སོས་ཀའི་ཞིག་པ།(ཞར་བཀོད་གསུམ་ཡོད)
ངས་རྙེད་པ་མཐའ་དག་ཁང་མིག་ཅིག་ཏུ
ཚོན་གྱིས་མ་བསྐུས་པའི་གྱང་ལྡེབས་ཀྱི་བཙལ་དུ་གསོས
མ་རྙེད་པའི་ཁྱོད་ཀྱི་ཞིག་སོང་བ
སྡིག་པ་ཡོད་ཚད་ཀྱིས་བསླུ་མ་ནུས་པའི
ངའི་རྒྱབ་ཀྱི་སྒལ་ཚིགས་ནི་སྒམ་ཞིང་བརླིང
འགུལ་སླ་བའི་རྩྭའི་སྙེ་མ་དེ་ཚོ
མཛེས་སྡུག་ཏུ་ཡིད་འོང་སྣང་བའི་ཡོལ་བ
ཁྱོད་ཀྱིས་འགུགས་ནུས་པའི་ཆ་བྱད་རྣམས
ཤི་བོ་མང་པོས་ངའི་ཁང་མིག་ཏུ་ཁྱོད་ཀྱི་གས་ཆག་སླེས
ཁ་རྩང་གི་དུས་ཚོད་བྱེ་བ
འཕེལ་འགྲིབ་ཀྱིས་འགུག་ཏུ་ཡིབ་པའི་ཆུའི་རྒས་འཁོགས
ན་ཚོད་ཀྱིས་འཕུར་སོང་བའི་ཁྱོད་ཀྱི་མེ་ཏོག་རྒས་པ
མིག་ཏུ་འཇིག་རྟེན་འགུལ་བའི་གཡོ་གྲུ
ས་རྡུལ་དུ་འཁྲུལ་བའི་རླུང་གི་བུ་མོ་དེ་ཚོས
བྱེ་ཐང་དུ་ནམ་མཁའི་ཟླ་བ་ལ་རང་གི་འདོད་པ་ངོམས
ཟླ་བདུན་པ།
དཀར་པོ་རྐྱང་རྐྱང་གིས་གྲུབ་པའི་ཟླ་བདུན་པ
པུས་མོའི་ཐོག་ཏུ་མེ་ཏོག་རེ་འཚེམ་སྟེ
ཁེར་ཧྲེང་དུ་སྐྱོ་བ་ངུ་བའི་ཚུལ་དུ་སྐྱེ་ཡོད་དམ
ཕྲུ་གུ་ཚོའི་པང་དུ་སྡིག་པ་སླེས་པའི
ཁྱོད་ཀྱི་མིག་དང་བྲང་གཞུང་དེ་ཚོ
ས་རྡུལ་དུ་བྱེ་མ་ཡིན་པའི་དངོས་པོ་རེ་རེར་མཐོང་འགྲོ
མཚོ་བུ་ནི་ཁྱོད་ཀྱི་གཅེས་ཕྲུག་ཏུ་བགྲང་ཡང་རུང
ཡང་ན མིག་ཏུ་བཟུང་བའི་ཆུ་ནང་གི་སྐྱེ་བོ་ཞིག
སྒེའུ་ཁུང་དུ་མར་མེ་ཡིན་པའི་སྐར་མ་རྣམས་ཀྱིས
རང་ཉིད་ཁྱོད་ཀྱི་དཔུང་བ་ཡིན་པ་ངེས་སམ
ནགས་ཚལ་དུ་གཡེར་བའི་ངལ་དུབ
སྨག་རུབ་པའི་ཁྱོད་ནི་རྡོ་རིང་འདྲ་བ
ང་ལ་རྟེན་འབྲེལ་དེའི་དོན་ཡང་མ་བཤད་པར་ཤི་སོང
ངོ་གདོང་ནི་ཤིན་ཏུ་ནམ་མཁའ་བཞིན་དུ
དྭངས་འགྲོ་བའི་ཁྱོད་ཀྱི་དྲི་མ་དེའི་རྐང་འོག་ཏུ
མུན་པ་རུམ་པའི་ང་ནི
དུས་རབས་འདིའི་བསྐྱར་དུ་ཡོང་བའི་ཟླ་བདུན་པ
