ལམ།(ཞར་བཀོད་གསུམ་ཡོད)

 
སྔོན་ཆད
བཞོན་པ་ཐར་ས་ཚང་མ་ལམ་དུ་བྱས་ཆོག

དེང་སང
ལམ་ནང་དུ་མ་སོང་ན
ཁྱིམ་མཚེས་ཚང་ལའང་མི་ཐར

ཐ་ན
རྨི་ལམ་ཡང
ལམ་ནང་དུ་གཏང་དགོས

ནམ་ཞིག
ལམ་གྱིས་ང་ཚོ་དྲུད་དེ སླར་ཡང
རང་རང་སོ་སོའི་མའི་མངལ་དུ་ཕྱིར་བསྐྱལ་སྲིད་པར་བསམ་ན
ཆགས་སྡང་གཉིས་ཀ་རང་སར་ཞི་འགྲོ།

               2017 11 1

              ཀློའུ་ཡི་བརྩེ་དུང་ཡ་མ་བརླ།

བརྩེ་དུང་ནི་དིང་མ་ཧམ་སེམས་ཤིག་རེད
ངས་འུ་ཅག་གི་སློབ་གྲྭའི་གསར་བུ་མང་བོའི་གྲས་ནས
ཁྱེད་རང་། ང་གཅིག་པུར་ཐོབ་ན་སྙམ

བརྩེ་དུང་ནི་རྗེས་སུ་རྨི་ལམ་ཞིག་རེད
ངས་འུ་གཉིས་ཀྱི་གཉེན་སྟོན་གྱི་སྟེང་དུ
ཁྱེད་ཀྱིས་སྩོག་པ་གཟུགས་ཁ་མ་ཞིག་གྱོན་ཡོད་པ་རྨིས

བརྩེ་དུང་ནི་ཐ་མར་བརྩེ་དུང་རང་རེད
ངས་ཁྱེད་དང་བཟའ་མི་གང་བོ
འཇིག་རྟེན་ན་ད་དུང་བདེ་བར་གནས་ཡོད་པ་གོ་ན
དགའ་རྒྱུ་ཞིག

               2017 12 13
 

             ང་ཡི་ཆུང་འདྲིས།

ཀླུ་ཆུ་སྔར་ནས་བཞུར་ཟིན་མོད
ངས་གནའ་མི་ཚོའི་ཁ་རྗེས་དེད་དེ
དེ་རིང་སོ་མ་རྫ་གསེང་ནས་བཞུར་འོང་བ་འདི་ལའང
ཀླུ་ཆུ། ཀླུ་ཆུ་ཞེས་འབོད་ཀྱིན་ཡོད
ཀླུ་ཆུ་བརྒྱུད་དེ་གཙོས་ལ་འགྲོ་ཐེངས་རེའམ
ཀླུ་ཆུ་ནས་ཞག་འདུག་བྱེད་ཐེངས་རེ་མིན་རུང
ངས་ཁྱེད་ཀྱི་རྣམ་དག་ལ་སེམས་པ་བསྲོ་ཞོར
ཆུང་དུས་ཀྱི་རྨི་ལམ་མིག་ཆུས་བརླན་མྱོང་མོད
དེང་སང་ཁྱེད་རང་འགྱུར་འདུག་པ་མཐོང་དུས
ད་གཟོད
ང་ཡི་སེམས་པ་བདེ་ལ་བབས་སོང་།

                2017 12 15
           
               ངས་ཁྱེད་ཀྱི་ཆེད་དུ་མིག་ཆུ་མ་བཏང་།

ང་རང་གཉིད་ལས་སད་རྗེས
མེ་ལོང་ནང་གི་རང་ཉིད་ལ་ཅེར་ཏེ་ཡུན་རིང་ལུས
རྨི་ལམ་ནང་གི
ལ་ཁའི་རྫི་གླུ་དང་སླས་འདབས་ཀྱི་སྙིང་གཏམ་དག་ཀྱང
ཡར་བརྔུབས་རྗེས་ཕྱིར་གཏང་དགོས་པའི་ཁ་རླངས་ནང་དུ་ཡལ
བཀྲུས་ན་དག་ཏུ་མེད་པའི་དཔྲལ་བའི་གཉེར་མ་འདི་དག་གིས་གཟོད
ཁྱེད་རང་སོང་སྟེ་ཡུན་རིང་འགོར་སོང་ཟེར
ཨར་འདམ་གྱི་སྟེང་ནས་མེ་ཏོག་ཅིག་སྐྱེ་མི་སྲིད་པས
ངས་ཁྱེད་ཀྱི་ཆེད་དུ་མིག་ཆུ་མ་བཏང་།

                     2017 12 15

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ།(ཞར་བཀོད་གསུམ་ཡོད)

