ནམ་མཁའ་མཐའ་ཀླས་པ།(ཞར་བཀོད་གཅིག་ཡོད)

ཀླུ་པད་བཟང་།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-04-18

གཟན་སྣེ་ཡུག་ཅིག་ཉི་ཤར་གྱི་རྩེ་མོ་ལ་བཏེགས་ཏེ
ཅ་ཅོ་ཞི་བའི་བར་སྣང་དུ་འཇིགས་པ་མེད་པའི་སྙིང་རྗེ་འཐིམ་དུ་བཅུག
གཟན་སྣེ་ཡུག་ཅིག་ས་སྲོད་ཀྱི་རྔམ་བརྗིད་ལ་བཅིངས་ཏེ
མར་གྱུར་འགྲོ་དྲུག་གི་བདེ་སྡུག་ཤིན་ཏུ་གཅེས་ཤིང་ཟབ་པའི་ངང
བསྐལ་བའི་མཐའ་ལ་ཡང་སེམས་སུ་ཉར་བར་བྱས

རང་ཉིད་ལྟ་བུའི་རྨི་ལམ་གྱི་འཛུམ་ཞལ་དེ
ཁེར་རྐྱང་གི་འཚོ་བའི་གསེང་ནས་དྲོད་ཀྱིས་རྒྱས་མོད
བདེ་སྟོང་ཟག་མེད་སྙིམ་པ་གང་གིས་རུམ་དུ་བཅུག་བཞིན
ཞིབ་ཅིང་ཕྲ་བར་བཟོས་པའི་ནགས་ཚལ་གྱི་ཕྱོགས་ནས
ཞེ་འཁམས་པ་མེད་པར་ཁྱོད་རང་ཚུར་ཡོང་གི་འདུག

བདག་གི་དཀར་ཡོལ་ལྷུང་བའི་ཆག་སྒྲ་ཡིས
ཨ་མ་ལགས་ཀྱི་འདོད་འཇོ་སྟོང་བར་བསྒྱུར་ཅིང
འཐོར་བཞིན་པའི་རི་མོ་དེ་ཕྱིར་སྒྲིག་པར་རྩོམ་དུས
ཟླ་འོད་རླུང་གིས་བསྐྱོད་པའི་གཟུགས་བརྙན་ལ་ལྟ་བཞིན
ཁྱོད་ཀྱིས་བདག་གི་སེམས་པའི་སྒོ་མོ་དལ་གྱིས་བརྡུང་བྱུང

ངེད་ཅག་ནི་དགའ་སྤྲོ་བརྐོས་པའི་མིང་ཡིག་གི་མཐའ་རུ་གནས་བཅས་ཤིང
སྐྱོ་གླུ་ཚན་པ་རེ་རེ་དབྱངས་དང་གསལ་བྱེད་ལ་བརྒྱུས་ནས
སང་ཉིན་གྱི་དུས་སུ་གདངས་སྒྲིག་བཞིན་ལེན་རྩིས་ཡོད་མོད
ཁྱོད་ཀྱིས་ཁ་སང་གི་མེ་ལྕེ་ཟུམ་ཤུལ་ནས་ཐལ་བ་རླུང་ལ་བསྐྱུར་ཏེ
འགྱོད་གདུང་དང་བྲལ་བའི་གཡེར་བག་སྒོམ་བཞིན་བཞུགས་སོ།།

                                       2017_4_13

                             མཚན་ཐུན་གཅིག་གི་རྨི་ལམ།
                                  
གནའ་བོའི་ལྗོན་པ་ཞིག་ཁེར་རྐྱང་གིས་འགྲེངས་ཏེ
མགོ་བོ་དུད་པའི་སྒོ་ཆེན་ལ་གཡབ་མོ་བཏང་ཚེ
བ་སྤུ་སྐར་ཚོགས་བཞིན་འདུས་པའི་འཚང་ཁའི་ཁྲོད་དུ
རྣམ་ཤེས་ནི་འདོགས་ཐག་ཆོད་པའི་རྟ་ཕོ་གཅིག་ལྟར
སྡོང་ལོའི་སྟེང་གི་འདབ་ལོ་དང་ལྷན་དུ་གར་ལ་རྩེན

རྣམ་ཤེས་ཕྲ་མོ་ལས་མཆེད་པའི་རིགས་ཀྱི་ཁ་དོག
ཆར་རླུང་རྩུབ་མོ་ཇི་བཞིན་རུས་གསེང་དུ་བབས་དུས
རྨོ་མོས་གླེང་བའི་འཇིགས་རུང་གི་ཇག་པའི་ཚོགས
སྒེའུ་ཁུང་གི་མཐའ་རྒྱ་ཆེས་ཆེར་ཕྱེས་ཤིང་གཡང་སར་ལྕེབས

ང་ཡི་བར་སྣང་དུ་བཀྲེས་སྐོམ་གྱི་གྲིབ་མ་ཡོད་པས
ཞེ་རུ་འོང་བ་དག་བཙོན་དུ་བཟུང་འདྲའི་སྣང་བ་འཆར
ཅོང་རྙིང་ཞིག་ལས་སྟོང་གསུམ་འགས་པའི་སྒྲ་དབྱངས་གྲགས་ཚེ
ལྗོན་པའི་རྩེ་རུ་གནས་བཅས་པའི་བྱེའུ་དག
བདག་གི་མཛུབ་རྩེ་ན་ཐོགས་པའི་རི་མོ་ཇི་བཞིན་གཡོ་བར་མེད་པར་ལུས
སྦས་དོན་ཟབ་པའི་རི་རབ་ཀྱི་རྩེ་མོ
གཉའ་བ་གུག་པའི་བགྲེས་སོ་ཞིག་ལྟར་ཁུ་སིམ་མེར་གནས

རྨི་ལམ་ཡོད་ཚད་སྒེའུ་ཁུང་གི་མཐའ་རུ་འཛོམས་དུས
གཙང་བོ་བཞིན་དག་པའི་མེ་ལོང་གི་དཀྱིལ་དབུས་ནས
པགས་པས་བཀབ་པའི་བདག་གི་ལང་ཚོ་འདི
གཞོན་ནུ་མའི་བྲང་ཁོག་ཏུ་འཛུལ་ཏེ
རང་ཉིད་ཀྱི་ཁ་དོག་ཡོད་ཚད་ན་ཟུག་དང་བརྗེད་པར་བྱས

ལྐོག་གྱུར་གྱིས་བལྟམས་པའི་སྨག་རུམ་ཁྲོད
བསླུ་བྲིད་ཀྱི་འདུ་བྱེད་ཆོས་ཉིད་དང་མཚུངས་པར་ཟློག་ཏུ་མེད་ཚེ
གནའ་བོའི་ལྗོན་པ་དང་ལྷན་དུ་འཚར་བའི་བདག་གི་མགྲོན་པོ
ངར་ཤུགས་ཀྱི་འུར་སྒྲ་དང་བཅས
འདི་ནས་རྒྱང་ཐག་རིང་བའི་ཕ་རོལ་ཞིག་ཏུ་ཆས་སོ།།

                                                       2016_7_1

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁའ་མཐའ་ཀླས་པ།(ཞར་བཀོད་གཅིག་ཡོད)

2017-04-18 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།