ཆུ་མ་བྲུག་སྔོན་ན་བརྒལ་དགོས།
སྙིགས་ཟོམ་རལ་སོང་བས
མི་མང་ལ་ཆམ་པ་ཕོག་ཡོད
ག་ས་གང་ན་བྱ་རྒོད་མང་པོ་ས་རུ་ལྷུང་ཡོད
གྲོག་མ་གསེར་ཁུར་མང་པོ་དོང་དུ་ལྷུང་ཡོད
སྒུག་མ་འདུག
ནམ་མཁའི་ཞལ་ངོ་ཡོངས་སུ་ནག་པོ་རེད
ཐོག་འབྲུག་གློག་གསུམ་གྱིས་ས་དང་བར་སྣང་ཁྱབ་ཡོད
སེར་ནག་འབབ་ལ་ཉེ
ཆུ་མ་བྲུག་སྔོན་ན་བརྒལ་དགོས
སྒུག་མ་འདུག
ཕྱོགས་ཕྱོགས་ནས་འུར་མ་རྒྱག
གཟེབ་ཏུ་ཚུད་པའི་བྱ་རྣམས་དཀྲོགས་མ་སྟོན
གེ་སར་རྟ་རྫི་དང་ཁྲུང་ཁྲུང་དག་ཅིས་ཀྱང་འགྲོ་དགོས
ལམ་ཞིག་ཕྱེ་རོགས སྒུག་མ་འདུག
2016-11-10ཉིན་བྲིས།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།