མ་ཤི་བའི་སྔ་རོལ་ཏུ།(ཞར་བཀོད་གསུམ་ཡོད)

ཀླུ་པད་བཟང་།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-11-03

སྐྱེ་འགྲོ་མཐའ་དག་གི་ཕྱིར་དུ
ངས་རང་ཉིད་ཀྱི་ཉི་མ་དང་ཟླ་བའང
ཕར་ཕྱིན་དྲུག་གི་སྦྱོར་ཀློག་ལ་བརྗེས་ནས
ཐེ་ཚོམ་མེད་པར་འདོད་ཡོན་ལྔ་པོར་རྒྱབ་ཀྱིས་ཕྱོགས་ཤིང
ཟག་བཅས་བདེ་སྦྱིན་གྱི་བིམ་པའི་མཆུ་སྒྲོས་དང་མཚན་མ་སོགས་ཀྱང
སེར་སྣ་དང་ཕངས་སེམས་མེད་པར་ཀེང་རུས་སུ་སྒོམ་དགོས

བླ་མའི་གདམས་པ་ལས་རྙེད་པའི་ཀེང་རུས་ཆ་ཚང་བ་དེ
ཁ་སང་ཁྲོམ་སྐོར་ནས་མཐོང་བའི་བུ་མོ་མཛེས་མ་གན་རེད་བཞག
ཁོ་བོ་ཅག་འཇའ་ཚོན་གྱིས་བསླས་པའི་སྐུད་སྣེ་ལ་འཐམ་སྟེ
རང་ཉིད་ཀྱི་ཕོ་སྒོ་ཇི་འདྲའི་ཞན་ན་ཡང
ཚེར་མའི་ཚལ་དུ་གོམ་པ་ཨུ་ཚུགས་ཀྱིས་རྒྱག་གི་འདུག

སྨོན་ལམ་རྣམ་པར་དག་པ་དེའི་དབང་གིས
རེ་ཆད་ཀྱི་ནམ་མཁའ་སྟོང་པར་ལུས་པའམ་མ་ལུས་རུང
གསེར་དངུལ་གྱི་དྲན་རྟེན་རྩྭ་སྐྱ་རླུང་ལ་སྐུར་བ་བཞིན་དོར་ཏེ
ངས་རང་ཉིད་ཀྱི་ཞེན་པ་རུ་ཤོང་བའི་བརྩེ་བ་དང་བཟོད་སྒོམ་གྱིས
དགེ་སྡིག་དཀར་ནག་གི་སྐྱེ་སྒོ་གཅོད་པར་ལམ་ལ་ཆས་ཀི་ཡོད།

                         2017. 10. 31

                                    མིང་མེད།

འཇམ་པའི་ལུས་ཀྱིས
རུས་པ་སྐམ་པོ་དག་འདྲུད་ཡོང
དཀར་ཡོལ་ཆུང་ཆུང་ཞིག
ལག་ཟུང་ཁྲ་མོས་ཡར་བཏེགས་ཏེ
ཚེ་སྲོག་གི་མེ་ཏོག་ལ་ཆགས་སྡང་གི་འདབ་ལོ་རྒྱས་སུ་བཅུག

དུས་ཚོད་སྐར་ཆ་རེ་རེར
ལྷོད་ཤིག་ཤིག་ངང
སྣང་བ་འཁྲལ་འཁྲུལ་གྱིས་ཟིན་པའི
རྒྱང་རིང་གི་མཛེས་པ་དག་འཇིག་སླ་ན་ཡང
སྐྱོ་གདུང་ཁོ་ནས་ངོ་རྒོལ་བྱེད་པར་རྟགས་མཚན་གང་ཡང་མི་འདུག

བསྔོ་བ་སྨོན་ལམ་གྱི་ཀོ་གྲུ་ལ་བརྟེན་ནས
ཡིད་ཆེས་ཀྱིས་བགྲོད་པར་བྲེལ་ཚབས་ཆེ་ན་ཡང
མངལ་ནས་ཤོར་བ་དང  རྒས་ནས་ཕེབས་པ་དག
རྟ་ཕོའི་བང་ལ་འགྲན་བཞིན་ཕྱིར་ལོག་ཡོང་དུས་སུ
ང་ཡི་ད་ལྟ་བ་ཁོ་ན་སྙིང་པོ་སྟོང་དང་ལྡན་པའོ།།

                            2017. 10. 25

                                   དཔེ་ཞིག་འཇོག་ན།

ཚ་བེར་བེར་གྱི་ཞེ་སྡང་སྐད་ཅིག་མས
ནར་སོན་པའི་ང་ཡི་བཟོད་སྒོམ་དང་བརྩེ་ཞེན
དུར་ཁྲོད་ཀྱི་རྡོ་བ་ལེབ་མོ་ཞིག་ཏུ་བསྒྱུར་ནས
སྲ་མཁྲེགས་ཀྱིས་ཁྱོད་ཀྱི་ལག་ཟུང་སྒུལ་བར་བྱེད

ཁྱོད་ཀྱི་ལྦུ་ཆང་གི་སྐྱུར་དྲིས
རྒྱང་རིང་གི་གནས་ལ་ལག་པ་བཟེད་དེ
ང་ཡི་གངས་རི་གསེར་ཏོག་འདྲ་བ་དེ་སྦང་དུས
ང་རང་མི་ལོ་སྟོང་གི་ཡར་སྔོན་དུ་ཕྱིར་ལོག་བཞག
མདུན་ན་ཧམ་པས་བཙིར་བའི་བྱེ་ཐང་ཟབ་མོ་ཞིག

