མཚན་ལ་ཁ་བ་འབབ་དུས།
མཚན་ལ་ཁ་བ་འབབ་དུས།
ང་རང་ཁང་ཁྱིམ་དང་སྣོད་ཅ་ལག
རང་གི་ལུས་པོ་བཅས་པའི་མུན་པའི་ཁྲོད་དུ་ཡོད།
ང་ཡི་རྣམ་ཤེས།
ཁྱོད་ཀྱིས་བཙགས་པའི་ནས་ཆང་ཧུབ་གང་།
མུན་པའི་ངག་ནས་བབས་ཏེ་འཆི་བའི་ཕར་ལ་བཞུར།
མཚན་ལ་ཁ་བ་འབབ་དུས།
ང་རང་ལོག་མའི་ཞིང་ཁ་ན་ཡོད།
གནའ་རྫས་ལྟ་བུའི་ཨ་ཀྲད་ཐེད་པོ་དེའང་བོར་ཟིན།
ང་ཡི་སེམས་བྱུང་གི་སྤོ་ཏོ་ཁ་བས་གཡོགས......
མཚན་ལ་ཁ་བ་འབབ་དུས།
ང་རང་ལོག་མའི་ཞིང་ཁ་ན་ཡོད།
དྲན་པའི་ས་ཞིང་བརླན་གཤེར་གྱིས་ཟིན་པའི་ཁྲོད་དུ།
ང་ནི་ཁྱོད་ཀྱི་རྨི་ལམ་གྱི་མཁའ་དབུགས་ལས་ཡལ་བའི།
བརླན་གཤེར་གྱི་ཚོར་བ་ཞིག
༢༠༡༧ ༡༠ ༡༠ ཉིན།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།