མཚན་དཀྱིལ་ལ་དཔེ་ཀློག་བྱེད་པ།

བིས་མདོ་བ་ཆོས་སྐྱོང་།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-04-29



དཔེ་ཆའི་ལྡེབས་ངོས་སུ་ལོ་མ་ཞིག་འབུས
ལོ་མ་དེ་སྔོན་པོ་ནས་ནག་པོར་ཆགས
ནག་པོར་ཆགས་པའི་བརྒྱུད་རིམ་གྱི་རྨ་ཁ་དེ
སུ་ཞིག་སད་པའི་རྟགས་ཀྱི་དཔང་བོར་བྱས
འབུ་སྦྲང་དེ་སླར་ཡང་དཔེ་ཆའི་གཡང་ལ་ལྕེབས
ལྡེབས་རིས་ཀྱི་གཡང་ལ་མིག་ཟུང་གི་ཁམ་བུ་སྨིན

དཔེ་ཆ་མེ་ལོང་དུ་གྱུར
མེ་ལོང་ལས་མིག་ཆུ་བརྡོལ
མེ་ལོང་ལས་འཛུམ་མདངས་འཐོར
མཚན་མོ་གཉིད་ལ་ཤོར
སྐྱ་རེངས་ར་མདར་བཏང
གློག་ནི་ཐག་སེར་གཟིམས
སང་ཉིན་གྱིས་སླར་ཡང་སྒོ་བརྡུངས
"ཐག་ཐག   ཐག་ཐག"
ཨ་ལན་སྔར་བཞིན་རྫི་བོས་གནང

                                               2016.7.19


རྩོམ་སྒྲིག་པ། ལྷ་སྐྱིད།

                        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་དཀྱིལ་ལ་དཔེ་ཀློག་བྱེད་པ།

2017-04-29 བིས་མདོ་བ་ཆོས་སྐྱོང་།(དཀར་མཛེས) ཀློག་གྲངས། མཆན ཡོད།



དཔེ་ཆའི་ལྡེབས་ངོས་སུ་ལོ་མ་ཞིག་འབུས
ལོ་མ་དེ་སྔོན་པོ་ནས་ནག་པོར་ཆགས
ནག་པོར་ཆགས་པའི་བརྒྱུད་རིམ་གྱི་རྨ་ཁ་དེ
སུ་ཞིག་སད་པའི་རྟགས་ཀྱི་དཔང་བོར་བྱས
འབུ་སྦྲང་དེ་སླར་ཡང་དཔེ་ཆའི་གཡང་ལ་ལྕེབས
ལྡེབས་རིས་ཀྱི་གཡང་ལ་མིག་ཟུང་གི་ཁམ་བུ་སྨིན

དཔེ་ཆ་མེ་ལོང་དུ་གྱུར
མེ་ལོང་ལས་མིག་ཆུ་བརྡོལ
མེ་ལོང་ལས་འཛུམ་མདངས་འཐོར
མཚན་མོ་གཉིད་ལ་ཤོར
སྐྱ་རེངས་ར་མདར་བཏང
གློག་ནི་ཐག་སེར་གཟིམས
སང་ཉིན་གྱིས་སླར་ཡང་སྒོ་བརྡུངས
"ཐག་ཐག   ཐག་ཐག"
ཨ་ལན་སྔར་བཞིན་རྫི་བོས་གནང

                                               2016.7.19


རྩོམ་སྒྲིག་པ། ལྷ་སྐྱིད།

                        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།