ཉེ་བའི་ལོ་འདི་ཚོར།(ཞར་བཀོད་གསུམ་ཡོད)

IMG_5173.PNG

ཉེ་བའི་ལོ་འདི་ཚོར
ངས་ཁ་ཏོན་རེ་འདོན་ཞོར་རྐྱང་ཕྱག་རེ་འཚལ་གྱིན་པས་ཡིན་ནམ
ཕ་ཡུལ་དང་ཁ་ཐག་ཇེ་ཉེ་ནས་ཇེ་ཉེ་རེད
མཚམས་རེར
ཉི་འོད་དང་གྲིབ་མས་ཉིན་སྲིབ་ཕྱེས་པའི
ཕ་ཡུལ་གྱི་ལུང་མགོ་རེ་གསལ་བོར་མཐོང་ཞིང
ལུང་མཐིལ་ལ་སླེབ་ཚེ་ཉིན་སྲིབ་གཉིས་ཀ་སྤང་ཡིན་པའང
སྙིང་ཉེ་བའི་ཡུལ་མི་ཚོར་ལབ་རྒྱུ་བྱུང་ན་བསམ་འོང

ཉེ་བའི་ལོ་འདི་ཚོར
ངས་ཆང་བཅད་དེརྒྱུན་དུ་ཁེར་འགྲོ་ཁེར་འདུག་བྱས་པས་ཡིན་ནམ
མི་སུ་དང་ཕྲད་རུང་སྙིང་གཏམ་རེ་ཤོར་འགྲོ་ལ
སྨྲ་བ་ཇེ་ཉུང་དུ་འགྲོ་བཞིན་པའི་ཡུལ་མི་ཚོས་དུས་ཚོད་བཀག་སྟེ
ཕ་ཡུལ་གྱི་ངོ་གདོང་སྲུང་འདོད་པ་དེའང
འཁྲུལ་སྣང་སྙིང་དུ་སྡུག་པ་ཞིག

ཉེ་བའི་ལོ་འདི་ཚོར
འགྲིག་དང་མི་འགྲིག་གཉིས་ཀྱི་བར་ནས
ང་དངོས་གནས་རྒས་སོང་བ་འདྲ
ཐ་ན
ཡག་བཙོག་དང་ཆེ་ཆུང་གི་དབྱེ་བའང
རབ་རིབ་ཅིག་ཏུ་འགྱུར་གྱིན་འདུག

              2017 07 18

                                      ང་རང་ཆུང་དུས་ནས་བཟུང་གློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ།                                                                           

ང་རང་ཆུང་དུས་ནས་བཟུང
གློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ
དེ་དུས་ནུབ་མོ་མ་གཏོགས་གློག་བརྙན་ལ་ལྟ་མི་ཐུབ
ནུབ་མོ་མུན་པའི་གདོང་ནས
ད་གཟོད་གློག་བརྙན་ལ་ལྟ་ཐུབ
དེ་དུས། ངས་མཚན་མོ་ལ་ཁ་དོག་མེད་པ་མ་ཤེས
ང་རང་ཆུང་དུས་ནས་བཟུང
གློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ
ང་ནམ་ཡང
གློག་བརྙན་ནང་གི་མི་སྣ་དང་ལྷན་དུ་བགད་ཅིང
ལྷན་དུ་ངུས་པ་ཡིན
དེ་དུས། ངས་ཁོ་འཁྲབ་སྟོན་པ་དང་ང་ལྟད་མོ་བ་ཡིན་པ 
ཁ་ཁར་མ་ཁོར
ང་རང་ཆུང་དུས་ནས་བཟུངགློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ
ངས་གློག་བརྙན་ལ་བལྟས་བལྟས་རྗེས། ད་གཟོད
གློག་བརྙན་སྒྱུ་མ་རེད་བསམ
འོན་ཀྱང་། ངས་གློག་བརྙན་སྒྱུ་མ་ཡིན་པ་ཤེས་དུས
ནམ་ལངས་ཏེ་ཉིན་ཕྱེད་ཡོལ་འདུག་ལ
རང་ཉིད་ཀྱངའཁྲབ་སྟོན་པ་རྒན་པ་ཞིག་ཏུ་ཆགས་ཚར་འདུག

