ཆུ་ཟིལ་ཞིག་ཐོར་སོང་།


ཕྱི་དྲོ་དེར་ཆུ་ཟིལ་ཞིག་ཐོར་སོང
ཐོགས་རེག་བྲལ་བའི་སྣང་བ་ཞིག་ལ
ཕྱི་དྲོ་དེ་ཆུ་ཟིལ་ཞིག་རེད
ཆུ་ཟིལ་དེས་ལྷིང་འཇགས་རུམ་འདུག
ལྷིང་འཇགས་རུམ་པའི་ཆུ་ཟིལ

སྙན་ངག་ཅིག་འབྲི་བར
དུས་ཚོད་ནི་སྣང་བས་སྤུད
ཚོར་བ་ཡིས་ཉེར་བསྡོགས་རྩོམ

ཡི་གེ་འཇའ་རུ་གྱུར
ཟིལ་བས་གྲུབ་པའི་ཁང་ཆུང
སྒོ་དང་སྒེའུ་ཁུང་ཚང་མ
གནམ་སའི་མཚམས་སུ་འཐིམས

གློ་རྡེག་ཏུ  ལྷ་ས་དྲན་བྱུང
ཕྱི་དྲོ་གྱོན་པའི་རི་བོ་དེ་འགུལ་བྱུང
སྣང་བ་ཞིག་ལ
ཚོར་བ་འཇའ་རུ་སྤྲུལ

ཇ་ལོ་གྲང་མོ་ཆགས་འདུག
སྐར་ཆ་རེ་རེ་ཇ་ཕོར་དུ་ལྷུང་སོང

          ༢༠༡༦  ༤  ༡༣ གཡུ་གྲོང་ནས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་ཟིལ་ཞིག་ཐོར་སོང་།

2017-01-10 རྨ་ཁེར་སྨྱོན། ཀློག་གྲངས། མཆན ཡོད།


ཕྱི་དྲོ་དེར་ཆུ་ཟིལ་ཞིག་ཐོར་སོང
ཐོགས་རེག་བྲལ་བའི་སྣང་བ་ཞིག་ལ
ཕྱི་དྲོ་དེ་ཆུ་ཟིལ་ཞིག་རེད
ཆུ་ཟིལ་དེས་ལྷིང་འཇགས་རུམ་འདུག
ལྷིང་འཇགས་རུམ་པའི་ཆུ་ཟིལ

སྙན་ངག་ཅིག་འབྲི་བར
དུས་ཚོད་ནི་སྣང་བས་སྤུད
ཚོར་བ་ཡིས་ཉེར་བསྡོགས་རྩོམ

ཡི་གེ་འཇའ་རུ་གྱུར
ཟིལ་བས་གྲུབ་པའི་ཁང་ཆུང
སྒོ་དང་སྒེའུ་ཁུང་ཚང་མ
གནམ་སའི་མཚམས་སུ་འཐིམས

གློ་རྡེག་ཏུ  ལྷ་ས་དྲན་བྱུང
ཕྱི་དྲོ་གྱོན་པའི་རི་བོ་དེ་འགུལ་བྱུང
སྣང་བ་ཞིག་ལ
ཚོར་བ་འཇའ་རུ་སྤྲུལ

ཇ་ལོ་གྲང་མོ་ཆགས་འདུག
སྐར་ཆ་རེ་རེ་ཇ་ཕོར་དུ་ལྷུང་སོང

          ༢༠༡༦  ༤  ༡༣ གཡུ་གྲོང་ནས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།