དགྲ་བོའི་ལག་ཏུ་མཆོད་པ་བྱེད་པའི
མེ་ཏོག་གི་གསེང་དུ་འཚར་བའི་སྡིག་པ་སྐྱ་བོ
ང་ཤི་རྗེས
ཟླ་བདུན་པའི་འདས་མཆོད དུས་ཚོད་མེད་པའི
སྐྱོ་ངལ་གྱི་སྐར་ཁུང་ཡིན་པའི་ང་ཉིད
ཁྱོད་ཀྱི་ལག་ཏུ་འགུལ་སླ་བའི
ཕུན་སུམ་ཚོགས་པའི་འཚོ་བའི་མིག་ཏུ་བསླེབ་འགྲོ
རྙེད་པ།
ས་རུབ་རྗེས སྨུག་པ་དྭངས་བའི་ཚུལ་ནི
ཁྱོད་ཀྱིས་སྐྱོ་གླུ་ཡིད་ཚིམས་པ་ཞིག་མཆོད་དེ
རྨི་ལམ་གྱི་ཁྲོན་ནང་དུ་སྡུག་བསྔལ་བསལ
ངས་ནི་མུན་པ་ཁྲབ་ཏུ་བཅིངས་ཏེ
གོ་མཚོན་ཡིན་པའི་སྙན་ངག་པར་གཡུལ་བཤམས
ས་མཐའི་ནམ་མཁའ་ཀུན་ཏུ་གྲང་བའི་མེ་ཏོག
མེ་ཁ་གསོ་བའི་ང་ཡི་རྡོ་བ་རྣམས
འཁྱག་ཤི་ཐེབས་པའི་སའི་གོ་ལའི་མཛེས་པ
འཚོ་གནས་ཀྱི་བག་ཏུ་སྨྲ་བ་མེད་པར་ལུས
སྙན་ངག་པ་ནི་ངུ་ཤོར་ཡོང་སྟེ
སྦྲིད་ནད་ཀྱིས་བཟུང་བའི་འཁྱག་པའི་མི
ཕ་རོལ་ཏུ་སྐྱོ་བ་ཡིན་པའི་དོར་མ
སྤྲིན་པ་རྣམས་ཀྱི་གསེབ་ཏུ་རང་ཉིད་ཀྱི་གདོང་པ་བརྫུས
ཞིག་ནས་འགྲོ་བའི་སྙན་ངག་ནི
དཀར་ནག་གི་གསེང་དུ་འཆི་སོང་བའི་ཤོག་ལྷེབ་སྟེ
རང་གི་སྡིག་པ་ནི་ཆུ་ཟོ་གང་བའི་གྱང་སྟོང
ཤིན་ཏུ་བུད་མེད་ལྟ་བའི་རྙེད་པ
ཁྱོད་ཀྱི་ལོགས་སུ་ང་ཡི་པར་མིག་དག་ནི
གྲིབ་མའི་ནང་དུ་སྤྲོ་གར་འཁྲབ་པའི་ཞིག་པ་སྟེ
སོང་བའི་མཇུག་ཏུ་ནད་པ་ཡིན་པའི
སྙན་ངག་པ་རྣམས་ཀྱི་མིག་མཐོང
དུས་ཚོད་དུ་འཇའ་ཚོན་བྱུགས་པའི་སྙན་ངག་འདུག
མཐོང་བའི་མིག་ཏུ
བྱ་དངོས་རྣམས་ཞིག་པའི་སྡུག་པ
ཆུའི་ནང་དུ་སྣང་བའི་ལག་པ
མི་རྟག་པ་མཐོང་བའི་མིག་ཏུ
རྡོའི་ཐོག་ཏུ་བྲུས་པའི་ཚོན
འོན་ལྐུགས་སུ་གྱུར་བའི་ཟླ་བོའི་གྲུ་ཟོ
འདམ་དུ་མེ་ཏོག་འཚོ་བའི་བྱེ་ཐང
ནམ་མཁའ་ནི་གཡའ་དག་པའི་ཤི་བོའི་གདོང་འབག
ཆག་གྲུམ་གྱི་ས་ཁྲ་ཡིན་པའི
ཤིན་ཏུ་སྟོང་བ་སྣང་བའི་མིའི་ཁེར་ཧྲེང
