མིང་མེད།
སྦྲ་ནག་པོའི་ཆོན་ཐག་རལ
མར་མེའི་འོད་ལས་མུན་པ་མཆེད
ཕྱི་རོལ་ཀྱི་དགུན་ཁ་མ་འདས་གོང་དགུན་ཁ་གཞན་ཞིག་ཚེས
ལྷ་ས་ནས་ཆབ་མདོ་དང་ཆབ་མདོ་ནས་དར་མདོའི་བར
རྒྱ་མདོང་དང་གྱང་ཞིག་རྨས་མས་གང
ནད་རིམས་ཀྱི་དུ་ཆར་བབས
གསུང་རབ་ཀྱི་ཡིག་འབྲུ་སྡིག་སྒྲིབ་ཀྱིས་མར་མནན
ཁྲག་ཐིགས་ཤིག་ཤར་གྱི་ནམ་མཁར་འཕགས
སྲབ་ཁ་དཀྱོགས་ནས་ཉི་མའི་ཕྱོགས་སུ་ཕྱིན་ཀྱང
ལམ་ནི་འཛེར་མ་དང་སྤུ་གྲིའི་ནགས་ཀྱིས་ཁྱབ
ཉི་མ་ཞིག་རྙེད་མ་སོང
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།