མི་རྣམས་ཀྱིས་ཐག་པ་ནར་ནར་ཞིག་དྲུད་འོངས་ནས
དག་གཙང་གི་རྨི་ལམ་ཕོན་པོར་བསྡམས་དུས
ང་ཡི་ལག་ཏུ་ཐ་མག་འཚིག་རོ་འགའ་ལས
ལུག་ཁྱུ་སྲུང་བྱེད་ཀྱི་འུར་ཆ་མི་འདུག་ཅིང
ཐ་ན་མགྲིན་པ་ཡང་གཞན་ལ་གཡར་ཚར་འདུག

རྩ་རྒྱུས་ཀྱི་མདུད་པ་ཟབ་ས་ནས
སྣང་བ་བན་བུན་ཞིག་གིས་ཟ་ཕྲུག་སློང་གིན
གྲྭ་ཤག་གི་ཉིན་སྲིབ་བར་དུ་ཕྲ་མ་བཅུག
མཆོད་མེ་གཅིག་པུ་རླུང་ཁ་ན་ཨུ་ཚུགས་ཀྱིས་འབར་དུས
ངས་ཕོ་བྲང་ནང་གི་བཙུན་མོ་ཚོའི་གླུ་སྐད་འཁྱག་པ་དག་ཐོས་ཡོང

མི་སྨྲ་བའི་བརྟུལ་ཞུགས་རྡོ་བར་བརྐོས་ནས
སྣང་སྲིད་མཐའ་དག་བཟོད་སྒོམ་བག་ཡངས་ལ་བསྡུས་ཀྱང
ཁྱོད་ཀྱིས་ང་ཡི་སྐ་རགས་དུམ་བུ་དུམ་བུར་གཏུབས་ནས
ང་རང་གཅེར་རྗེན་དུ་བཤམ་སྟོན་བྱས་སོང་།

                         2017. 10. 15

                                    ལག་པའི་ཕྱི་ནང་།

ང་ཡི་གཟན་སྣེ་སྐྱི་སེར་རླུང་གིས་ལྷབ་ཙམ་ལྷབ་ཙམ་བྱེད
ཚེ་རབས་དུ་མ་ནས་འགྲོགས་འོངས་པའི་གོམས་པ་ལས་ཀྱི་ཕྱག་རྒྱ
སྣང་བ་བན་བུན་ཞིག་གིས་རང་སེམས་བྱེ་མ་ལྟར་སྲུབ་ཀྱང
རྨི་ལམ་གྱི་སྡིག་སྒྲིབ་མཐའ་དག་ལྦུ་བ་སོབ་སོབ

ཕྱི་དྲོ་ཞིག་ལ་སྒྱུ་མའི་བརླ་བར་ནས་འགྲེང་སྟེ
མི་ཚེ་གཅིག་གི་སྒོ་དང་སྒེའུ་ཁུང་རེ་རེ་ལ་ཅེར་དུས
མདུན་གྱི་གངས་རི་མེ་ལོང་འདྲ་བ་དེའི་སོ་སྲུང་བས
གབ་ཚིག་ལྗིད་ཏིག་ཏིག་ཅིག་ང་ཡི་རུམ་དུ་བཅུག་བཞག

གྲིབ་མ་མང་པོ་ཞིག་ང་ཚོས་མཉམ་དུ་བསེད་རྗེས
ངོ་གདོང་མི་འདྲ་བ་དག་གིས་ཆུང་མ་དང་བུ་ཕྲུག་ཁྲིད་དེ
ང་ཡི་གངས་རི་དང་མར་མེ་རླུང་ཁ་ན་བསྐྱུར་དུས
རྨི་ལམ་འཁྲལ་འཁྲུལ་ཞིག་གིས་ང་རང་མཚམས་མེད་པར་དངངས

མེ་ཁ་ཆང་གིས་བསྲོས་ནས་ལམ་ལ་ཆས་དུས
མི་རྟག་པ་མཚོན་བྱེད་ཀྱི་མེ་ཏོག་གློ་ཁ་ཞིག
གཏམ་རྒྱུད་ཀྱི་ཉིན་སྲིབ་གཉིས་ནས
རྣམ་དཔྱོད་རབ་རིབ་ཅིག་གི་ལྟེ་བར་སིམས་བཞག

ས་རུབ་པའི་སྐད་ཅིག་མ་དེར
མི་རྣམས་རང་རང་གི་མལ་དུ་འཛུལ་བར་འཚང་ག་ཤིག་ཤིག
སྐྱེ་བ་སྔོན་མ་ནས་ང་ཡི་ལག་ཏུ་ཐོགས་པའི་ས་བོན་དགའ
ནམ་ལང་ཁའི་ཟིལ་བར་ཕྱོགས་བཞིན་ཁྱོད་དང་ཉེ་བར་བཅར

སྣང་དོགས་ཅི་ཡང་མེད་དུས་སུ
ཁྱོད་ཀྱིས་ངའི་ལག་པ་ནས་དམ་པོར་འཇུས་འོངས་ཏེ
རང་ཉིད་སྣང་བྱེད་ཀྱི་མེ་ཏོག་དཀར་དམར་མང་པོ
ང་ཡི་གཡས་གཡོན་ནས་སྐྱེ་ཞིང་སྐེམ་པར་བྱེད།

                           2017. 9. 24

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་ཤི་བའི་སྔ་རོལ་ཏུ།(ཞར་བཀོད་གསུམ་ཡོད)

2017-11-03 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།