2017-12-22 ཀློའུ།(རྨ་ཆུ) ཀློག་གྲངས། མཆན ཡོད།

 
སྔོན་ཆད
བཞོན་པ་ཐར་ས་ཚང་མ་ལམ་དུ་བྱས་ཆོག

དེང་སང
ལམ་ནང་དུ་མ་སོང་ན
ཁྱིམ་མཚེས་ཚང་ལའང་མི་ཐར

ཐ་ན
རྨི་ལམ་ཡང
ལམ་ནང་དུ་གཏང་དགོས

ནམ་ཞིག
ལམ་གྱིས་ང་ཚོ་དྲུད་དེ སླར་ཡང
རང་རང་སོ་སོའི་མའི་མངལ་དུ་ཕྱིར་བསྐྱལ་སྲིད་པར་བསམ་ན
ཆགས་སྡང་གཉིས་ཀ་རང་སར་ཞི་འགྲོ།

               2017 11 1

              ཀློའུ་ཡི་བརྩེ་དུང་ཡ་མ་བརླ།

བརྩེ་དུང་ནི་དིང་མ་ཧམ་སེམས་ཤིག་རེད
ངས་འུ་ཅག་གི་སློབ་གྲྭའི་གསར་བུ་མང་བོའི་གྲས་ནས
ཁྱེད་རང་། ང་གཅིག་པུར་ཐོབ་ན་སྙམ

བརྩེ་དུང་ནི་རྗེས་སུ་རྨི་ལམ་ཞིག་རེད
ངས་འུ་གཉིས་ཀྱི་གཉེན་སྟོན་གྱི་སྟེང་དུ
ཁྱེད་ཀྱིས་སྩོག་པ་གཟུགས་ཁ་མ་ཞིག་གྱོན་ཡོད་པ་རྨིས

བརྩེ་དུང་ནི་ཐ་མར་བརྩེ་དུང་རང་རེད
ངས་ཁྱེད་དང་བཟའ་མི་གང་བོ
འཇིག་རྟེན་ན་ད་དུང་བདེ་བར་གནས་ཡོད་པ་གོ་ན
དགའ་རྒྱུ་ཞིག

               2017 12 13
 

             ང་ཡི་ཆུང་འདྲིས།

ཀླུ་ཆུ་སྔར་ནས་བཞུར་ཟིན་མོད
ངས་གནའ་མི་ཚོའི་ཁ་རྗེས་དེད་དེ
དེ་རིང་སོ་མ་རྫ་གསེང་ནས་བཞུར་འོང་བ་འདི་ལའང
ཀླུ་ཆུ། ཀླུ་ཆུ་ཞེས་འབོད་ཀྱིན་ཡོད
ཀླུ་ཆུ་བརྒྱུད་དེ་གཙོས་ལ་འགྲོ་ཐེངས་རེའམ
ཀླུ་ཆུ་ནས་ཞག་འདུག་བྱེད་ཐེངས་རེ་མིན་རུང
ངས་ཁྱེད་ཀྱི་རྣམ་དག་ལ་སེམས་པ་བསྲོ་ཞོར
ཆུང་དུས་ཀྱི་རྨི་ལམ་མིག་ཆུས་བརླན་མྱོང་མོད
དེང་སང་ཁྱེད་རང་འགྱུར་འདུག་པ་མཐོང་དུས
ད་གཟོད
ང་ཡི་སེམས་པ་བདེ་ལ་བབས་སོང་།

                2017 12 15
           
               ངས་ཁྱེད་ཀྱི་ཆེད་དུ་མིག་ཆུ་མ་བཏང་།

ང་རང་གཉིད་ལས་སད་རྗེས
མེ་ལོང་ནང་གི་རང་ཉིད་ལ་ཅེར་ཏེ་ཡུན་རིང་ལུས
རྨི་ལམ་ནང་གི
ལ་ཁའི་རྫི་གླུ་དང་སླས་འདབས་ཀྱི་སྙིང་གཏམ་དག་ཀྱང
ཡར་བརྔུབས་རྗེས་ཕྱིར་གཏང་དགོས་པའི་ཁ་རླངས་ནང་དུ་ཡལ
བཀྲུས་ན་དག་ཏུ་མེད་པའི་དཔྲལ་བའི་གཉེར་མ་འདི་དག་གིས་གཟོད
ཁྱེད་རང་སོང་སྟེ་ཡུན་རིང་འགོར་སོང་ཟེར
ཨར་འདམ་གྱི་སྟེང་ནས་མེ་ཏོག་ཅིག་སྐྱེ་མི་སྲིད་པས
ངས་ཁྱེད་ཀྱི་ཆེད་དུ་མིག་ཆུ་མ་བཏང་།

                     2017 12 15

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།