མི་ཚེ།(ཞར་བཀོད་གསུམ་ཡོད)

 

                            མི་ཚེ།

མི་ཚེ་ནི་བཤད་འདོད་ཚེ།
གཏམ་རྒྱུད་གང་ལ་གཏོགས།  
སོང་བ་ལྟ་བུ།  
འཁྲེང་སེམས་ཤིག
བཙལ་བ་ལྟ་བུ།
འཁང་ར་ཞིག

མི་ཚེ་ནི་དྲན་འདོད་ཚེ།
དུས་ཚིགས་གང་ན་ལུས།
ལྗང་ཁུ་ལྟ་བུ།
ཡམ་ཡོམ་ཞིག
སེར་པོ་ལྟ་བུ།
ཤག་ཤག་ཅིག

མི་ཚེ་ནི་བོས་འདོད་ཚེ།
བར་ཐག་གང་ལ་འཁྲུལ།
རྒྱང་རིང་ལྟ་བུ།
སྨུག་པ་ཅིག
ཐག་ཉེ་ལྟ་བུ།
སྦས་སྐུང་ཞིག

མི་ཚེ་ནི་བཅོལ་འདོད་ཚེ།
རི་ལུང་གང་ལ་ཁྲིད།
འགྱེལ་བ་ལྟ་བུ།
མིག་ཆུ་ཞིག
རེ་བ་ལྟ་བུ།
དབུགས་རིང་ཞིག
                    2016/10/1-6
       
                             རྨི་ལམ་ལས་སད་ཚེ།

བྱེའུ་མ་གྲག
གྲེ་འགྱུར་ཞིག
ཉི་མ་མ་ཤར
དྲོད་འཇམ་ཞིག
མཐོང་ཐོས་རེ་རེས།
ང་གང་དུ་ཁྲིད།

ཉན་བསམ་པའི་གཞས་ཤིག
གློ་བུར་དུ་ཆད་སོང་།
བཤད་བསམ་པའི་སྐད་ཅིག
གློ་བུར་དུ་བརྗེད་སོང་།
ཐུག་བསམ་པའི་མི་དེ།
གློ་བུར་དུ་བུད་སོང་།
ཤུལ་གྱི་ང་དང་ང་།
སྨུག་པར་འཐིམ་ན།
ང་འབོད་མཁན་ཞིག
ཐག་ཉེ་རུ་ཨེ་ཡོད།

བྱེའུ་འཕུར་སོང་ངམ།
ཁུ་སིམ་མེར།
ཉི་འོད་སྐམ་སོང་ངམ།
ལྷིང་འཇགས་སེ།
དྲན་སྟངས་ཁོ་ནས།
ང་སུའི་འཇིག་རྟེན་ལ་སླེབས་སོང་།
ང་བཙལ་མཁན་ཞིག
ནམ་ཡང་མེད་པ་ཚོར།
                  2016/9/2
            
                             ཁྱོད།

བོས་འདོད་པའི་ཁྱོད།
རྒྱང་རིང་ན་བཞུགས་སམ།
གོམ་པ་ཞིག
ལྗིད་ཏིག་ཏིག

མཐོང་འདོད་པའི་ཁྱོད།
འཇིག་རྟེན་ན་མེད་དམ།
སེམས་པ་ཞིག
གྲང་ཤུར་ཤུར།
   
ཐོས་འདོད་པའི་ཁྱོད།
དྲན་གདུང་ལ་འཁོར་རམ།
བྲག་ཆ་ཞིག
ཁུ་སིམ་སིམ།

ཉན་འདོད་པའི་ཁྱོད།
ཆང་གཞས་སུ་སིམ་མམ།
འཁོར་བ་ཞིག
འུར་ཟང་ཟིང་།
          2016/10/8-12

