ཉི་འོད་ཀྱིས་བཀྲུས་པའི་ཆུང་མ།(ཞར་བཀོད་གསུམ་ཡོད)

ED7139DA-FCCE-457E-B76C-A939ED019142-5311-0000048B3DE2360A_tmp.JPG

རྩོམ་མཁན་ངོ་སྤྲོད་བསྡུས་པ།
དངོས་མིང་ལ་བསོད་ནམས་ཚེ་དབང་དང་།སྤུར་མིང་དུ་གྱད་མི་འབོད། སྡེ་དགེ་རྫོང་མཁར་མདོའི་ཡུལ་ཚོའི་ཨ་རན་སྡེ་བའི་མི།གཟན་ཤམ་དམར་པོའི་སྡེ་ཞིག་ཡིན་པས་ནང་ཆོས་ལ་སློབ་སྦྱོང་བྱེད་ཞོར་སྙན་ངག་ཐར་ཐོར་རེ་འབྲི་བཞིན་ཡོད།

                                      __གླུ་དབྱངས་Diamondsཉན་ཞོར་བྲིས།

མི་ཚེ་ནི་ཐུང་ཐུང་ཞིག་ཡིན་ནའང
འཛུབ་མོ་ཁ་རུ་བཅུག་ནས་སྡོད་མི་དགོས
ང་ནི་ཉི་མའི་མེ་ཏོག་ཅིག་ཡིན་པས
སྲོག་གི་རྒྱུ་སྐུད་མ་ཆད་ཀྱི་བར་དུ་ངས་ཆུང་མ་ཞིག་འཚོལ་མི་དགོས

མུན་རུབ་སོང་ནའང་ངས་ཞོགས་པར་ཞིག་ཤར་བར་སྒུག
ཞོགས་པར་ཉི་འོད་ལས་ཀྱང་མཛེས་པའི་ཆུང་མ་ཞིག་འཚོལ་དགོས

ཞོགས་པར   རྒྱང་རིང་ཞིག་ན་འགྲོ་དགོས་པ་ཤེས་ཀྱིན
ཆང་དང་ཐ་མག་དག་ཁུར་བཞིན་ལམ་ལ་ཆས
འགྲོ    ལམ་ནི་ཟད་རྒྱུ་མེད་པས་ད་རུང་འགྲོ་དགོས་བྱུང་
སྐབས་དེར་ས་གཞི་ལ་ནོར་ནག་མང་ཞིང
རྒྱང་རིང་ནས་ཡོང་བཞིན་པའི་ང་རང་འབྲོག་ཐང་དུ་སླེབས

ཀྭ་ཡེ   འབྲོག་ཐང་འདི་རྒྱ་ཆུང་ནའང
ང་དང་ན་མཉམ་གྱི་བུ་མོ་ཞིག་ད་རུང་ཁེར་རྐྱང་ངང་ལུས་ཡོད་ཨང

ནམ་ཞིག་ངས་ཆུང་མ་ལེན་ངེས་པའི་བུ་མོ་དེའི་ལ་གཞས་ནང་ལ
"རོགས་ཆུང་ལོ་ཐང་གི་མི་རེད
མཐུན་སོང་ན་མཆིན་པའི་ཤ་རེད་" ཟེར་བཞིན
འུ་གཉིས་ཡང་ཆ་མེད་ནས་ཆ་ཡོད་ཞིག་ལ་འགྱུར་འགྲོ་ཨང

                             2017/9/16

                ལྷ་ཚོགས་ནང་གི་ཨ་ཅེ།

སྐྱོ་ཉམས་ཤིག་གིས་ང་རང་གཏན་དུ་གདུང་བར་གྱུར་ཚེ
ལྷ་ཚོགས་ཀྱི་ལག་པས་ངའི་མཆི་མར་བྱི་དོར་བྱ་འོང་ཞིང་
དེའི་དུས་སུ་མྱི་ཚོགས་ཀྱི་ངག་སྒོ་ལས་ཁྱེད་ཉིད་གླེང་འོང་

ཨ་ཅེ།

ཉིན་མཚན་ལ་དབྱེ་བ་མེད་པར་ཁྱེད་ཉིད་དྲན་ཞིང་
ཞགས་དང་ཉི་མ་ནི་འུར་བཞིན་འགྲོ་ལ་སྐྱེན
ཆེས་མཐའ་མཇུག་གི་མི་ཚེ་གང་དུ་བསྐྱལ་དགོས་པ་བརྡ་གཏོང་གིན་འདུག

ཨ་ཅེ།ཨ་ཅེ།

ཁྱེད་ཀྱི་བྱིས་པའི་དུས་ཀྱི་མཚན་མོ་དག་དྲན་བྱུང་ངམ
བྱིས་དུས་ཀྱི་མཚན་མོར་ཆང་ལ་བྲོ་བ་མྱོང་མི་ཤེས་ཤིང་
ད་རུང་ཁྱེད་ཀྱིས་ང་ལ་འཐུང་དུ་བཅུག་མྱོང་ལ
ཁྱེད་ཀྱི་པང་ན་ཉལ་བཞིན་རྨི་ལམ་ཡང་ཤིན་ཏུ་ཡག་པ་ཞིག་སྦྱིན་མྱོང་ཡོད