                    2016 09 19        

                                     ལོ་སར།
ཉིན་འདི་ཚོར
ངལ་གསོས་ཏེ་ཐང་ཆད་སོང་།

                    2015  02 27

                                     ང་སྐྲག་གི

ང་ཡི་མིག་ལམ་དུ ཁྱེད་རང
ཁ་མདོག་སྣ་ཚོགས་སུ་སྣང་རུང
ངས་རང་གི་མིག་ལ་བྱུག་པའི་ཚོན་མ་མཐོང་བར
ཁྱེད་ཀྱི་ཁ་དོག་གླེང་མི་ཕོད

བཏུངས་པའི་འོ་མ་དཀར་པོ་ཡིན་རུང
བཏང་བའི་གཅིན་པ་སེར་པོ་ཡིན་པས  
ང་། རང་གི་ཡ་ཁོག་གཞན་ལ་བསྟན་རྒྱུར་སྐྲག་གི
སྐྱག་པས་ཀྱང
ང་ཚོའི་ཁོག་པར་གཙང་སྦྲ་ཡང་ཡང་བྱས་ཏེ་ཐོན་པའི
དྲི་དང་ཁ་དོག
སུས་ཀྱང་མཐོང་མྱོང་བ་དེ་རེད

མགོ་བོ་སྔས་ཐོག་ཏུ་བཞག་རྗེས
འཕྲིན་པ་ཞིག་ཏིར་སེ་འབྱོར་བ
ཡང་ཨེ་ཙིའི་འགོ་ནད་ཀྱི་སྐོར་ཡིན་པས
ང་ཡར་ལངས་ཏེ
སྒོ་གཏན་ལྡབ་བྱས་པ་ཡིན
འཕོ་ཉུལ་བ་ཞིག་རྐང་འཇབ་ལག་འཇབ་ཀྱིས
ང་ཡི་ནང་ལ་འཛུལ་འོང་བར
ང་ངོ་མ་སྐྲག་གི    

                  2014 12 15

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉེ་བའི་ལོ་འདི་ཚོར།(ཞར་བཀོད་གསུམ་ཡོད)

2017-07-21 ཀློའུ།(རྨ་ཆུ) ཀློག་གྲངས། མཆན ཡོད།

IMG_5173.PNG

ཉེ་བའི་ལོ་འདི་ཚོར
ངས་ཁ་ཏོན་རེ་འདོན་ཞོར་རྐྱང་ཕྱག་རེ་འཚལ་གྱིན་པས་ཡིན་ནམ
ཕ་ཡུལ་དང་ཁ་ཐག་ཇེ་ཉེ་ནས་ཇེ་ཉེ་རེད
མཚམས་རེར
ཉི་འོད་དང་གྲིབ་མས་ཉིན་སྲིབ་ཕྱེས་པའི
ཕ་ཡུལ་གྱི་ལུང་མགོ་རེ་གསལ་བོར་མཐོང་ཞིང
ལུང་མཐིལ་ལ་སླེབ་ཚེ་ཉིན་སྲིབ་གཉིས་ཀ་སྤང་ཡིན་པའང
སྙིང་ཉེ་བའི་ཡུལ་མི་ཚོར་ལབ་རྒྱུ་བྱུང་ན་བསམ་འོང

ཉེ་བའི་ལོ་འདི་ཚོར
ངས་ཆང་བཅད་དེརྒྱུན་དུ་ཁེར་འགྲོ་ཁེར་འདུག་བྱས་པས་ཡིན་ནམ
མི་སུ་དང་ཕྲད་རུང་སྙིང་གཏམ་རེ་ཤོར་འགྲོ་ལ
སྨྲ་བ་ཇེ་ཉུང་དུ་འགྲོ་བཞིན་པའི་ཡུལ་མི་ཚོས་དུས་ཚོད་བཀག་སྟེ
ཕ་ཡུལ་གྱི་ངོ་གདོང་སྲུང་འདོད་པ་དེའང
འཁྲུལ་སྣང་སྙིང་དུ་སྡུག་པ་ཞིག

