ང་རང་གི་སྙིང་དུ་འཐིབས་པའི་མུན་ནག་ཏུ་ཡོད།
ང་ཡིས་རང་ཡུལ་བརྗེད་པའི་མིག་ཟུང་གིས
ངོ་མི་ཤེས་པའི་མི་དག་ལ་བལྟས་མྱོང
ང་ཡིས་མདོག་ཡལ་བའི་ལག་པས
ཆོ་མེད་པའི་འཚོ་བར་རེག་མྱོང
དུས་ཚོད་ཀྱི་སེང་གེ་ལོང་བ་དེས
ངའི་ལུས་སྟེང་གི་རི་དྭགས་རྣམས་རེ་རེ་བཞིན་བསད
རྗེས་སུ་ང་རང་གི་སྲུབ་ཀའི་ན་བུན་ཁྲོད་དུ་ཡིབ་ནས་བསྡད
དེ་ཡི་ནང་གི་མེ་ལོང་ལས
འོད་ཟེར་འཕྲོ་བའི་ངོ་གདོང་གྲངས་མེད་པ་ཞིག་ཚུར་ཚུར་ཕྱོགས་ཀྱང
སེམས་ནང་གི་མེ་ལྕེ་འཁྱགས་པར་གྱུར་འདུག
༢༠༡༧་༨་༡༣།
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།