ཨ་ཅེ།

དེ་ལྟར་བཤད་ན་དེའང་སེམས་ལ་མནར་གཅོད་གཏོང་བྱེད་ཤིག་ལས་མ་འདས

ཨ་ཅེ།ཨ་ཅེ།

ང་ལ་ཅི་ནས་ཀྱང་ཁ་པར་གཏོང་བར་ཞུ
འཕྲིན་ཕྲིན་ནང་དུ་པར་ཞིག་ཀྱང་སྐུར་བར་ཞུ

ཨ་ཅེ།

ཁྱོད་ནི་ཟིན་མ་ཚར་བའི་ལྷ་ཚོགས་ཤིག་ཡིན
ཁྱོད་ནི་འདོན་མ་ཚར་བའི་གླེམ་བམ་འོད་པོ་ཆེ་དེ་ཡིན

ཨ་ཅེ།ཨ་ཅེ།

ཨ་ཅེ།  
་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་
                      2017/9/5

                 #"ཟླ་བ་དེ་དག"

                          ------ནད་པ་ཚང་གི་གླུ་དབྱངས་<<ཟླ་བ་དེ་དག་>>ལ་ཉན་ཏེ་བྲིས།

ལུས་པོ་མུན་པའི་ནང་དུ་ཚུད
ཟླ་བ་ནི་སྤྲིན་པའི་གསེབ་ཏུ་ཡིབ
སྙིང་ཉེ   ཁྱེད་གང་དུ་ཡོད

ང་རང   ད་དུང་མུན་པ་ལས་ཐར་མེད
ཟླ་བས   སྤྲིན་པ་ལ་ཞེན་ཆགས་ཀྱི་འོ་བྱེད་བཞིན་འདུག
ད་ནི་ངའི་གྲིབ་གཟུགས་ནག་པོ་གྱུར་སོང
སུམ་མདོ་འདི་རུ
ལྷིང་འཇགས་དང་ཁེར་རྐྱང་ངང་འདུག་དགོས་བྱུང

སྙིང་ཉེ   ཁྱོས་ཨེ་ཤེས
ང་ནི་ཁེར་རྐྱང་དང་ལྷིང་འཇགས་ལ་སྐྲག

ཟླ་བ     "སྐུད་པ་ཆད་པའི་ཤོག་བྱ་བཞིན"
ཕྱིར་འོང་རྩིས་གཏན་ནས་བྱེད་བཞིན་མི་འདུག

སྙིང་ཉེ  ཟླ་བ
ནམ་མཁའ་ཐེད་པོ་འདིའི་གན་ནས
དཀར་འོད་འོད་ཀྱི་ཕྱིར་མིག་ཞིག
ངའི་མདུན་དུ་ཅི་ནས་ཀྱང་འཇོགས་རོགས་ཞུ

                  2017/9/15

              #ལོ་ན་ཆུང་དུས་སུ་ང་ལ་དབང་བ་ཞིག་ཡོད།

ང་རང་ལོ་ན་ཤིན་ཏུ་ཕྲ་དུས
སློབ་གྲོགས་བུ་མོ་ཞིག་དང་ཁ་བརྡ་གློད་མྱོང
མོས་ང་ལ་ལག་པས་རེག་བཞིན
"གལ་ཏེ་ཁྱོད་ནི་ནམ་མཁའ་འདི་ཡིན་ཚེ
ང་ནི་དེའི་བར་སྟོང་ནས་རྒྱུ་བའི་སྤྲིན་པ་དེ་ཡིན་འདོད"ཟེར
ང་ཡིས་ལག་པས་མོའི་མཁུར་ཚོས་ལ་གཅེས་སྤྲས་ཞིག་བཟོས་རྗེས
"གལ་ཏེ་ཁྱོད་ནི་ཆུ་ནང་གི་ཉ་མོ་གསེར་འདྲ་མ་དེ་ཡིན་ན
ང་ནི་ཁྱོད་ཀྱི་ཡོ་བྱད་ཞིག་ཏུ་གྱུར་པའི་རྒྱ་མཚོ་ཞིག་ཡིན་འདོད"

ཡང་སྐབས་ལན་རེར
གྲོང་ཁྱེར་འདི་ཆ་རྒྱུས་རབ་ཏུ་ཡོད་པའི་ཁྱོད་ཀྱིས
ངོ་གདོང་དེ་དག་ཤིན་ཏུ་གཤིས་འཇམ་གྱི་ཚུལ་དུ
མེ་ཏོག་གང་རུང་ཞིག་ངའི་ལག་ཏུ་བཞག་མྱོང་

དུས་དེར
ངེད་གཉིས་ཀྱི་བར་དུ་ཁ་ལྕེའི་ཟྭ་ཞིག་ཡོད་ལ
ཟྭ་ལ་གསང་ཨང་ཞིག་ཀྱང་སྒྲོ་བཏགས་བྱས་ཡོད
1314520ཁྱོད་ནི་ངེད་གཉིས་ལ་མཚོན་ན་ཤིན་ཏུ་འདང་ཆེན་ཞིག་ཡིན་ལ
ངེད་གཉིས་ཀྱི་བརྩེ་དུང་གི་བརྗོད་བྱ་ཡང་ཁྱོད་ལ་སྐེམ་མྱོང་ཡོད

                     2017/8/28

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་འོད་ཀྱིས་བཀྲུས་པའི་ཆུང་མ།(ཞར་བཀོད་གསུམ་ཡོད)

2017-09-23 གྱད་མི།(སྡེ་དགེ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།