བྱེ་མའི་པང་དུ་ས་འོག་གི་མལ་ཁྲི་བཟུང
མིག་ཏུ་འོད་མཆེད
གྲང་བའི་འོད་ཀྱི་མི་དེ་ཚོ
སླར་སྐྱེ་བའི་དཔྱིད་ཀའི་ཚེ་སྲོག
དུས་ཚོད་ཀྱི་ནང་དུ་རང་ཉིད་ཀྱི་སྐྱོ་བ་ཤོར
ས་རྡུལ་དུ་སྐྱེ་བའི་ཁྱོད་ཀྱི་བུད་མེད
མེ་ལོང་ཡིན་པའི་སྣོད་དུ་འཁྱག་པར་གྱུར
མིག་ནི་སྡིག་པ་ཀུན་གྱི་མཛེས་པ་སྟེ
བུ་སྣོད་དུ་ཁྱོད་ཀྱི་སྐྱེ་བ་གཞུག་མའི་སྡུག་བསྔལ་མཐོང
ཤིང་དུམ་རེ་རེའི་ཟླ་བའི་གདོང་པ
ཁྱོད་ཀྱི་སྟོན་ཀ་ནི་དུས་ཚོད་ཀྱི་མཐའ་མའི་མྱོང་བ
མུན་པའི་ཁང་དུ་ང་ནི
སྤྲིན་པ་ཁེར་བགྲོད་ཀྱི་ཁེར་རྐྱང་དེ་ཡིན
ཤི་སོང་བའི་སྡོམ།
གཙང་བོའི་འོད་ཏུ་བརྐོས་པའི་ཟླ་བ
གྲིབ་མ་ཡིན་པའི་མེ་ལོང་དུ་ནར་སོན་བའི
རླུང་གིས་ཁུར་བའི་བྱེ་རྡུལ་དུ
ཤི་སོང་བའི་ཁྱོད་ཀྱི་དུས་ཚོད་མཐོང་ངམ
མི་ནི་མཐོང་བ་མེད་པའི་ཕྱི་མི་ཙམ
རྔམས་འཐུག་པའི་ཁྱོད་ཀྱི་མཛེས་སྡུག་གི་ཚེ་སྲོག
དཔལ་གྱིས་ཕྱུག་པའི་ངའི་མིག་ཏུ
སྟོན་ཀ་བཞིན་དུ་ཡང་བའི་རླུང་བུ་འཇམ་པོ
མུན་པའི་ནང་དུ་ཤི་བོ་ལ་རུང་བའི་སྡོམ
རང་ཉིད་ཀྱི་སྐྱེ་བ་སྔོན་མའི་གྱང་ཐོ
འགུལ་གྱི་བའི་ཁྱོད་ཀྱི་རྒྱུ་འབྲས
འཆི་བ་མེད་པའི་འཚོ་གནས་ཀྱི་ལྗོན་པ
བྱེ་ཕྲག་བདུན་གྱི་དུད་དུ་ཁུར་བའི་ཡལ་གའི་དཔྱིད་དཔལ
སྒེའུ་ཁུང་དུ་མུན་པ་ཡིན་པའི་ཕྱི་རོལ་བཀབ
གློག་སྒྲོན་དུ་ང་ནི་སྐྱོ་བ་བསལ་བའི་གདོང་པ་ཞིག
མཐའ་མེད་པའི་ད་ལྟ་བའི་འགྲུལ་བཞུད་དུ་བསྐྱོད
རབ་ཏུ་བཀྲ་བའི་དཔྱིད་རླུང
སྡོམ་གྱིས་རང་ཉིད་ཀྱི་ཁྱིམ་དུ་འབུ་མེ་འཁྱེར་ལ་སོ་བཏབ
ཁྲག་ཏུ་བརྫུས་བའི་མགུལ་རྒྱན་རྣམས
ཞོགས་པ་ཞིག་གི་ཉི་ཟེར་དུ་ཤར་བའི་ལག་ནང་གི་མི་ཚེ
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།