                            མཚན་མོ།

                                             
          1
ལུས་པོ་ཧྲིལ་བོ།
མུན་ནག་གི་པང་ལ་བསྐྱུར་ཆོག་ན།
རྨི་ལམ་གྱི་སེར་ཀ།
ལག་པས་ཇི་ལྟར་སྙོབ།
མགོ་བོ་སྨད་ཐེངས་ཤིག
ངའི་འཇིག་རྟེན།
མིག་ཟུང་ཕྱེས་ཐེངས་ཤིག
ངའི་ཟླ་བ།
           2
ཕ་རོལ་གྱི་མུན་ནག
གཞས་ཤིག་ཡིན་ན་མིན་ན།
དབྱངས་རྟ་གཉོམ་པོ།
ངས་ག་དུས་དྲན།
ངས་ག་དུས་བརྗེད།
ཡང་ན་ཐག་ཉེ་ནས་ཐག་རིང་།
             3
ཁྱོད་ཀྱི་ནམ་མཁའ།
ཟླ་བ་ནུབ་པའི་ནམ་མཁའ།
གློ་བུར་གྱི་འཁྲེང་ཞེན།
འཁྲེང་ཞེན་གྱིས་ཁྲིད་པའི་ང་།
ཁྱོད་ཀྱི་ཡུལ་གྱར་བ་ཡིན་ནམ།
             4
ཁྱོད་ཀྱི་མིང་ལ་ཅི་ཟེར།
ཤ་དྲོད་མེད་པའི་གཏམ་རྒྱུད།
ང་ལ་ཡང་ཡང་བཤམས་པ།
སྐྱོ་འོས་སྡུག་འོས།
བཤད་འཕྲོ་མིན་ན།
སྐྱབས་སུ་མཆི།
            5
ནམ་ལངས་སྲིད།
ངའི་གོམ་ཁ།
ངའི་མིན་འདྲ།
ཉི་མ་ཤར་འདྲ།
ང་འཚོ་བའི་འཇིག་རྟེན།
ངའི་མིན་འདྲ།
                                  2016/10/17


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

                                                  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེ།(ཞར་བཀོད་གསུམ་ཡོད)

 

                            མི་ཚེ།

མི་ཚེ་ནི་བཤད་འདོད་ཚེ།
གཏམ་རྒྱུད་གང་ལ་གཏོགས།  
སོང་བ་ལྟ་བུ།  
འཁྲེང་སེམས་ཤིག
བཙལ་བ་ལྟ་བུ།
འཁང་ར་ཞིག

མི་ཚེ་ནི་དྲན་འདོད་ཚེ།
དུས་ཚིགས་གང་ན་ལུས།
ལྗང་ཁུ་ལྟ་བུ།
ཡམ་ཡོམ་ཞིག
སེར་པོ་ལྟ་བུ།
ཤག་ཤག་ཅིག

མི་ཚེ་ནི་བོས་འདོད་ཚེ།
བར་ཐག་གང་ལ་འཁྲུལ།
རྒྱང་རིང་ལྟ་བུ།
སྨུག་པ་ཅིག
ཐག་ཉེ་ལྟ་བུ།
སྦས་སྐུང་ཞིག

མི་ཚེ་ནི་བཅོལ་འདོད་ཚེ།
རི་ལུང་གང་ལ་ཁྲིད།
འགྱེལ་བ་ལྟ་བུ།
མིག་ཆུ་ཞིག
རེ་བ་ལྟ་བུ།
དབུགས་རིང་ཞིག
                    2016/10/1-6
       
                             རྨི་ལམ་ལས་སད་ཚེ།

བྱེའུ་མ་གྲག
གྲེ་འགྱུར་ཞིག
ཉི་མ་མ་ཤར
དྲོད་འཇམ་ཞིག
མཐོང་ཐོས་རེ་རེས།
ང་གང་དུ་ཁྲིད།

ཉན་བསམ་པའི་གཞས་ཤིག
གློ་བུར་དུ་ཆད་སོང་།
བཤད་བསམ་པའི་སྐད་ཅིག
གློ་བུར་དུ་བརྗེད་སོང་།
ཐུག་བསམ་པའི་མི་དེ།
གློ་བུར་དུ་བུད་སོང་།
ཤུལ་གྱི་ང་དང་ང་།
སྨུག་པར་འཐིམ་ན།
ང་འབོད་མཁན་ཞིག
ཐག་ཉེ་རུ་ཨེ་ཡོད།

