྲེལ་དགོད་བྱེད་ཞོར་ཁྱོད་སྨྱོན་པ་རུ་ཁྲུན་ཐག་བཅད
བམ་འཐུག་པའི་ལོ་རྒྱུས་ཀྱི་གླེགས་བམ་བསྐྱར་ཞིབ་བྱས་མཐར
གཟོད་ཁྱོད་ཀྱིས་རང་ཉིད་གདོད་མིའི་མི་ཡིན་ཞེས་འུར་བརྒྱབས

སུ་ཡིན་མི་ཤེས་པའི་སྒྲོལ་མའི་མིང་གིས་ཟློས་ཀིན
མུ་མཐུད་དུ་མེ་ཏོག་ལྟ་བུའི་གཅན་གཟན་ཁྱུ་ཞིག་བྱེ་ཐང་དུ་འདེད་དགོས་སྙམ
ཡིན་ན་ཡང ཁྱོད་ཀྱི་འདོམས་ལས་ཆེས་སྐྱུག་མེར་བའི་སྡིག་སྒྲིབ་འཐུལ
དེ་ནི་ཁྱོད་ཀྱིས་ཀྱང་ཚེ་ཐག་ཇེ་ཐུང་དུ་འགྲོ་བའི་སྔོན་བརྡ་ཡིན་པ་ཤེས་ཡོད
དེ་ནས་བཟུང་ཁྱོད་ཀྱིས་འཆི་བ་དང་འཆི་བ་ཞེས་གླེང་ཐེངས་ཇེ་མང་དུ་གྱུར

ཁྱོད་རང་མུན་པ་ལ་དགའ་བའི་མི་ཞིག་ཡིན
གཉིད་མི་ཁུག་དུས་མེ་ལོང་གི་མདུན་ནས་དུ་བ་འཐེན་པར་དགའ
སྐབས་སྐབས་སུ་དུ་སྣེའི་མེ་སྟེག་ལས་རང་ཉིད་མཐོང་འོང
ནུབ་ཅིག་ལ་ངོ་གདོང་ཕྱེད་ཀ་སྦལ་གཅོང་མང་བོས་ཟ་བཞིན་པ་མཐོང
དེ་ནས་བཟུང་རང་གི་ཁོར་ཡུག་ཏུ
བགྲེས་མོ་དང་ཡུགས་མོ་མང་བོས་ངུ་ཤུམ་བྱེད་ཀྱིན་པ་མཐོང
ད་དུང་སྟག་དང་གཟིག་སྦལ་ལྕོང་མང་བོ་འུབ་ཀྱིས་འདི་བཞིན་པ་མཐོང

དེ་ནི་ནད་ཁང་ཨང་དྲུག་པའི་ཨ་བུན་རྡེ་མོ་ཐུ་ཁྲི་དང་འདྲ་བར
རང་ཉིད་ཁོ་ན་གཅེར་རྗེན་དུ་བུད་ནས
འཇིག་རྟེན་འདི་ཅི་འདྲའི་གྲང་ཨང་ཟེར་བ་ལ་མ་འདས

ཆང་ཁང་དུ་འགྲོ་བ་ནི་ཁེར་རྐྱང་མ་བཟོད་པས་ཡིན་ནམ
ཆང་མ་དེ་སྨད་བཙོང་མ་ཞིག་རེད
ཆང་རྐྱལ་དེ་དག་རྣམ་རིག་སྐྱེན་པའི་རྐུན་མ་དག་དག་རེད
སྒོར་ཁུག  བོའུ་ཐུང གློ་གྲི་བཅས་ཡིད་ནས་མ་འབོར་རོགས
ངས་ཁྱོད་ཀྱིས་ཇི་ལྟར་གཡུལ་བཤམ་པར་སྒུག་ཡོད
མིའི་རིགས་ཀྱིས་ཀྱང་དེ་ལྟར་སྒུག་འདུག
མུན་ནག་ལས་རྒས་སོང་བའི་བགྲེས་པོ་ལགས

                2015/12/22ཉིན་མཇུག་དྲིལ།

                                                                               རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩམས་སྒྲུང་ནང་གི་མི་ཞིག་ལ་ཕུལ་བ།

2016-06-23 འཛི་རྡེའུ་དཀར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།