ཉེ་བའི་ལོ་འདི་ཚོར
འགྲིག་དང་མི་འགྲིག་གཉིས་ཀྱི་བར་ནས
ང་དངོས་གནས་རྒས་སོང་བ་འདྲ
ཐ་ན
ཡག་བཙོག་དང་ཆེ་ཆུང་གི་དབྱེ་བའང
རབ་རིབ་ཅིག་ཏུ་འགྱུར་གྱིན་འདུག

              2017 07 18

                                      ང་རང་ཆུང་དུས་ནས་བཟུང་གློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ།                                                                           

ང་རང་ཆུང་དུས་ནས་བཟུང
གློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ
དེ་དུས་ནུབ་མོ་མ་གཏོགས་གློག་བརྙན་ལ་ལྟ་མི་ཐུབ
ནུབ་མོ་མུན་པའི་གདོང་ནས
ད་གཟོད་གློག་བརྙན་ལ་ལྟ་ཐུབ
དེ་དུས། ངས་མཚན་མོ་ལ་ཁ་དོག་མེད་པ་མ་ཤེས
ང་རང་ཆུང་དུས་ནས་བཟུང
གློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ
ང་ནམ་ཡང
གློག་བརྙན་ནང་གི་མི་སྣ་དང་ལྷན་དུ་བགད་ཅིང
ལྷན་དུ་ངུས་པ་ཡིན
དེ་དུས། ངས་ཁོ་འཁྲབ་སྟོན་པ་དང་ང་ལྟད་མོ་བ་ཡིན་པ 
ཁ་ཁར་མ་ཁོར
ང་རང་ཆུང་དུས་ནས་བཟུངགློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ
ངས་གློག་བརྙན་ལ་བལྟས་བལྟས་རྗེས། ད་གཟོད
གློག་བརྙན་སྒྱུ་མ་རེད་བསམ
འོན་ཀྱང་། ངས་གློག་བརྙན་སྒྱུ་མ་ཡིན་པ་ཤེས་དུས
ནམ་ལངས་ཏེ་ཉིན་ཕྱེད་ཡོལ་འདུག་ལ
རང་ཉིད་ཀྱངའཁྲབ་སྟོན་པ་རྒན་པ་ཞིག་ཏུ་ཆགས་ཚར་འདུག

                    2016 09 19        

                                     ལོ་སར།
ཉིན་འདི་ཚོར
ངལ་གསོས་ཏེ་ཐང་ཆད་སོང་།

                    2015  02 27

                                     ང་སྐྲག་གི

ང་ཡི་མིག་ལམ་དུ ཁྱེད་རང
ཁ་མདོག་སྣ་ཚོགས་སུ་སྣང་རུང
ངས་རང་གི་མིག་ལ་བྱུག་པའི་ཚོན་མ་མཐོང་བར
ཁྱེད་ཀྱི་ཁ་དོག་གླེང་མི་ཕོད

བཏུངས་པའི་འོ་མ་དཀར་པོ་ཡིན་རུང
བཏང་བའི་གཅིན་པ་སེར་པོ་ཡིན་པས  
ང་། རང་གི་ཡ་ཁོག་གཞན་ལ་བསྟན་རྒྱུར་སྐྲག་གི
སྐྱག་པས་ཀྱང
ང་ཚོའི་ཁོག་པར་གཙང་སྦྲ་ཡང་ཡང་བྱས་ཏེ་ཐོན་པའི
དྲི་དང་ཁ་དོག
སུས་ཀྱང་མཐོང་མྱོང་བ་དེ་རེད

མགོ་བོ་སྔས་ཐོག་ཏུ་བཞག་རྗེས
འཕྲིན་པ་ཞིག་ཏིར་སེ་འབྱོར་བ
ཡང་ཨེ་ཙིའི་འགོ་ནད་ཀྱི་སྐོར་ཡིན་པས
ང་ཡར་ལངས་ཏེ
སྒོ་གཏན་ལྡབ་བྱས་པ་ཡིན
འཕོ་ཉུལ་བ་ཞིག་རྐང་འཇབ་ལག་འཇབ་ཀྱིས
ང་ཡི་ནང་ལ་འཛུལ་འོང་བར
ང་ངོ་མ་སྐྲག་གི    

                  2014 12 15

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།