བྱེའུ་འཕུར་སོང་ངམ།
ཁུ་སིམ་མེར།
ཉི་འོད་སྐམ་སོང་ངམ།
ལྷིང་འཇགས་སེ།
དྲན་སྟངས་ཁོ་ནས།
ང་སུའི་འཇིག་རྟེན་ལ་སླེབས་སོང་།
ང་བཙལ་མཁན་ཞིག
ནམ་ཡང་མེད་པ་ཚོར།
                  2016/9/2
            
                             ཁྱོད།

བོས་འདོད་པའི་ཁྱོད།
རྒྱང་རིང་ན་བཞུགས་སམ།
གོམ་པ་ཞིག
ལྗིད་ཏིག་ཏིག

མཐོང་འདོད་པའི་ཁྱོད།
འཇིག་རྟེན་ན་མེད་དམ།
སེམས་པ་ཞིག
གྲང་ཤུར་ཤུར།
   
ཐོས་འདོད་པའི་ཁྱོད།
དྲན་གདུང་ལ་འཁོར་རམ།
བྲག་ཆ་ཞིག
ཁུ་སིམ་སིམ།

ཉན་འདོད་པའི་ཁྱོད།
ཆང་གཞས་སུ་སིམ་མམ།
འཁོར་བ་ཞིག
འུར་ཟང་ཟིང་།
          2016/10/8-12

                            མཚན་མོ།

                                             
          1
ལུས་པོ་ཧྲིལ་བོ།
མུན་ནག་གི་པང་ལ་བསྐྱུར་ཆོག་ན།
རྨི་ལམ་གྱི་སེར་ཀ།
ལག་པས་ཇི་ལྟར་སྙོབ།
མགོ་བོ་སྨད་ཐེངས་ཤིག
ངའི་འཇིག་རྟེན།
མིག་ཟུང་ཕྱེས་ཐེངས་ཤིག
ངའི་ཟླ་བ།
           2
ཕ་རོལ་གྱི་མུན་ནག
གཞས་ཤིག་ཡིན་ན་མིན་ན།
དབྱངས་རྟ་གཉོམ་པོ།
ངས་ག་དུས་དྲན།
ངས་ག་དུས་བརྗེད།
ཡང་ན་ཐག་ཉེ་ནས་ཐག་རིང་།
             3
ཁྱོད་ཀྱི་ནམ་མཁའ།
ཟླ་བ་ནུབ་པའི་ནམ་མཁའ།
གློ་བུར་གྱི་འཁྲེང་ཞེན།
འཁྲེང་ཞེན་གྱིས་ཁྲིད་པའི་ང་།
ཁྱོད་ཀྱི་ཡུལ་གྱར་བ་ཡིན་ནམ།
             4
ཁྱོད་ཀྱི་མིང་ལ་ཅི་ཟེར།
ཤ་དྲོད་མེད་པའི་གཏམ་རྒྱུད།
ང་ལ་ཡང་ཡང་བཤམས་པ།
སྐྱོ་འོས་སྡུག་འོས།
བཤད་འཕྲོ་མིན་ན།
སྐྱབས་སུ་མཆི།
            5
ནམ་ལངས་སྲིད།
ངའི་གོམ་ཁ།
ངའི་མིན་འདྲ།
ཉི་མ་ཤར་འདྲ།
ང་འཚོ་བའི་འཇིག་རྟེན།
ངའི་མིན་འདྲ།
                                  2016/10/17


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

                                                  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།